ཡ་རྫི་རྫོང་གིས་རྨོ་ཞིང་རྒོད་དུ་བསྐྱུར་བར་རྩད་གཅོད་ལས་འགུལ་སྤེལ་བ།

ཟླ1པའི་ཚེས4ཉིན་གྱི་སྔ་དྲོ། ཡ་རྫི་རྫོང་གིས་རྨོ་ཞིང་ས་རྒོད་དུ་བསྐྱུར་བའི་རྩད་གཅོད་ཀྱི་བྱ་བར་བཀོད་སྒྲིག་བྱེད་པའི་གྲོས་ཚོགས་བསྡུས། དེ་ལ་གཙོ་འགན་འཁུར་མཁན་རྫོང་དཔོན། ཡུལ་ཚོ་དང་གྲོང་རྡལ8ཀྱི་མི་དམངས་སྲིད་གཞུང་གི་ཡན་ལག་འགན་ཁུར་བློ་མཐུན། རྫོང་རང་བྱུང་ཐོན་ཁུངས་ཅུའུ། ཞིང་ལས་ཚན་རྩལ་ཅུའུ། ནོར་སྲིད་ཅུའུ་བཅས་ཀྱི་འགན་ཁུར་བློ་མཐུན་མི་སྣ་སོགས་གྲོས་ཚོགས་ལ་ཞུགས་ཡོད། གྲོས་ཚོགས་ལ་རྫོང་ཞིང་ལས་ཚན་རྩལ་ཅུའུ་ཡི་ལཱ་ཁྲིན་ལོའུ་ཡིས་མདོ་འཛིན་བྱས་ཤིང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་མ་ཧོང་ཐའོ་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

གྲོས་ཚོགས་ཀྱིས་རྨོ་ཞིང་ས་རྒོད་དུ་བསྐྱུར་བའི་དག་ཐེར་བྱ་བར་བཀོད་སྒྲིག་བྱས་ཤིང་། རྨོ་ཞིང་ས་རྒོད་དུ་བསྐྱུར་བའི་རྒྱ་ཁྱོན་དང་ས་རྒོད་དུ་བསྐྱུར་བའི་རྒྱུ་རྐྱེན། བསམ་འཆར་བྱེད་ཐབས་སོགས་ཀྱི་ཐད་ལ་བླང་བྱ་གསལ་བོར་བཏོན་ཡོད།

གྲོས་ཚོགས་སྟེང་བསྟན་དོན། སྡེ་བ་རིམ་པས་རྨོ་ཞིང་ས་རྒོད་དུ་བསྐྱུར་བ་བཅོས་སྐྱོང་བྱེད་པ་དང་རྒྱུན་ལྡན་གནས་ཚུལ་འོག་གི་རིམས་ནད་འགོག་སྲུང་དང་དཔྱིད་རྨོད་ཐོན་སྐྱེད་བྱ་བར་གཅིག་གྱུར་འཆར་འགོད་བྱས་ནས། “ཕྱོགས་གཉིས་མཉམ་འཛིན་དང་ཕྱོགས་གཉིས་དམ་འཛིན”མུ་མཐུད་དམ་འཛིན་བྱས དེ་ལ་གཅིག་ནས་ཚད་མཐོན་པོའི་རྨོ་ཞིང་ས་རྒོད་དུ་བསྐྱུར་བའི་བྱ་བའི་གལ་ཆེན་རང་བཞིན་ལ་རྩད་གཅོད་བྱས། གཉིས་ནས་རྨོ་ཞིང་ས་རྒོད་དུ་བསྐྱུར་བའི་གཞི་རྩའི་གནས་ཚུལ་རྩད་གཅོད་བྱས་པ་དང་དུས་ལྟར་ཡུལ་ཚོ་གྲོང་རྡལ་གྱི་ཏང་ཨུ་ལ་ཡར་ཞུ་བྱས། གསུམ་ནས་དྲིལ་སྒྲོག་བྱ་བ་ལེགས་པོར་སྤེལ་བ་དང་དུས་ལྟར་དག་ཐེར་བྱ་བའི་འགན་འཁྲི་བཀོད་སྒྲིག་བྱས། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཚོགས་སོགས་གཞི་རིམ་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ། སྤྱི་ཚོགས་ཅན་གྱི་ཞབས་ཞུ་རྩ་འཛུགས་སྒོས་འབྲུ་རིགས་ལོ་ཏོག་འདེབས་འཛུགས་གཞིར་བཟུང་ནས་རྨོ་ཞིང་ས་རྒོད་དུ་བསྐྱུར་བ་བེད་སྤྱོད་གང་ལེགས་བྱ་དགོས་ཚུལ་བསྟན།

གྲོས་ཚོགས་ཀྱིས་ནན་དུ་བསྟན་དོན། གཅིག་ནས་རྨོ་ཞིང་ས་རྒོད་དུ་བསྐྱུར་བའི་དག་ཐེར་བྱ་བའི་སྔོན་འགྲོར་འཆར་འགོད་བྱས་ཏེ་སྔ་མོ་ནས་བྱེད་ཐབས་བཏོན་ཐོག་དག་ཐེར་གནད་ལ་འཁེལ་རྒྱུར་འགན་སྲུང་བྱ་དགོས་ལ། གཉིས་ནས་སྲིད་ཇུས་རྒྱབ་རྟེན་དུ་བཟུང་སྟེ་རྨོ་ཞིང་ས་རྒོད་དུ་བསྐྱུར་བར་བཅོས་སྐྱོང་དང་སྲིད་ཇུས་ཀྱི་ཁག་ཐེག་ལ་ཤུགས་སྣོན་བྱས་ནས། རྣམ་གྲངས་ཀྱི་མ་དངུལ་བསྡུ་རུབ་བྱེད་པ། ཁྱོན་ཡོངས་ནས་རྨོ་འདེབས་ལག་བསྟར་བྱེད་པའི་སྲུང་སྐྱོབ་བྱ་བའི་སྲིད་ཇུས་དངོས་འབེབས་ནན་མོ་བྱས་ནས་འབྲུ་རིགས་འབོར་ཆེན་འདེབས་མཁན་དང་། ཞིང་ལས་འཕྲུལ་ཆས་ཉོ་མཁན་ལ་ཁ་གསབ་སྤྲོད་པ་སོགས་ཞིང་ལས་གཅིག་ཕན་སྲིད་ཇུས་ཀྱི་ཁ་གསབ་སྤྲོད་རྒྱུ། གསུམ་ནས་རྨོ་ཞིང་ས་རྒོད་དུ་བསྐྱུར་བ་བཅོས་སྐྱོང་བྱེད་པའི་དཔྱད་ཞིབ་བྱ་བར་ནན་ཏན་སྒོས་བསྒྲུབ་ནས། ཡུལ་ཚོ་དང་གྲོང་རྡལ་སོ་སོས་འདེབས་འཛུགས་ཀྱི་དམིགས་འབེན་འགན་འཁྲི་གཏན་འབེབས་བྱེད་པ་དང་སྒྲིག་སྲོལ་བྱ་བའི་ཇུས་གཞི་ལ་སྐུལ་འདེད་བཏང་སྟེ་བྱ་བའི་འཕེལ་རིམ་དུས་ལྟར་ཡར་ཞུ་བྱེད་པ་དང་། རྨོ་ཞིང་ས་རྒོད་དུ་བསྐྱུར་བ་བཅོས་སྐྱོང་བྱེད་པའི་བྱ་བ་དེ་སྐས་རིམ་ཅན་དང་ཕན་འབྲས་ཅན་ཏུ་གཏོང་རྒྱུར་སྐུལ་འདེད་ངེས་ཅན་བྱ་དགོས་ཞེས་ནན་གྱིས་བསྟན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།