ཟི་ལིང་མེ་འཁོར་ས་ཚིགས་ཀྱིས་མེ་འཁོར་ཁ་སྣོན་བྱས་པའི་བརྡ་ཐོ།

གནས་སྐབས་ཀྱི་འགྲུལ་སྐྱེལ་མེ་འཁོར་ཁ་སྣོན་བྱས་པ། 2021ལོའི་ཟླ་དང་པོའི་ཚེས8ཉིན་ནས་ཟླ་དང་པོའི་ཚེས17ཉིན་བར། ན་གོར་མོ་ནས་ཟི་ལིང་བར་གནས་སྐབས་ཀྱི་འགྲུལ་སྐྱེལ་མེ་འཁོར་ཐེངསK6824ཁ་སྣོན་བྱས་ཤིང་། 2021ལོའི་ཟླ་དང་པོའི་ཚེས10ཉིན་ནས་2021ལོའི་ཟླ་དང་པོའི་ཚེས19ཉིན་བར་ཟི་ལིང་ནས་ན་གོར་མོ་བར་གནས་སྐབས་ཀྱི་འགྲུལ་སྐྱེལ་མེ་འཁོར་ཐེངསK6823ཁ་སྣོན་བྱས་པ་རེད།

འགྲུལ་སྐྱེལ་མེ་འཁོར་གྱི་དུས་ཚོད་རེའུ་མིག

བློ་འདྲི་བྱ་ཡུལ། 0971-12306 དེ་མིན12306གཞུང་ཕྱོགས་དྲ་ཚིགས་དང་སྐད་འཕྲིན་བརྒྱུད་ནས་བློ་འདྲི་བྱ་ཆོག

ཡོང་ཁུངས། མཚོ་བོད་ལྕགས་ལམ་ཟི་ལིང་མེ་འཁོར་ས་ཚུགས།