ཟི་ལིང་ནས་ཡུལ་ཤུལ་དང་ཆབ་མདོ་བར་གྱི་མེ་འཁོར་ལམ་ཐིག་གཏན་འཁེལ་བྱས་འདུག

རང་རེའི་དྲ་བའི་འཕྲིན། སྔོན་རྩིས་ལག་བསྟར་ཞིབ་འཇུག་ཇུས་གཞི་ལྟར་ན། ཟི་ལིང་ནས་ཆབ་མདོ་བར་གྱི་མེ་འཁོར་ལམ་ཐིག་དེ་ཟི་ལིང་ནས་སྟོང་སྐོར་ས་ཚིགས་དང་། དེ་ནས་ལྷོ་ཕྱོགས་སུ་བརྒལ་ནས་སྒོ་མོ་ལ་དང་ཁྲི་ཀ མང་རྫོང་། འབའ་རྫོང་། ཨ་མྱེས་རྨ་ཆེན། མགོ་ལོག་རྨ་ཆེན། དགའ་བདེ། དར་ལག ཁྲ་བོ་ལ། སི་ཁྲོན་ཞིང་ཆེན་ནུབ་བྱང་བརྒྱུད་ཀྱི་སེར་ཤུལ་རྫོང་། དེ་ནས་རྒྱལ་ལམ217ནས་ནུབ་ཕྱོགས་སུ་བསྐྱོད་ནས་ཡུལ་ཤུལ་དང་ནང་ཆེན། རྫ་ཆུ་ནས་ཆབ་མདོ་བཅས་ཀྱི་མེ་འཁོར་ལམ་ཐིག་གཏན་འཁེལ་བྱས་ཡོད་ཅིང་། ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ1068ཡོད་པ་རེད།

ལོ་ཙཱ་པ། ལྷ་ཆེན་རྒྱལ།