ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་འགལ་བའི་གནད་དོན3ཐེར་འདོན་བྱས་པ།

རང་རེའི་དྲ་བའི་འཕྲིན། ལུགས་གསར་རྙིང་གི་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། སྤྱོད་ཚད་སྒྲིག་ལམ་སྔར་ལས་ཇེ་དོམ་དུ་བཏང་སྟེ། རྗེས་ཕྱོགས་མུ་མཐུད་དུ་སྒྲིག་ཁྲིམས་ཇེ་དམ་དུ་འགྲོ་ངེས་ལ་བརྡ་རྟགས་གསལ་པོ་འདེབས་ཕྱིར། རང་ཞིང་ནས་རྟོག་ཞིབ་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་འགལ་བའི་དཔེ་མཚོན་གནད་དོན3ཐེར་འདོན་བྱས་པ་གཤམ་གསལ།

གཅིག མཚོ་བྱང་ཁུལ་ཏང་ཨུའི་དེ་སྔའི་རྒྱུན་ལས་ཨུ་ཡོན་དང་རྒྱ་མདོ་རྫོང་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་པེའེ་ཧྲོན་ཞིང་གིས་དོ་དམ་ཞབས་ཞུ་བྱ་ཡུལ་གྱིས་མཁོ་འདོན་བྱས་པའི་ཡུལ་སྐོར་སོགས་སྒྲིག་འགལ་སྒོས་དང་ལེན་བྱས་པའི་གནད་དོན།

2016ལོར། པེའེ་ཧྲོན་ཞིང་གིས་སྒེར་གཉེར་ཁེ་ལས་ཀྱིས་མཁོ་འདོན་བྱས་པའི་རྒྱལ་ཕྱིའི་ཡུལ་སྐོར་སྒྲིག་འགལ་སྒོས་དང་ལེན་བྱས་ཏེ། ཡུལ་སྐོར་གྲོན་དངུལ་སྒོར4000ཕ་རོལ་པར་སྤྲོད་དུ་བཅུག དེ་མིན་སྒྲིག་འགལ་གནད་དོན་གཞན་དག་ཡང་ལྡན་པས། 2019ལོའི་ཟླ11པར་ཏང་ཁོངས་ནས་ཕུད་ཅིང་། གཞུང་གི་ལས་གནས་ནས་ཕུད་པའི་ཆད་པ་བཅད། ཉེས་དོན་དང་འབྲེལ་བའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་བསྐྱལ་ནས་ཁྲིམས་ལྟར་དཔྱད་ཞིབ་བྱས་པ་རེད།

གཉིས། མཚོ་ཤར་གྲོང་ཁྱེར་སྤྱི་བདེ་ཅུའུ་ཉེན་དོན་འགན་སྲུང་ཁྲུའུ་ཡི་དེ་སྔའི་ཁྲུའུ་ཀྲང་གཞོན་པ། རྨང་འཛུགས་གཞུང་ལས་ཁང་གི་དེ་སྔའི་ཀྲུའུ་རིན་གཞོན་པ་ཞིང་ཧྥུའུ་རིན་གྱིས་གཞུང་དོན་ལག་བསྟར་སྐབས་སུ་གཞན་གྱི་གསོལ་སྟོན་དང་ལེན་བྱས་པའི་གནད་དོན།

2016ལོར། ཞིང་ཧྥུའུ་རིན་ཞིང་ཆེན་གཞན་གྱི་གློག་སྐས་བཟོ་གྲྭ་ཁང་ལ་སོང་ནས་རྟོག་ཞིབ་བྱེད་པའི་སྐབས་སུ། འབྲེལ་ཡོད་བཟོ་གྲྭ་ཁང་གི་གསོལ་སྟོན་ལ་ཐེངས་མང་པོར་ཞུགས་པ་དང་། 2017ལོ་ནས2018ལོའི་བར། ཞིང་ཧྥུའུ་རིན་གྱིས་སྒེར་གཉེར་ཁེ་ལས་ཀྱིས་གནང་བའི་ཆང་དཀར་དང་ཐ་མག་ཐེངས་མང་པོར་བླངས། དེ་མིན་སྒྲིག་འགལ་གནད་དོན་གཞན་དག་ཡང་ལྡན་པས། 2020ལོའི་ཟླ3པར་ཏང་ཁོངས་ནས་ཕུད་ཅིང་། སྲིད་དོན་གོ་གནས(རིམ་པ་གཉིས་པའི་ཁོ་ཡོན་ལ་ཕབ)བླངས་པའི་ཆད་པ་བཅད་པ་རེད།

གསུམ། རྨ་ལྷོ་ཁུལ་སྨན་ཁང་གི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་དང་ཡོན་ཀྲང་ལང་ཁོ་ཡིས་སྒྲིག་འགལ་སྒོས་གསུག་དངུལ་བླངས་པའི་གནད་དོན།

2013ལོ་ནས2019ལོའི་བར། ལང་ཁོ་ཡིས་སྨན་རྫས་དང་འཕྲོད་བསྟེན་རྒྱུ་ཆ། སྨན་བཅོས་སྒྲིག་ཆས་མཁོ་འཁོན་ཁང་གི་གསོལ་སྟོན་ལ་ཐེངས་མང་པོར་ཞུགས་པར་མ་ཟད་གསུག་དངུལ་སྒོར་ཁྲི6བླངས། དེ་མིན་སྒྲིག་འགལ་གནད་དོན་གཞན་དག་ཡང་ལྡན་པས། 2020ལོའི་ཟླ10པར་ཏང་ནང་ནས་ལོ་གཉིས་ལ་ལྟ་རྟོག་བྱེད་པ་དང་། སྲིད་དོན་གོ་གནས(རིམ་པ་བདུན་པའི་དོ་དམ་ལས་གནས་ལ་ཕབ)བླངས་པའི་ཆད་པ་བཅད་པ་རེད།

ཀྲུང་གོང་མཚོ་སྔོན་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན།

2020ལོའི་ཟླ12པའི་ཚེས30ཉིན།

ལོ་ཙཱ་པ། ལྷ་ཆེན་རྒྱལ།