ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས2021ལོའི་ལུགས་གསར་རྙིང་གི་ལོ་སར་སྐབས་མང་ཚོགས་ལ་རིག་གནས་ཀྱི་བྱ་འགུལ་མང་པོ་བཀོད་སྒྲིག་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2021ལོའི་ལུགས་གསར་དང་ལུགས་རྙིང་གི་ལོ་སར་བསླེབ་ལ་ཉེ་བའི་སྐབས་འདིར། ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དྲིལ་སྒྲོག་གཏིང་ཟབ་ཅན་ཏུ་སྤེལ་བ་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ། སྤྲོ་སྐྱིད་ཀྱི་དུས་སྟོན་ལ་རྟེན་འབྲེལ་ཞུ་བ། ཤེས་ཡོན་འཆམ་མཐུན་གྱི་དུས་ཆེན་རིག་གནས་བྱ་བའི་མཁའ་དབུགས་ཕུན་སུམ་ཚོགས་པར་གཏང་ཆེད། ཉེ་ལམ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས《2021ལོའི་ལུགས་གསར་རྙིང་གཉིས་ཀའི་ལོ་སར་སྐབས་སུ་མང་ཚོགས་ཀྱི་རིག་གནས་བྱ་འགུལ་སྤེལ་དགོས་པའི་སྐོར་གྱི་བརྡ་སྦྱོར》ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས། (གཤམ་ནས《བརྡ་སྦྱོར》ཞེས་བསྡུས་བཀོད)བྱ་རྒྱུ་ཡིན་ལ། 2021ལོའི་ལུགས་གསར་དང་ལུགས་རྙིང་ལོ་སར་སྐབས་སུ་མང་ཚོགས་ཀྱི་རིག་གནས་བྱ་འགུལ་དང“ང་ཚོའི་ཀྲུང་གོའི་ཕུགས་འདུན”ཞེས་པ་རྩ་འཛུགས་བྱས་ཏེ། རིག་གནས་བྱ་འགུལ་དེ་ཁྱིམ་ཚང་ཁྲི་ཕྲག་མང་པོའི་ཁྲོད་དུ་སིམ་འཛུལ་བྱེད་ཐུབ་པར་བཀོད་སྒྲིག་བྱས།

《བརྡ་སྦྱོར》ཁྲོད་བསྟན་དོན། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་ཡིན་ལ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་འགོ་ཚུགས་པའི་ལོ་ཡང་ཡིན་པས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བ་དམ་པོར་བཟུང་སྟེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་གསར་སྐྲུན་དང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱལ་ཁབ་ཀྱི་འགན་འཁྲི་བརྟན་པོ་ཁྱོན་ཡོངས་ནས་སྤེལ་བ་དང་། རྣམ་པ་སྣ་མང་ཅན་གྱི་བྱེད་ཐབས་རྩ་འཛུགས་སྒོས་ནང་དོན་དོན་དངོས་དང་མཐུན་ལ། ཕུན་སུམ་ཚོགས་པའི་རིག་གནས་ཀྱི་རིག་རྩལ་བྱ་འགུལ་མང་པོ་སྤེལ་ཏེ། འགྱུར་ཁུག་གཙོ་བོ་དབྱངས་སུ་བཀུགས་ནས། ཕན་ནུས་ལེགས་པོ་བརྒྱུད་སྒྲོག་སྒོས་མཐུན་སྦྲེལ་གཅིག་གྱུར་མདུན་སྐྱོད་ངང་བསམ་བློའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས་པ་བསྟན།

《བརྡ་སྦྱོར》ཁྲོད་ས་ཁུལ་སོ་སོའི་སྡེ་ཁག་དག་གིས་རང་འགུལ་སྒོས་མང་ཚོགས་ཀྱི་དགོས་མཁོ་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། མང་ཚོགས་ཀྱི་འབོད་སྐད་དང་རེ་སྐུལ་ལ་ཉན་ནས། རྣམ་པ་སྣ་མང་ཅན་གྱི་བྱ་འགུལ་མུ་མཐུད་དུ་གསར་སྤེལ་སྒོས་བྱ་འགུལ་གྱི་བསྡུས་གཟུགས་ཕུན་སུམ་ཚོགས་པར་གཏོང་བ་དང་། པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ལེགས་པོར་སྒྲུབ་པའི་བྱ་བའི་རྨང་གཞིའི་སྟེང་། དྲ་ལམ་ལ་ཟུང་འབྲེལ་དམ་པོ་བྱེད་པའི་བྱེད་ཐབས་གཞིར་བཟུང་སྟེ། “ང་ཚོའི་ཀྲུང་གོའི་ཕུགས་འདུན”ཞེས་པ་རྩ་འཛུགས་ངང་རིག་གནས་བྱ་འགུལ་ཁྱིམ་ཚང་རེ་རེ་ཁྲོད་སིམ་དུ་འཇུག་དགོས། ཕུལ་བྱུང་མི་སྣ་རྩ་འཛུགས་སྒོས་ཆུ་ཚད་མཐོ་བའི་རིག་གནས་དང་རིག་རྩལ་ཐད་ཀྱི་ཡན་ལག་རུ་ཆུང་དག་གཞི་རིམ་དུ་བསྐྱོད་ནས། རིག་རྩལ་འཁྲབ་སྟོན་དང་རིག་གནས་ཞབས་ཞུ་ལེགས་པོར་སྤེལ། གཞི་རིམ་གྱི་རིགས་མི་འདྲ་བའི་སྤྱི་གཞུང་རིག་གནས་ཞབས་ཞུའི་གཡུལ་ས་རུ་དམངས་ཕན་དམངས་སྤྲོའི་རིག་གནས་ཞབས་ཞུའི་རྣམ་གྲངས་མུ་མཐུད་དུ་སྤེལ་ཏེ། གཞི་རིམ་མང་ཚོགས་ཀྱི་རང་རྟོག་ཁྱད་ཆོས་མངོན་གསལ་ཅན་གྱི་མང་ཚོགས་རང་བཞིན་གྱི་བྱ་འགུལ་སྤེལ་ནས། མང་ཚོགས་ཀྱི་བསམ་བློའི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཚོགས་པར་གཏོང་དགོས་པའི་བླང་བྱ་ནན་མོ་བཏོན་འདུག

རྒྱུས་ལོན་ལས་ཤེས་གསལ་ལྟར་ན། མང་ཚོགས་ཀྱི་སྣ་མང་རང་བཞིན་དང་ཁྱད་གཤིས་རང་བཞིན་གྱི་རིག་གནས་དགོས་མཁོ་བསྐང་ཆེད། བྱ་འགུལ་གྱི་གྲུབ་འབྲས་མཐོར་འདེགས་སུ་གཏང་དགོས་ལ། 2021ལོ་ནི“ང་ཚོའི་ཀྲུང་གོའི་ཕུགས་འདུན”མངོན་འགྱུར་བྱེད་པའི་རིག་གནས་མཐའ་དག་ཁྱིམ་ཚང་ཁྲི་ཕྲག་གི་བྱ་འགུལ་ཁྲོད་ཞུགས་ནས་ལུགས་གསར་རྙིང་གི་ལོ་སར་སྐབས་སུ་གཅིག་གྱུར་སྒོས་ལོ་ཧྲིལ་བོའི་རྒྱུན་ལྡན་རང་བཞིན་དེ་དར་སྤེལ་བཏང་ཡོད།

ལྷ་དཔལ་སྐྱབས་་ཀྱིས་བསྒྱུར།