མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་གཞུག་བྱས་ནས་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་གཞུག་བྱས་ནས་བསྡུས་པ་དང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གྲོས་ཚོགས་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་དེར་སློབ་སྦྱོང་མཐར་ཕྱིན་བྱས་ལ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པར་མ་ཟད། མཚོ་སྔོན་གྱི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མཚོ་སྔོན་སློབ་ཆེན་གྱི་ཁོན་ལོན་སློབ་གླིང་སྤོ་བསྒྱུར་དང་། ཟི་ལིང་སློབ་ཆེན་གྱི་རིག་ཚན་ཆེད་ལས་འཛུགས་སྐྲུན་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས་པ་ལས་གཞན། མཚོ་སྔོན་པོ་བཀག་ནས་ཉ་གསོ་བའི་བྱ་བའི་གནས་ཚུལ་ལ་ཉན།

ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཀྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཚོགས་འདུ་ཐེངས་ཉེར་ལྔ་པའི་སྟེང་གི་གསུང་བཤད་གལ་ཆེན་དགོངས་དོན་བཅས་ལ་སློབ་སྦྱོང་དང་བརྒྱུད་བསྒྲགས་གང་ལེགས་བྱས་ཏེ་ནན་གྱིས་བསྟན་དོན། སློབ་སྦྱོང་གོ་བ་མ་ནོར་བ་བླངས་ནས། དམག་དཔུང་གི་ཆབ་སྲིད་བྱ་བའི་སྲོལ་ཡིག་ཅེས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་དབང་ཆའི་འགན་སྲུང་སྲོལ་ཡིག་བཅས་ཀྱི་དོན་སྙིང་གལ་ཆེན་དང་ནང་དོན་གཙོ་བོར་གོ་བ་ཡང་དག་བླངས་ཏེ། དངོས་ཡོད་དང་ཟུང་དུ་འབྲེལ་བའི་སྒོ་ནས་དངོས་འབེབས་མཐར་ཕྱིན་བྱ་བ་དམ་པོར་འཛིན་དགོས་ཟེར།

ཚོགས་ཐོག་ནས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་དང་ཚེས་དགུ་ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། སྲིད་ཇུས་ཀྱི་གོ་སྐབས་དམ་པོར་འཛིན་རྒྱུ་དང་། ས་ཁོངས་ཁྱོན་ཡོངས་དཔལ་འབྱོར་རོགས་རེས་འབྲེལ་བའི་མཐུན་སྦྱོར་གཏན་འབེབས་བྱ་བར་སྐུལ་འདེད་བཏང་ནས་ཕན་འབྲས་ཐོན་ཐུབ་ལ་དམ་པོར་དམིགས་གཏོད་པ། ཕྱི་ཕྱོགས་སྒོ་འབྱེད་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་བ། མཉམ་ལས་འཕེལ་རྒྱས་ཀྱི་བར་སྟོང་མུ་མཐུད་ཡངས་པོར་འབྱེད་དགོས་ཟེར། ཚོགས་ཐོག་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པར་མ་ཟད། དེ་དངོས་འབེབས་དོན་འཁྱོལ་ཡོང་བའི་ཐད་ཞིབ་འཇུག་ཀྱང་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཁོན་ལོན་སློབ་གླིང་སྤོ་བསྒྱུར་འཛུགས་སྐྲུན་ལས་དོན་གོ་རིམ་ལྡན་ལ་བརྟན་པོའི་ངང་ཡོངས་འགྲུབ་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་རིག་ཚན་ཆེད་ལས་འཛུགས་སྐྲུན་དང་། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཟི་ལིང་སློབ་ཆེན་གྱི་འཛུགས་སྐྲུན་གྲ་སྒྲིག་བྱ་བར་སྐུལ་འདེད་གཏོང་དགོས། སྲིད་ཇུས་ཁྲིམས་སྲོལ་དང་ཁོར་སྲུང་འདུ་ཤེས་ཀྱི་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་པོ་བཀག་ནས་ཉ་འཛིན་བཟུང་བྱེད་པ་གཏན་འགོག་བྱེད་པའི་བྱ་བའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་དགོས། ཁྲིམས་འཛིན་སྒྲིག་ཆས་དང་ཁྲིམས་འཛིན་བྱེད་ནུས་ཆུ་ཚད་མངོན་གསལ་ཇེ་མཐོར་བཏང་ནས། ཁྲིམས་འགལ་ངང་ཉ་འཛིན་བཟུང་དང་ཉོ་ཚོང་བྱེད་པའི་བྱེད་ཕྱོགས་ལ་རྡུང་རྡེག་ནན་མོ་བཏང་མཐར། མཚོ་སྔོན་པོའི་ཉའི་ཐོན་ཁུངས་ལ་སྲུང་སྐྱོབ་དོན་ལྡན་བྱེད་དགོས་ཟེར།

གྲོས་ཚོགས་ལས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།