金刚石ལ་རྡོ་རྗེའམ།།
རྡོ་རྗེ་ཕ་ལམ་ཞེས་ཀྱང་བརྗོད།།
金沙石ལ་གསེར་མེན་དང་།།
舍利རིང་བསྲེལ་ནོར་བུ་ཡིན།།
绿松石ལ་གཡུ་ཞེས་དང་།།
蓝宝石ལ་ཨིནྡྲ་ནི་ལ་ཟེར།།
琉璃ཟེར་ན་བེེཌྰུརྱ་།།
红宝石ནི་པདྨ་རཱ་ག་ཡིན།།
水宝石ནི་ཆུ་སྙིང་དང་།།
淡青宝石ཆུ་ཆུང་ནཱི་ལ་ཡིན།།
黄水晶ནི་སི་རཀ།
祖母绿(绿宝石)ནི་མརྒད་དོ།།
黑玛瑙ལ་རྡོ་ཡི་སྙིང་པོ་ཟེར།།
孔雀石ལ་ལིག་བུ་མིག།
如意宝ནི་ཡིད་བཞིན་ནོར་བུ་ཡིན།།
火晶ལ་ནི་མེ་ཤེལ་ཟེར།།
水晶ཟེར་ན་ཆུ་ཤེལ་དང་།།
妙翅玉འམ་碧玉ལ།།
ཁྱུང་སྐྱུགས་ཞེས་སུ་བརྗོད་པ་ཡིན།།
花玛瑙ལ་ཁྲ་མན་དང་།།
晶石ཟེར་ན་ཤེལ་ལ་ཟེར།།
珊瑚ཞེས་པ་བྱུ་རུ་དང་།།
青金石ནི་མུ་མེན་ཡིན།།
九眼珠ནི་གཟི་རྙིང་དང་།།
玛瑙ལ་ནི་མཆོང་ཞེས་བརྗོད།།
琥珀ལ་ནི་སྤོས་ཤེལ་ལམ།།
སྦུར་ལེན་ཞེས་ཀྱང་བརྗོད་པ་ཡིན།།
冰珠石ལ་ཆུ་ཡི་ནོར་བུ་ཟེར།།
珍珠ལ་ནི་མུ་ཏིག་དང་།།
珍珠母ནི་ཉ་ཕྱིས་ཡིན།།
海螺ཞེས་པ་དུང་ལ་ཟེར།།
象牙ལ་ནི་བ་སོ་ཟེར།།
金ལ་གསེར་དང་银ལ་དངུལ།།
水银ཞེས་པ་དངུལ་ཆུ་ཡིན།།
红铜ཞེས་པ་ཟངས་ལ་དང་།།
响铜ལི་དང་青铜ལ།།
འཁར་བ་ཞེས་སུ་བརྗོད་པ་དང་།།
黄铜ཟེར་བ་ར་གན་ནོ།།
白锡ཟེར་བར་གཤའ་དཀར་རམ།།
ཀླུ་དཀར་ཞེས་ཀྱང་བརྗོད་པ་དང་།།
黑锡ཟེར་བར་གཤའ་ནག་གམ།།
ཀླུ་ནག་ཅེས་ཀྱང་བརྗོད་པ་ཡིན།།
铅ལ་ཞ་ཉེར་འབོད་པ་དང་།།
锌ལ་ཏི་ཚ་ཞེས་སུ་གྲགས།།
铁ནི་ལྕགས་དང་生铁ལ།།
ཁྲོ་ནག་ཅེས་སུ་བརྗོད་པ་ཡིན།།
铧铁ཟེར་བ་ཐོང་ལྕགས་དང་།།
霹雳铁ནི་གནམ་ལྕགས་ཡིན།།
雷铁石(铁陨石)ལ་ཐོག་ལྕགས་སོ།།