“སྦྱིན་པས་ཁྱིམ་ཚང་ཁྲི་ལ་དྲོད་ཁོལ་བསྐྱལ”ཞེས་པའི་བྱེད་སྒོས་ཡུལ་ཤུལ་ལ་སྒོར་ཁྲི176ཡི་དངོས་ཟོག་ཞལ་འདེབས་སུ་ཕུལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་ཀྲུང་ཧྭ་དགེ་ལས་སྤྱི་ཁྱབ་ཚོགས་པས“སྦྱིན་པས་ཁྱིམ་ཚང་ཁྲི་ལ་་དྲོད་སྐྱིད་བསྐྱལ”ཞེས་པའི་བྱེད་སྒོ་ཟི་ལིང་ནས་སྤེལ་ཞིང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ་བརྩེ་སེམས་ཅན་གྱི་ཁེ་ལས་ཀྱིས་སྒོར་ཁྲི120ཡི་རིན་གྱི་བྱ་སྤུའི་དགུན་ལྭ་དང་སྒོར་ཁྲི56གི་རིན་གྱི་ཁྲུས་སྤྱོད་ཡོ་ཆས་བཅས་ཁྱོན་སྡོམ་སྒོར་ཁྲི176ཡི་རིན་ཐང་གི་དངོས་ཟོང་ཞལ་འདེབས་སུ་གནང་བ་རེད། དེའི་ནང་པའོ་སི་ཏིན་རྒྱལ་སྤྱིའི་ཚོད་འཛིན་ཀུང་སིས་ཡུལ་ཤུལ་ཁུལ་ལ་སྒོར་ཁྲི120ཡི་རིན་ཐང་གི་བྱ་སྤུའི་དགུན་ལྭ་གནང་བ་དང་། ཅུའི་མུའུ་ཁྲུའུ་ཝའེ(九牧厨卫)མ་རྐང་ཚད་ཡོད་ཀུང་སིས་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་གི་སློབ་འབྲིང་དང་སློབ་ཆུང་གསུམ་ལ་སྒོར་ཁྲི 56ཡི་རིན་ཐང་གི་ཁྲུས་རྫས་དང་གསང་སྤྱོད་ཡོ་ཆས་སོགས་ཞལ་འདེབས་སུ་གནང་བ་རེད།

“སྦྱིན་པས་ཁྱིམ་ཚང་ཁྲི་ལ་དྲོད་ཁོལ་བསྐྱལ”ཞེས་པའི་བྱེད་སྒོ་ནི2002ལོར་འགོ་བརྩམས་ཤིང་། ཀྲུང་ཧྭ་དགེ་ལས་སྤྱི་ཁྱབ་ཚོགས་པས་སྣེ་འཁྲིད་དེ་རྒྱལ་ཡོངས་ཀྱི་དགེ་ལས་ཚོགས་པ་ཁག་ལ་སྐུལ་སློང་བྱས་ཐོག་མཉམ་དུ་ལག་བསྟར་བྱས་པའི་དགེ་ལས་རོགས་སྐྱོར་བྱེད་སྒོ་ཆེ་གྲས་ཤིག་རེད། ལོ་ངོ17གྱི་རིང་། མཚོ་སྔོན་ཞིང་ཆེན་དགེ་ལས་སྤྱི་ཁྱབ་ཚོགས་པས་ཀྲུང་ཧྭ་དགེ་ལས་སྤྱི་ཁྱབ་ཚོགས་པས་འབོད་སྐུལ་དང་དུ་བླངས་ཏེ། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་དང་མཉམ་དུ་རྣམ་པ་སྣ་ཚོགས་ཀྱི་དབུལ་སྐྱོར་དྲོད་སྐྱེལ་བྱེད་སྒོ་སྤེལ་མྱོང་ཞིང་། དབུལ་པོར་རོགས་སྐྱོར་དང་། དཀའ་ངལ་སེལ་རོགས། རྒན་པ་གཉོར་སྐྱོང་དང་དྭ་ཕྲུག་བྱམས་སྐྱོང་། དབང་སྐྱོན་ཅན་ལ་རོགས་རམ། འཚེ་བར་རོགས་སྐྱོབ། སློབ་གསོའི་རོགས་སྐྱོར། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ནས། རང་ཞིང་གི་དབུལ་སྒྲོལ་འགག་གཏོར་གྱི་གཡུལ་འཐབ་ལས་རྣམ་པར་རྒྱལ་པར་ཤུགས་བརྒྱབ་པ་རེད།

ཁོན་ཐར་འཚོས་བསྒྱུར།