ད་ནས་བཟུང་དཔང་ཡིག་འདི་དག་འབྲི་མི་དགོས།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྤྱི་ལོ་2019ལོའི་ལོ་སྨད་བར་དུ། ས་ཆ་སོ་སོའི་ལས་ཁུངས་དག་གིས་དོན་དག་རིགས13000ལྷག་ལ་བདེན་དཔང་ཡི་གེ་མི་དགོས་པར་བཟོས་འདུག

སྤྱི་ཟླ་11པའི་ཚེས་19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཕྱིར་སྒྲོག་ཚོགས་འདུའི་ཐོག ཁྲིམས་འཛིན་པུའུ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུད་ཀྱི་འབྲེལ་ཡོད་འགན་ཁུར་བས་དཔང་ཡིག་ཉུང་འཕྲིའི་ལས་ཀའི་གནས་ཚུལ་གསར་ཤོས་ངོ་སྤྲོད་བྱས་པ་སྟེ།

དཔང་ཡིག་འདི་དག་མངག་གཏོང་ཁང་ནས་འབྲི་མི་དགོས།

སྤྱི་དམངས་ཀྱི་རུས་མིང་།

སྤྱི་དམངས་ཀྱི་དེ་སྔའི་མིང་།

སྤྱི་དམངས་ཀྱི་ཕོ་མོའི་དབྱེ་བ།

སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་ཨང་གྲངས།

སྤྱི་དམངས་མི་རིགས་གང་ལ་གཏོགས་པ།

སྤྱི་དམངས་ཀྱི་སྐྱེས་སྐར།

སྤྱི་དམངས་ཀྱི་སྐྱེས་ཡུལ།

སྤྱི་དམངས་ཀྱི་ཐེམ་ཐོ།

སྤྱི་དམངས་ཀྱི་ཐེམ་ཐོ་གནས་ཡུལ།

ཐེམ་ཐོ་སྤོས་པའི་གནས་ཚུལ།

སྡོད་གནས་ལ་འགྱུར་ལྡོག་བྱུང་བའི་གནས་ཚུལ།

ཐེམ་ཐོ་ཐོ་འགོད་བྱེད་དུས་དོན་ཚན་སོ་སོའི་ནང་དོན་ལ་འགྱུར་བ་བྱུང་བ་དང་དག་བཅོས་བྱས་པའི་གནས་ཚུལ།

ཐེམ་ཐོ་མེད་པར་བཟོས་པའི་གནས་ཚུལ།

ཐེམ་ཐོ་གཅིག་ཏུ་ཡོད་པའི་མི་དང་ཁྱིམ་བདག་བར་གྱི་ཉེ་འབྲེལ་གནས་ཚུལ་བཅས་སོ།།

གསལ་འདེབས།

སྤྱི་དམངས་ཀྱིས་ཁྲིམས་གཏན་འཁེལ་བའི་ཐོབ་ཐང་ལག་ཁྱེར་གྱིས་ར་སྤྲོད་ཐུབ་པའི་གནས་ཚུལ་ཡིན་ཕྱིན། སྤྱི་བདེ་མངག་གཏོང་ཁང་གིས་དཔང་ཡིག་འབྲི་མི་དགོས། ཁྲིམས་ལྟར་སྤྱི་བདེ་མངགས་གཏོང་ཁང་གི་ཁྲིམས་བཀོད་ལས་འགན་དུ་མི་གཏོགས་པའི་དོན་དག་ཡིན་ཕྱིན། གཙོ་གཉེར་ལས་ཁུངས་ཀྱིས་བདེན་མིན་ཞིབ་དཔྱད་བྱེད་འགན་འཁུར་དགོས།

དཔང་ཡིག་འདི་དག་གྲོང་སྡེ་ཨུ་ཡོན་ལྷན་ཁང་དང་གྲོང་མི་ཨུ་ཡོན་ལྷན་ཁང་ནས་འབྲི་མི་དགོས།

ཉེ་འབྲེལ་ཡིན་པའི་དཔང་ཡིག

ཡུལ་མིའི་ཐོབ་ཐང་ཆ་འཕྲིན་གྱི་དཔང་ཡིག

ཐེམ་ཐོ་ཐོ་འགོད་བྱེད་དུས་དོན་ཚན་སོ་སོའི་ནང་དོན་ལ་འགྱུར་ལྡོག་གཏོང་རེའི་དཔང་ཡིག

གྲོང་མིས་ཁྱི་གསོ་ཆོག་པའི་དཔང་ཡིག

ནག་ཉེས་བསགས་མེད་པའི་དཔང་ཡིག

དུག་གཅོད་སྡོད་ཁུལ་གྱི་དུག་བཅད་བདེ་ཐང་མི་སྣའི་གནས་ཚུལ་གྱི་དཔང་ཡིག

མི་སྣ་གར་སོང་ཆ་མེད་དུ་གྱུར་བའི་དཔང་ཡིག

གཉེན་སྒྲིག་གནས་ཚུལ་དཔང་ཡིག

ཕྲུ་གུ་སྐྱེས་པའི་དཔང་ཡིག

འཚོ་བཞུགས་དཔང་ཡིག

ཚེ་འདས་དཔང་ཡིག

ནད་རིགས་གནས་ཚུལ་དཔང་ཡིག

དབང་པོར་སྐྱོན་ཡོད་པའི་དཔང་ཡིག

གཉེན་སྒྲིག་དང་ཕྲུ་གུ་སྐྱེ་གསོའི་དཔང་ཡིག

གྲོང་མི་ལས་ཞུགས་གནས་ཚུལ་གྱི་དཔང་ཡིག

གྲོང་མི་མི་སྒེར་གྱི་ཡིག་ཚགས་དཔང་ཡིག

གྲོང་མིའི་རྒྱུ་ནོར་དཔང་ཡིག

རྒྱུ་ནོར་ཤུལ་འཛིན་དབང་ཆའི་དཔང་ཡིག

ཚོང་རའི་བྱེད་པོའི་སྡོད་གནས་དཔང་ཡིག

ལག་ཁྱེར་བརླགས་པའི་དཔང་ཡིག