༄༅།།མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་དོན་ཚན་གྱི་མཛུབ་སྟོན་དཀར་ཆག་(2020ལོའི་པར་གཞི)དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་འཕྲིན[2020]ཨང114པ།

གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་། གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་སྦྱོར》(རྒྱལ་གཞུང་འཕྲིན[2020]ཨང་18པ)དང་《སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་<སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་དོན་ཚན་གྱི་མཛུབ་སྟོན་དཀར་ཆག(2020ལོའི་པར་གཞི)དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།>》 (མི་དོན་[2020]ཨང་14པ། )བཅས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱ་ཆེད། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བཅོས་སྒྱུར་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། 《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་དོན་ཚན་གྱི་མཛུབ་སྟོན་དཀར་ཆག་(2020ལོའི་པར་གཞི)དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།》(གཤམ་དུ་བསྡུས་མིང་ལ་《མཛུབ་སྟོན་དཀར་ཆག་》ཅེས་བྲིས་ཡོད། )གཏན་འབེབས་བྱས་ཡོད་ལ། ཞིང་ཆེན་སྲིད་གཞུང་གི་མཆོག་མཆན་ཐོབ་པ་བརྒྱུད། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གཅིག 《མཛུབ་སྟོན་དཀར་ཆག》གི་དོན་སྙིང་གལ་ཆེན་ལ་གོ་བ་གང་ལེགས་ལེན་དགོས།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བླང་བྱ་གསལ་བོ་བཏོན་ནས། ཁྲིམས་སྐྱོང་ལག་ལེན་ནན་ཏན་བྱ་རྒྱུ་རྒྱུན་འཁྱོངས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་བསྟར་བྱས་ནས་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་བཀག་འགོག་དང་དེར་མཐའ་གཅིག་ཏུ་ཁྲིམས་གཅོད་བྱ་དགོས། 《མཛུབ་སྟོན་དཀར་ཆག》འཛུགས་པ་དང་ལག་བསྟར་བྱེད་པ་ནི་ཞིན་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། བྱ་གཞག་གསར་བ་འཕེལ་རྒྱས་ཀྱི་དགོས་མཁོ་བསྟུན་ནས་ནུས་པ་ཆེ་རུ་གཏོང་བ་དང་། ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལམ་ལུགས་དེ་འགྱུར་མེད་ཀྱི་གཅུན་འདོམས་དང་རེག་མི་ཐུབ་པའི་མཐོ་གནོན་གློག་སྐུད་ལྟ་བུར་འགྱུར་བར་བྱེད་པ་ཞིག་ཡིན་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་བསྟར་བླང་བྱ་གཅིག་གྱུར་གྱིས་ལག་བསྟར་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་འགན་ནུས་ཁ་གསལ་བྱེད་པའི་ཡིག་ཆ་གལ་ཆེན་ཞིག་ཀྱང་ཡིན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས《མཛུབ་སྟོན་དཀར་ཆག》གི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར། རང་རེའི་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཁྲིམས་བསྟར་འགན་འཁྲི་སྡེབ་སྒྲིག་ནུས་ལྡན་བྱས་ཏེ། འགན་འཁྲི་གསལ་བོ་དང་མཐའ་མཚམས་གསལ་བའི་ཁྲིམས་བསྟར་སྒྲིག་སྲོལ་འཛུགས་པ། ཁྲིམས་བསྟར་ཐོན་ཁུངས་དང་ཁྲིམས་བསྟར་སྟོབས་ཤུགས་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་བཀག་འགོག་དང་ཁྲིམས་གཅོད་མཐའ་གཅིག་ཏུ་བྱས་ནས་སྣེ་མང་རིམ་མང་གི་ཁྲིམས་བསྟར་བསྐྱར་ཟློས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་གཞུང་དྲང་ཚུལ་མཐུན་ཀྱི་སྒོ་ནས་ཁྲིམས་འཛིན་ནན་པོ་དང་ཚད་ལྡན་དུ་གཏོང་དགོས།

གཉིས། 《མཛུབ་སྟོན་དཀར་ཆག》གི་བཀོད་སྒྲིག་བླང་བྱ་ཁོང་དུ་ཡང་དག་ཆུད་དགོས།

(གཅིག)སྤྱིའི་ཡོངས་ཀྱི་གོ་རིམ་ལ་གོ་བ་གཏིང་ཟབ་ལེན་དགོས། 《མཛུབ་སྟོན་དཀར་ཆག》

ནང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་ནས་གཏན་འབེབས་བྱས་པའི་སྲིད་འཛིན་ཆད་གཅོད་དང་སྲིད་འཛིན་བཙན་འདོམས་དོན་ཚན། དེ་མིན་སྡེ་ཁག་གི་སྒྲིག་སྲོལ་ནང་གཏན་འབེབས་བྱས་པའི་ཐ་ཚིག་སྒྲོག་པ་དང་དངུལ་ཆད་གཅོད་པ་སོགས་སྲིད་འཛིན་ཆད་གཅོད་དོན་ཚན་གོ་རིམ་ལྟར་འགུལ་རྣམ་ལེགས་སྒྲིག་བྱ་དགོས། ས་གནས་སོ་སོས་གནས་ཚུལ་ལ་གཞིགས་ནས་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། སྡེ་ཁག་གི་སྒྲིག་སྲོལ་འཛུགས་པ་དང་བཟོ་བཅོས་རྒྱག་པ། མེད་པར་བཟོ་བ། འགྲེལ་བཤད་རྒྱག་པ། ས་གནས་ཀྱི་ཁྲིམས་འཛུགས་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་ཁ་གསབ་དང་། ཞིབ་ཚགས། འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་འགུལ་རྣམ་ལེགས་སྒྲིག་དང་ཡུན་ཕན་དོ་དམ་ལམ་སྲོལ་འཛུགས་དགོས། དུས་མཚུངས་སུ་སྲིད་གཞུང་གི་གཙོ་ཆེའི་དྲ་ཚིགས་སོགས་གཞི་རྟེན་ཐོག་བྱ་ཐབས་འོས་མཚམ་སྤྱད་དེ་ཡོངས་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས།

(གཉིས) འབྱུང་རྩ་ནས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཁ་གསབ་དང་། ཞིབ་ཚགས། འཐུས་ཚང་བཅས་གཏོང་སྐབས་། བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་གཞི་འཛིན་ས་མེད་པའི་ཁྲིམས་བསྟར་དོན་ཚན་ཚང་མ་མེད་པར་བཟོ་དགོས། སོར་བཞག་གམ་ཡང་ན་གསར་སྣོན་བྱེད་དགོས་པའི་ཁྲིམས་སྟར་དོན་ཚན་དག་ཁྲིམས་ལྟར་དོན་ཚན་རེ་རེ་དང་རྣམ་གྲངས་རེ་རེ་བཞིན་ཁྲིམས་མཐུན་རང་བཞིན་དང་། ལུགས་མཐུན་རང་བཞིན། དགོས་ངེས་རང་བཞིན་བཅས་ཀྱི་སྒོ་ནས་ཞིབ་བཤེར་གཏན་འབེབས་བྱ་དགོས། ཁྲིམས་བཀོད་ཀྱི་གཞི་འཛིན་ས་ཡོད་ཀྱང་དུས་ཡུན་རིང་པོར་བྱུང་མེད་པ་མ་ཟད་ལག་བསྟར་བྱ་མི་དགོས་པའི་རིགས་དང་སྣོལ་སྡེབ་བསྐྱར་ཟློས་ཀྱི་ཁྲིམས་ལྟར་དོན་ཚན་དག་གཙང་བཤེར་ཤུགས་ཆེན་བྱ་དགོས། 《མཛུབ་སྟོན་དཀར་ཆག》ནང་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལ་བཟོ་བཅོས་བརྒྱབ་པའམ་ཡང་ན་མེད་པར་བཟོས་པའི་གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ནས་སྔོན་འཛུགས་རྗེས་གཏོར་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏང་དགོས།

(གསུམ)དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འགན་འཁྲི་ཁ་གསལ་བཟོ་དགོས།《མཛུབ་སྟོན་དཀར་ཆག》ནང་བཅུག་པའི་སྲིད་འཛིན་ཁྲིམས་བསྟར་དོན་ཚན་དེ་ཐོག་མཐའ་བར་གསུམ་དུ་ཁྲིམས་བསྟར་རིམ་པ་ཉུང་དུ་གཏོང་བ་དང་ཁྲིམས་བསྟར་སྟོབས་ཤུགས་གཞི་རིམ་དུ་སྐྱོད་པར་སྐུལ་འདེད་གཏོང་བའི་བླང་བྱ་ལྟར་དོན་ཚན་མི་འདྲ་བ་དང་དོ་དམ་སྒྲིག་སྲོལ་མི་འདྲ་བ་དབྱེ་འབྱེད་ བྱེད་དགོས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འགན་འཁྲི་བྱེད་མཁན་དང་པོ་གསལ་བོ་བྱས་ནས། ཁྲིམས་འགལ་བྱ་སྤྱོད་རྩད་ཞིབ་ཐག་གཅོད་བྱེད་པའི་འགན་འཁྲི་ནན་དུ་གཏང་དགོས།

དབང་ཆ་ཡོད་ཕྱིན་ངེས་པ་དུ་འགན་འཁྲི་ཡོད་པ་དང་། འགན་འཁྲི་ཡོད་ཕྱིན་འགན་འཁུར་དགོས་པ། འགན་འཛོལ་བྱུང་ན་ངེས་པར་དུ་རྩད་གཅོད་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། སྲིད་འཛིན་ཁྲིམས་བསྟར་དབང་ཆ་དང་མཐུན་པའི་འགན་འཁྲིའི་དོན་ཚན་རེ་རེ་བཞིན་གསལ་བོར་བཟོ་དགོས། འགན་འཁྲི་བྱེད་མཁན་དང་། འགན་འཁྲི་རྩད་གཅོད་ཀྱི་གཞི་འཛིན་ས། འགན་འཁྲི་བདའ་འདེད་ཀྱི་གནས་ཚུལ། འགན་འཁྲི་མེད་པར་བཟོ་བའི་རྒྱུ་མཚན་བཅས་གསལ་བོ་བྱས་ཏེ།

ས་ཁོངས་དོ་དམ་གྱི་མིང་ཐོག་ནས་ཁྲིམས་འཛིན་འགན་འཁྲི་གཞི་རིམ་ལ་དཀྲི་རྒྱུ་གཏན་འགོག་བྱེད་དགོས། བླང་བྱ་ལྟར་རང་འགན་གཙང་སྒྲུབ་མི་བྱེད་པའི་སྡེ་ཚན་དང་མི་སྒེར་ལ་སྒྲིག་སྒྲིམས་དང་བཅའ་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་བྱ་དགོས།

གསུམ། 《མཛུབ་སྟོན་དཀར་ཆག》ལག་བསྟར་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས།

(གཅིག) ཁྲིམས་བསྟར་ལས་རིམ་ཚད་ལྡན་དུ་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཕྱི་གསལ་ནང་གསལ་དང་ལས་ཆོད་ཆེ་བའི་རྩ་དོན་དང་འགན་ནུས་སྒྲུབ་པའི་དགོས་མཁོ་བཅས་གཞིར་བཟུང་ནས་ཁྲིམས་བསྟར་དོན་ཚན་གྱི་བྱ་བའི་གོ་རིམ་དང་འགན་འཁྲི་སྒྲུབ་པའི་བླང་བྱ། ལས་སྒྲུབ་དུས་བཀག་དང་བྱ་སྤྱོད་ཚད་ལྡན་་སོགས་སྔར་བས་ཁ་གསལ་བཟོས་ཏེ། སྲིད་འཛིན་ཁྲིམས་བསྟར་ཁྲོད་ཀྱི་རབ་རིབ་ཀྱི་དོན་ཚན་མེད་པར་བཟོ་བ་དང་རང་མོས་གཅོད་འཇལ་དབང་ཆ་ཉུང་འཕྲི་བྱེད་དགོས། སྡེ་ཚན་གཅིག་མཚུངས་དང་གནས་ཚུལ་གཅིག་མཚུངས་ལ་ཚད་གཞི་གཅིག་མཚུངས་ཀྱི་ཆད་གཅོད་བྱ་རྒྱུ་དང་ཁྱད་མེད་པའི་ཁྲིམས་བསྟར་ལ་སྐུལ་འདེད་གཏོང་དགོས།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྲིད་འཛིན་ཁྲིམས་བསྟར་བྱ་བ་དེ་ས་གནས་ཀྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བཀོའ་འདོམས་བཀོད་གཏོང་ལས་སྟེགས་སུ་བཅུག་ནས་གཅིག་གྱུར་གྱིས་དོ་དམ་བྱ་དགོས། “དྲ་སྦྲེལ་+གཅིག་གྱུར་བཀོད་འདོམས་+ཕྱོགས་བསྡུས་ཁྲིམས་བསྟར་”ཁྱབ་སྤེལ་ཧུར་ཐག་བྱས་ནས། སྡེ་ཁག་མཉམ་འགུལ་དང་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་འཛིན་ཁྲིམས་བསྟར་བྱ་སྤྱོད་དང་། ལྷུ་ཚིགས། མཇུག་འབྲས་སོགས་ཀྱི་བརྒྱུད་རིམ་ཧྲིལ་བོར་རིམ་བཞིན་དྲ་ཐོག་ནས་རྗེས་ཤུལ་ཡོད་པར་བྱས་ནས། སྲིད་འཛིན་ཁྲིམས་བསྟར་དབང་ཆ་འཁོར་སྐྱོད་བྱེད་པའི་ལྟ་སྐུལ་གྱི་ཤུགས་ཆེ་རུ་གཏོང་དགོས།

(གཉིས) ཕན་འབྲས་ལ་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གཙོ་གནད་འབུར་ཐོན་དང་དངོས་ཕན་དོན་གཉེར་བྱེད་པའི་རྩ་དོན་གཞིགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་དང་ཁྲོམ་རའི་བྱེད་པོ། མང་ཚོགས་བར་གྱི་འབྲེལ་བ་དམ་ཤོས་ཡིན་པའི་སྲིད་འཛིན་ཁྲིམས་བསྟར་དོན་ཚན་ལ་དམིགས་ཏེ་བསམ་འཆར་ཆེ་བའི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱེད་པར་ཤུགས་རྒྱག་དགོས་ལ། ཁྲོམ་རའི་བྱེད་པོ་དང་མང་ཚོགས་ལ་བསྒྱུར་བཅོས་ཀྱི་གྲུབ་འབྲས་དངོས་སུ་ཚོར་རུ་འཇུག་དགོས། ཁ་གསལ་ཞིང་གོ་བདེ་བའི་སྲིད་འཛིན་ཁྲིམས་བསྟར་གྱི་འགན་སྒྲུབ་བླང་བྱ་དང་བབ་བསྟུན་གྱི་འགན་འཁྲི་རྩད་གཅོད་བྱེད་ཐབས་གཏན་འབེབས་དང་དྲིལ་བསྒྲགས་ཤུགས་སྣོན་བརྒྱབ་ནས། ཁྲོམ་རའི་བྱེད་པོ་དང་མང་ཚོགས་ཀྱིས་རྟོགས་ཐུབ་པ་དང་སྤྱོད་ཐུབ་པ་བྱས་ཏེ། འདྲི་རྩད་དང་། བེད་སྤྱོད། ལྟ་སྐུལ་བཅས་སྟབས་བདེ་ཡོང་བ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནས་བབས་ལས་འགན་དང་ཁྲིམས་བསྟར་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཚད་འབེབས་ཐུབ་པའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་གྱི་འགན་སྒྲུབ་དཔྱད་དཔོག་བྱེད་ཐབས་འཚོལ་ཞིབ་བྱས་ནས་ཆགས་པར་བྱ་རྒྱུ་དེ་སྒྲིག་ཁོངས་ཐོན་ཁུངས་གཅིག་གྱུར་གྱིས་བེད་སྤྱོད་དང་བཀོད་སྒྲིག་ལེགས་འགྱུར་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བྱ་དགོས། ཞུ་གཏུག་བདག་སྤྲོད་དང་། རྗེས་འདེད་རྩད་ཞིབ། མཇུག་འབྲས་ལྡོག་འདྲེན་བཅས་ཀྱི་ཐབས་ལམ་ཤར་བགྲོད་ཐུབ་པ་བྱེད་དགོས། ཁྲོམ་རའི་བྱེད་པོ་དང་མང་ཚོགས། སྤྱི་ཚོགས་རྩ་འཛུགས། གསར་འགྱུར་སྨྱན་སྦྱོར་བཅས་ཀྱིས་སྲིད་འཛིན་ཁྲིམས་བསྟར་བྱ་སྤྱོད་ལ་ལྟ་སྐུལ་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་དགོས།

(གསུམ) རྩ་འཛུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བསྒྱུར་བཅོས་གཏིང་ཟབ་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་དགོས་ལ། དབང་ཆ་གཙང་སེལ་དང་། དབང་ཆ་ཉུང་འཕྲི། དབང་ཆ་བཟོ་བ། དབང་ཆ་ངོམས་པ་སོགས་ཀྱི་བསྒྱུར་བཅོས་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། སྒྲིག་གཞི་བསྒྱུར་བཅོས་དང་། འགན་ནུས་བསྒྱུར་བཅོས། སྤྱོད་ཚུལ་ལེགས་སྐྱོང་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་པ། ལས་དོན་སོ་སོ་ཞིབ་ཚགས་དང་ཏན་ཏིག་གིས་སྒྲུབ་པ་བཅས་བྱེད་དགོས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ས་གནས་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གི་ལས་སྒོའི་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། ཁྲིམས་བསྟར་གོ་རིམ་འཐུས་ཚང་དང་ཁྲིམས་བསྟར་འགན་འཁྲི་ནན་མོ་ཡོང་བར་སྐུལ་འདེད་བཏང་དགོས། ཁྲིམས་འཛིན་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་གྱི་ནུས་ཕྱོད་དང་ཁྲིམས་ལྟར་སྲིད་འཛིན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་ལས་ཁང་གིས་ཞིང་ཆེན་ཁྲིམས་འཛིན་ཐིན་དང་མཉམ་དུ་གཅིག་གྱུར་མཐུན་སྦྱོར་དང་མཛུབ་སྟོན་གནད་འགག་དམ་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས།