༄༅།།མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ཕྱོགས་ཡོངས་སུ་ཁྱབ་པར་བྱེད་པའི་ལག་བསྟར་ཇུས་གཞི་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིན〔2020〕ཨང79བ།


གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་། གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

《མཚོ་སྔོན་ཞིང་ཆེན“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ཕྱོགས་ཡོངས་སུ་ཁྱབ་པར་བྱེད་པའི་ལག་བསྟར་ཇུས་གཞི》ལ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས67པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་བཞིན་ནན་ཏན་སྒོས་རྩ་འཛུགས་བྱས་ནས་ལག་བསྟར་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2020ལོའི་ཟླ10བའི་ཚེས19ཉིན།

མཚོ་སྔོན་ཞིང་ཆེན་གྱི“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ཕྱོགས་ཡོངས་སུ་ཁྱབ་པར་བྱེད་པའི་ལག་བསྟར་ཇུས་གཞི།

སྲིད་གཞུང་གི་འགན་ནུས་སྔར་བས་བསྒྱུར་བ་དང “ཞུགས་འཐུས་ཀྱང་ལས་གཉེར་མི་ཆོག་པའི”གནད་དོན་ནུས་ཡོད་སྒོས་ཐག་བཅད་དེ། ཁེ་ལས་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་དངོས་གནས་ཇེ་དམའ་རུ་གཏོང་བ་དང་། ཁྲོམ་རའི་སྐྱེ་སྟོབས་དང་སྤྱི་ཚོགས་ཀྱི་གསར་སྐྲུན་ནུས་པར་སྐུལ་སློང་བྱེད་ཆེད།《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ཀྱི་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་དུ“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ཕྱོགས་ཡོངས་སུ་ཁྱབ་པར་ཚོད་ལྟ་བྱེད་པའི་སྐོར་གྱི་བརྡ་སྦྱོར》(རྒྱལ་སྤེལ〔2019〕ཨང25བ)གྱི་དགོངས་དོན་གཞིར་བཟུང་སྟེ། མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་དང་སྦྲེལ་ནས་ལག་བསྟར་ཇུས་གཞི་འདི་གཏན་ལ་ཕབ་པ་ཡིན།

གཅིག སྤྱིའི་བླང་བྱ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཐོག ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ལྟར“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་བསྟུད་མར་ཟབ་སྤེལ་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱ་དགོས། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ཁེལ་བྱས་པ་མ་ཟད་རང་ཞིང་གི་འབྲེལ་ཡོད་སྡེ་ཁག་གིས་ལག་བསྟར་བྱེད་བཞིན་པའི་ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཆོག་འཐུས་དོན་ཚན་དང་རང་ཞིང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལས་གཏན་ཁེལ་བྱས་པའི་ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཆོག་འཐུས་དོན་ཚན་ཚང་མ“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ཕྱོགས་ཡོངས་སུ་ཁྱབ་པར་བྱེད་པའི་དོན་ཚན་གསལ་ཐོའི་ནང་བཅུག་སྟེ། ཞིབ་མཆན་འགོད་རྒྱུ་ཐད་ཀར་མེད་པ་བཟོ་བ་དང་ཞིབ་མཆན་འགོད་རྒྱུ་སྙན་སེང་ཐོ་འགོད་དུ་སྒྱུར་བ། བརྡ་སྦྱོར་བར་ཁས་ལེན་བྱེད་པ། ཞིབ་མཆན་འགོད་པའི་ཞབས་ཕྱི་ལེགས་སུ་སྒྱུར་བ་བཅས་བྱེད་ཐབས་བཞི་སྤྱད་ནས་ཞིབ་མཆན་འགོད་པའི་ལམ་ལུགས་བཅོས་སྒྱུར་ལ་རིགས་དབྱེ་སྐུལ་སྤེལ་དང་སྟབས་བདེ་ཁ་གསལ་གྱི་ལས་རིགས་ཞུགས་འཐུས་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་གཏོད་དང་དེར་ཤུགས་སྣོན་བརྒྱབ་ནས། ཞིང་ཆེན་ཡོངས་སུ་ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཆོག་འཐུས་དོན་ཚན་ས་ཁོངས་ཡོངས་སུ་ཁྱབ་པ་དང་དོན་ཚན་ཡོངས་སུ་ཁྱབ་པར་བྱེད་ཅིང་། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན། སྟབས་བདེ་ཅན། སྔོན་དཔག་ཐུབ་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་པ་དང་། ཕྲ་མཐོང་བྱེད་པོའི་སྐྱེ་སྟོབས་ལ་རྒྱུན་མཐུད་ངང་སྐུལ་སློང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས།

གཉིས། བཅོས་སྒྱུར་གྱི་གཙོ་གནད།

(གཅིག) ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཆོག་འཐུས་དོན་ཚན་དག་ལེགས་སྒྲིག་དང་ཚད་ལྡན་དུ་གཏང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔར་འགྲེམ་བྱས་པའི《“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ཕྱོགས་ཡོངས་སུ་ཁྱབ་པར་བྱེད་པའི་དོན་ཚན་གསལ་ཐོ(2019ལོའི་པར་གཞི)》དང་ཞིབ་བསྡུར་བྱས་ནས《མཚོ་སྔོན་ཞིང་ཆེན་གྱི“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ཕྱོགས་ཡོངས་སུ་ཁྱབ་པའི་དོན་ཚན་གསལ་ཐོ》ལེགས་སྒྲིག་བྱས་ནས་འགྲུབ་པར་འཇུག་པ་དང་། “འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ཕྱོགས་ཡོངས་སུ་ཁྱབ་པར་འབྲེལ་བའི་ཁེ་ལས་དང་འབྲེལ་ཡོད་ཀྱི་གཉེར་སྐྱོང་ཆོག་འཐུས་དོན་ཚན་གཏན་ཁེལ་བྱས་ཏེ། གཙོ་གཉེར་སྡེ་ཚན་དང་བཅོས་སྒྱུར་དོན་ཚན། ཆོག་འཐུས་ལག་ཁྱེར་གྱི་མིང་། གཏན་ཁེལ་གྱི་གཞི་འཛིན་ས། ལག་བསྟར་རིམ་པ། བཅོས་སྒྱུར་བྱེད་སྟངས། བཅོས་སྒྱུར་བྱེད་ཐབས་ཞིབ་ཕྲ། ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཐབས་ལ་ཤུགས་སྣོན་པ་སོགས་ཀྱི་ནང་དོན་ངེས་གསལ་བྱེད་པར་མ་ཟད། འགུལ་རྣམ་ལྟར་དོ་དམ་བྱ་དགོས།

(གཉིས) སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་ལ་དོ་དམ་བྱེད་སྟངས་བཅོས་སྒྱུར་བྱ་དགོས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ཕྱོགས་ཡོངས་སུ་ཁྱབ་པར་བྱེད་པའི་ཚོད་ལྟའི་གནས་ཀྱི་བྱེད་ཐབས་འདྲ་བཟོ་བྱས་ཏེ། རང་ཞིང་གི“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ཕྱོགས་ཡོངས་སུ་ཁྱབ་པར་འབྲེལ་བའི་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་ལ་དོ་དམ་བྱེད་སྟངས་བཞི་ལག་བསྟར་བྱ་དགོས་ཏེ། གཅིག་ནི་ཞིབ་མཆན་འགོད་རྒྱུ་ཐད་ཀར་མེད་པར་བཟོ་དགོས། གཏན་ཁེལ་བྱེད་པའི་དགོས་ངེས་རང་བཞིན་མེད་པ་དང་ཁྲོམ་རའི་ལམ་སྲོལ་གྱིས་ནུས་ཡོད་སྒོས་སྙོམ་སྒྲིག་བྱེད་ཐུབ་པ། ལས་རིགས་རྩ་འཛུགས་དང་ཡང་ན་བར་སྨྱན་ལས་ཁུངས་ཀྱིས་ནུས་ཡོད་སྒོས་ལས་རིགས་རང་གཅུན་དོ་དམ་བྱེད་ཐུབ་པ། ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ལ་ལྟ་སྐུལ་དོ་དམ་བྱས་ཏེ་ནུས་ཡོད་སྒོས་ཚད་ལྡན་དུ་གཏོང་ཐུབ་པ་བཅས་ཀྱི་ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཆོག་འཐུས་དོན་ཚན་ལ་ཞིབ་མཆན་འགོད་རྒྱུ་ཐད་ཀར་མེད་པར་བཟོ་དགོས། གཉིས་ནི་ཞིབ་མཆན་འགོད་རྒྱུ་སྙན་སེང་ཐོ་འགོད་དུ་བསྒྱུར་དགོས། ཞིབ་མཆན་འགོད་རྒྱུ་མེད་པར་བཟོ་ཆོག་པའི་ཁེ་ལས་དང་འབྲེལ་བའི་གཉེར་སྐྱོང་ཆོག་འཐུས་དོན་ཚན་ལ། ཁེ་ལས་ཀྱིས་དུས་ཐོག་ཏུ་རང་འགུལ་གྱིས་འབྲེལ་ཡོད་ཆ་འཕྲིན་མཁོ་འདོན་བྱས་ཏེ་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་ནུས་ཡོད་སྒོས་ལས་རིགས་དོ་དམ་དང་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱེད་པར་སྟབས་བདེ་བཟོ་དགོས་ཚེ། ཞིབ་མཆན་འགོད་པ་ནས་སྙན་སེང་ཐོ་འགོད་དུ་བསྒྱུར་དགོས། གསུམ་ནི་བརྡ་སྦྱོར་བར་ཁས་ལེན་བྱ་དགོས། ཞིབ་མཆན་འགོད་རྒྱུ་གནས་སྐབས་མེད་པར་བཟོ་མི་རུང་མོད། འོན་ཀྱང་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ལ་ལྟ་སྐུལ་དོ་དམ་བྱས་ཏེ་ཞིབ་མཆན་འགོད་པའི་ཆ་རྐྱེན་དང་མི་མཐུན་པའི་བྱ་སྤྱོད་ཡོ་བསྲང་བྱེད་ཐུབ་པའི་ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཆོག་འཐུས་དོན་ཚན་བརྡ་སྦྱོར་བར་ཁས་ལེན་བྱ་དགོས། བཞི་ནི་ཞིབ་མཆན་འགོད་པའི་ཞབས་ཕྱི་ཇེ་ལེགས་སུ་བསྒྱུར་དགོས། རྒྱལ་ཁབ་བདེ་འཇགས་དང་སྤྱི་པའི་བདེ་འཇགས། དངུལ་རྩའི་བདེ་འཇགས། སྐྱེ་ཁམས་བདེ་འཇགས། སྤྱི་དམངས་ཀྱི་བདེ་ཐང་སོགས་སྤྱི་པའི་ཁེ་ཕན་གལ་ཆེན་དང་འབྲེལ་བ་ཡོད་མོད། འོན་ཀྱང་ཞིབ་མཆན་འགོད་རྒྱུ་མེད་པར་བཟོ་བ་དང་ཡང་ན་བརྡ་སྦྱོར་བར་ཁས་ལེན་བྱེད་པའི་ཆ་རྐྱེན་མི་འཛོམས་པའི་ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཆོག་འཐུས་དོན་ཚན་ལ། བྱེད་ཐབས་དངོས་སྤྱད་དེ་ཞིབ་མཆན་འགོད་པའི་ཞབས་ཕྱི་ཇེ་ལེགས་སུ་བསྒྱུར་ནས། ཞིབ་མཆན་འགོད་པའི་ལས་ཕྱོད་ཇེ་མཐོ་དང་དོན་སྒྲུབ་མ་གནས་ཇེ་དམའ་རུ་གཏང་དགོས།

(གསུམ) ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། ཆ་འཕྲིན་གཅིག་སྡུད་བྱས་ནས་མཉམ་སྤྱོད་བྱེད་པ་རྨང་གཞིར་རྩི་བ་དང་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཐབས་སུ་རྩི་བ། ཡིད་རྟོན་ལ་ལྟ་སྐུལ་དོ་དམ་བྱེད་པ་སྲོག་ཤིང་དུ་འཛིན་པ་བཅས་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་གསར་བ་གང་མགྱོགས་ངང་གཟུགས་དགོས། “སུས་ཞིབ་མཆན་བཀོད་ན་དེས་ལྟ་སྐུལ་དོ་དམ་བྱེད་པ་དང་། སུས་གཙོ་གཉེར་བྱས་ན་དེས་ལྟ་སྐུལ་དོ་དམ་བྱེད་པའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། ཞིབ་མཆན་འགོད་མཁན་སྡེ་ཁག་དང་ལས་རིགས་ཀྱི་གཙོ་གཉེར་སྡེ་ཁག་གིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཏན་ཏིག་གིས་འཁུར་བ་དང་། དྲང་གཞག་སྒོས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ལྟ་སྐུལ་དོ་དམ་གྱི་སྟོང་སངས་མི་ཡོང་བར་བྱ་དགོས། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། སྡེ་ཁག་ལས་བརྒལ་བའི“སྐབས་བསྟུན་གཉིས”ཀྱི་མཉམ་འབྲེལ་འཐེན་བཤེར་རྒྱུན་རྣམ་ཅན་དུ་འགྱུར་བར་གང་མགྱོགས་ངང་སྐུལ་འདེད་གཏོང་བ་དང་། འཐེན་བཤེར་དང་ཞིབ་བཤེར་གྱི་ཆ་འཕྲིན་གཅིག་གྱུར་གྱིས་གཅིག་སྡུད་དང་ཕྱོགས་ཡོངས་ནས་ཡོངས་བསྒྲགས་བྱས་ཐོག ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་དང་ཆད་གཅོད་བསླབ་འདོམས་བྱེད་ཤུགས་རྒྱུན་མི་ཆད་པར་ཆེ་རུ་བཏང་སྟེ། དྲང་གཞག་གིས་འགྲན་རྩོད་བྱེད་པའི་ཁྲོམ་རའི་སྒྲིག་ལམ་དངོས་གནས་སྲུང་སྐྱོང་བྱ་དགོས། ས་ཁོངས་ལས་བརྒལ་བ་དང་རིམ་པ་ལས་བརྒལ་བ། སྡེ་ཁག་ལས་བརྒལ་ཏེ་མཐུན་སྦྱོར་ངང་ལྟ་སྐུལ་དོ་དམ་བྱེད་པའི་ལམ་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་ཞིང་། མཉམ་འབྲེལ་གྱིས་བཅའ་ཁྲིམས་ལག་བསྟར་བྱེད་པར་སྔར་བས་སྐུལ་འདེད་གཏོང་བ་དང་། གཅིག་གྱུར་གྱི“མིང་ཐོ་ནག་པོའི”ལམ་ལུགས་བཙུགས་ནས་ཡིད་རྟོན་ཤོར་བའི་ཁེ་ལས་ལ་ལས་རིགས་ཀྱི་ཆོག་འཐུས་ལྷུ་ཚིགས་སུ་ཁྲིམས་ལྟར་ཚོད་འཛིན་བྱ་དགོས། ཁེ་ལས་ཁྲོམ་རའི་སྒྲིག་ལམ་གྱི་འགན་འཁུར་པ་དང་པོའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཡིད་རྟོན་ཉམས་གསོའི་ལམ་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་བ། ཆེད་ལས་ཞབས་ཕྱིའི་ལས་ཁུངས་ཀྱི་སྤྱི་ཚོགས་ལྟ་སྐུལ་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱས་ཐོག སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་ཁྲོམ་རའི་སྒྲིག་ལམ་བཅོས་སྐྱོང་ནང་མཉམ་དུ་ཞུགས་པར་ཁྲིད་སྟོན་བྱས་ཏེ། ཕྱོགས་མང་པོས་མཉམ་བཅོས་ཀྱི་རྣམ་པ་རིམ་བཞིན་བསྐྲུན་ནས་འཐུས་ཚང་དུ་གཏང་དགོས། “སྦྲེལ་དྲ+ལྟ་སྐུལ་དོ་དམ”གྱི་ལས་སྟེགས་དང་ཡིད་རྟོན་ཀྲུང་གོ(མཚོ་སྔོན)། རྒྱལ་ཁབ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག(མཚོ་སྔོན)བཅས་ནུས་ཡོད་སྒོས་བེད་སྤྱོད་བྱས་ཏེ། གྲངས་གཞི་ཆེན་པོ་འཚོལ་སྡུད་དང་སྒོ་འབྱེད། དབྱེ་ཞིབ་བེད་སྤྱོད་བཅས་ལ་ཤུགས་བསྣན་ནས་རིག་ནུས་ཅན་ལ་བརྟེན་ནས་ལྟ་སྐུལ་དོ་དམ་བྱ་དགོས། ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་དང་ཡོངས་བསྒྲགས་ཆ་འཕྲིན་འཐེན་བཤེར་ལམ་ལུགས། ཁེ་ལས་ཀྱི་གཉེར་སྐྱོང་རྒྱུན་ལྡན་མིན་པའི་མིང་ཐོའི་ལམ་ལུགས། ཁྲིམས་དང་འགལ་བ་ཚབས་ཆེ་ཞིང་ཁ་དན་ཚིག་ལ་མ་གནས་པའི་ཁེ་ལས་ཀྱི་མིང་ཐོའི་ལམ་ལུགས་བཅས་སྔར་བས་འཐུས་ཚང་དུ་བཏང་སྟེ། སྡེ་ཁག་ལས་བརྒལ་ནས་མཉམ་འགུལ་གྱིས་དང་ལེན་བྱེད་པར་ཤུགས་སྣོན་པ་དང་། ཚོད་འཛིན་ནམ་གཏན་འགོག་བྱེད་པའི་ཆད་གཅོད་བསླབ་འདོམས་བྱེད་ཐབས་ཁྲིམས་ལྟར་ལག་བསྟར་བྱས་ཏེ། “ཁྲིམས་དང་ཐེངས་གཅིག་ཏུ་འགལ་ན་ཕྱོགས་གང་སར་ཚོད་འཛིན་ཐེབས་པའི”མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་བྱེད་པའི་ལམ་སྲོལ་གཟུགས་དགོས།

(བཞི) ཆ་འཕྲིན་གཅིག་སྡུད་དང་ལས་སྒོ་མཉམ་སྒྲུབ་བྱེད་པར་སྐུལ་འདེད་གཏང་དགོས། ཁེ་ལས་དང་མང་ཚོགས་ཀྱིས་དོན་སྒྲུབ་ལས་གཏོད་བྱེད་ཅིང་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ལྟ་སྐུལ་དོ་དམ་བྱེད་པར་སྟབས་བདེ་བཟོ་བ་སོགས་ཀྱི་ཐད་དུ“སྦྲེལ་དྲ+སྲིད་དོན་ཞབས་ཕྱིའི”དགེ་མཚན་ལྡན་པའི་ནུས་པ་སྔོག་འདོན་གང་ལེགས་བྱས་ཏེ། ད་ཡོད་ཀྱི་སྒྲིག་བཀོད་ཐོན་ཁུངས་དང་ཞིང་ཆེན་སྲིད་དོན་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་བརྗེ་རེས་ལས་སྟེགས་ལ་བརྟེན་ནས། གཅིག་གྱུར་གྱི་གཞི་གྲངས་ཚད་གཞི་ལྟར“ཆ་འཕྲིན་གྱི་ཁེར་ཆགས་གླིང་ཕྲན”དང“གཞི་གྲངས་ཀྱི་དུ་ཁུང”གེགས་མེད་དུ་བཏང་སྟེ། སྡེ་ཁག་ལས་བརྒལ་བ་དང་ས་ཁོངས་ལས་བརྒལ་བ། རིམ་པ་ལས་བརྒལ་བ་བཅས་ཀྱི་དྲ་རྒྱ་སྤེལ་རེས་དང་ གཞི་གྲངས་བརྗེ་རེས། ཆ་འཕྲིན་གཅིག་སྡུད། ལས་སྒོ་མཉམ་སྒྲུབ་བཅས་བྱེད་པར་ཤུགས་བསྣན་དགོས། (1) “གང་ནས་ཐོན་པ་དང་སུས་མཁོ་འདོན་བྱས་ན་དེས་འགན་འཁུར་བའི” བླང་བྱ་ལྟར་ཁེ་ལས་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་གཅིག་སྡུད་ལམ་ལུགས་དོན་འཁྱོལ་བྱས་ཏེ། ཁེ་ལས་དང་འབྲེལ་བ་ཡོད་པའི་ཐོ་འགོད་སྙན་སེང་དང་སྲིད་འཛིན་ཞིབ་མཆན་འགོད་པ། བརྡ་སྦྱོར་བར་ཁས་ལེན་པ། སྲིད་འཛིན་ཐོག་ནས་ཆད་གཅོད། ཁྲིམས་འཛིན་གཞོགས་འདེགས། དེ་བཞིན་འབྲེལ་ཡོད་ཡིད་རྟོན་ཆ་འཕྲིན་སོགས་ཡིད་རྟོན་ཀྲུང་གོ(མཚོ་སྔོན)དང་རྒྱལ་ཁབ་ཀྱི་ཁེ་ལས་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག(མཚོ་སྔོན)ཏུ་དུས་ཐོག་དང་གནད་ལ་ཁེལ་བའི་སྒོ་ནས་གཅིག་སྡུད་བྱས་ནས། དེ་བས་ཆེ་བའི་ཁྱབ་ཁོངས་དང་དེ་བས་ཟབ་པའི་རིམ་པར་ཁེ་ལས་ཀྱི་རྨང་གཞིའི་ཆ་འཕྲིན་དང་འབྲེལ་ཡོད་ཡིད་རྟོན་ཆ་འཕྲིན། ཁྲིམས་འགལ་སྒྲིག་འགལ་གྱི་ཆ་འཕྲིན་སོགས་གཅིག་སྡུད་བྱས་ནས་མཉམ་སྤྱོད་དང་ལས་སྒོ་མཉམ་སྒྲུབ་བྱ་དགོས། (2) བཟོ་ཚོང་ཐོ་འགོད་དང་འབྲེལ་བ་ཡོད་པའི་རྗེས་སུ་ཞིབ་མཆན་འགོད་པའི་བཅོས་སྒྱུར་དོན་ཚན་ལ། “བརྡ་སྦྱོར་བ་གཉིས”ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། ཐོ་འགོད་གཙོ་གཉེར་སྡེ་ཁག་གིས་ཐོ་འགོད་ཆ་འཕྲིན་དུས་ཐོག་ཏུ་རྒྱལ་ཁབ་ཀྱི་ཁེ་ལས་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་གི་མཉམ་སྒྲུབ་ཀྱི་ལྟ་སྐུལ་དོ་དམ་ལས་སྟེགས(གཤམ་དུ“མཉམ་སྒྲུབ་ཀྱི་ལྟ་སྐུལ་དོ་དམ་ལས་སྟེགས”ཞེས་བསྡུ་རྒྱུ)བརྒྱུད་དེ། རིམ་པ་གཅིག་མཚུངས་ཀྱི་སྲིད་འཛིན་ཞིབ་མཆན་འགོད་མཁན་སྡེ་ཁག་དང་ལས་རིགས་གཙོ་གཉེར་སྡེ་ཁག་ལ་བརྡ་སྦྱོར་བར་བརྒྱུད་སྐྱེལ་བྱ་དགོས། སྲིད་འཛིན་ཞིབ་མཆན་འགོད་མཁན་སྡེ་ཁག་དང་ལས་རིགས་གཙོ་གཉེར་སྡེ་ཁག་གིས་རྗེས་དེད་ནས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་ཀྱིས་འབྲེལ་ཡོད་ཞིབ་མཆན་འགོད་པའམ་ཆོག་འཐུས་འགྲོ་ལུགས་དུས་ཐོག་ཏུ་སྒྲུབ་པར་སྐུལ་འདེད་གཏང་དགོས་པར་མ་ཟད། ཐོ་འགོད་སྙན་སེང་གི་དོན་ཚན་དང་ཞིབ་མཆན་བཀོད་པའི་མཇུག་འབྲས་ཀྱི་ཆ་འཕྲིན་གཅིག་སྡུད་བྱས་ནས་དེ་དང་མཐུན་པའི་ཁེ་ལས་ཀྱི་མིང་ཐོག་ཏུ་དགོད་དགོས། (3) སྲིད་གཞུང་སྡེ་ཁག་གི་ཁེ་ལས་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་ཐོན་ཁུངས་གཅིག་སྡུད་དཀར་ཆག་གང་མགྱོགས་ངང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚད་གཞི་ལྡན་པའི་ཁེ་ལས་ཀྱི་རྨང་གཞིའི་ཆ་འཕྲིན་ཐོན་ཁུངས་མཛོད་གཟུགས་དགོས། རེ་ཞུའི་དཔྱད་ཡིག་བསྐྱར་དུ་འབུལ་བ་དང་། ཡང་བསྐྱར་ཞིབ་བཤེར་དང་དཔང་ཡིག་བསྐྱར་ཟློས་བྱེད་པ་སོགས་བསམ་འཆར་ཆེ་བའི་གནད་དོན་ལ་དམིགས་ནས་སྡེ་ཁག་བར་གྱི་ཆ་འཕྲིན་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་ཞིང་། དཔྱད་ཡིག་གཅིག་མཚུངས་ཐེངས་གཅིག་ཏུ་འདོན་སྤྲོད་དང་ཆ་འཕྲིན་གཅིག་མཚུངས་ཐེངས་གཅིག་ཏུ་འཚོལ་སྡུད། དཔང་ཡིག་གཅིག་མཚུངས་ཐེངས་གཅིག་ཏུ་ཞིབ་བཤེར་བཅས་བྱས་ནས་ཆ་འཕྲིན་མང་དུ་གཏོང་བ་དང་མང་ཚོགས་ཉུང་རྒྱུག་བྱེད་པར་སྐུལ་འདེད་གཏང་དགོས།

གསུམ། ལས་བགོས་འགན་འཁྲི།

(གཅིག) ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཆོག་འཐུས་དོན་ཚན་གྱི་གསལ་ཐོ་དོ་དམ་ལམ་ལུགས་གཟུགས་དགོས། ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཆོག་འཐུས་དོན་ཚན་ཚང་མ“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ཕྱོགས་ཡོངས་སུ་ཁྱབ་པར་བྱེད་པའི་དོན་ཚན་གསལ་ཐོའི་དོ་དམ་ནང་བཅུག་ནས། 《མཚོ་སྔོན་ཞིང་ཆེན་གྱི“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ཕྱོགས་ཡོངས་སུ་ཁྱབ་པར་བྱེད་པའི་དོན་ཚན་གསལ་ཐོ》ལེགས་སྒྲིག་བྱས་ཏེ་འགྲུབ་པར་འཇུག་ཅིང་། གཙོ་གཉེར་སྡེ་ཁག་དང་བཅོས་སྒྱུར་དོན་ཚན། ཆོག་འཐུས་ལག་ཁྱེར་གྱི་མིང་། གཏན་ཁེལ་གྱི་གཞི་འཛིན་ས། ལག་བསྟར་རིམ་པ། བཅོས་སྒྱུར་བྱེད་སྟངས། བཅོས་སྒྱུར་བྱེད་ཐབས་ཞིབ་ཕྲ། ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཐབས་སོགས་ཀྱི་ནང་དོན་རེ་རེ་བཞིན་གསལ་པོར་དགོད་དགོས། གསལ་ཐོ་ལས་གཞན་ཁེ་ལས(སྒེར་གཉེར་བཟོ་ཚོང་བ་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་འདུས་ཡོད། གཤམ་དུ་མཚུངས)འབྲེལ་ཡོད་ལས་རིགས་སམ་ཁྱབ་ཁོངས་སུ་ཞུགས་པར་གཏན་འབེབས་དང་འགལ་ནས་ཚོད་འཛིན་བྱེད་མི་ཆོག་ལ། ཁེ་ལས་ལ་ལས་གཉེར་ལག་ཁྱེར་ཐོབ་རྗེས་རང་བདག་གིས་གཉེར་སྐྱོང་བྱེད་ཆོག བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་སོགས་གསར་འཛུགས་དང་བཟོ་བཅོས། རྩིས་མེད་དུ་གཏོང་བའི་གནས་ཚུལ་ལ་གཞིགས་ནས《མཚོ་སྔོན་ཞིང་ཆེན་གྱི“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ཕྱོགས་ཡོངས་སུ་ཁྱབ་པར་བྱེད་པའི་དོན་ཚན་གསལ་ཐོ》ལ་གོ་རིམ་ལྟར་སྐབས་བསྟུན་ལེགས་སྒྲིག་བྱེད་པར་མ་ཟད། སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་དགོས། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་སོ་སོས་བཅའ་ཁྲིམས་དང་ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ཁེལ་བྱས་པའི་ལེགས་སྒྲིག་བྱས་ཚུལ་གཞིར་བཟུང་ནས། ས་ཁུལ་དེ་ག་དང་སྡེ་ཁག་དེ་ག་ཡིས་གཏན་ལ་ཕབ་པའི་སྒྲིག་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆར་དུས་ཐོག་ཏུ་དེར་མཐུན་གྱི་ལེགས་སྒྲིག་བྱས་ཏེ། “འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི” བཅོས་སྒྱུར་དང་མཐུན་པའི་དོ་དམ་ལམ་ལུགས་གཟུགས་དགོས།

(གཉིས)ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་གཏོད་དང་ཤུགས་སྣོན་བརྒྱག་དགོས། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་ལས་བགོས་འཆར་གཞི་སྐོར་གྱི་བརྡ་སྦྱོར》(མཚོ་ སྲིད་གཞུང་ལས་ཐིན〔2020〕ཨང1པོ)གྱི་བླང་བྱ་དང་ཞིབ་བསྡུར་ནན་པོ་བྱས་ཏེ། “སུས་ཞིབ་མཆན་བཀོད་ན་དེས་ལྟ་སྐུལ་དོ་དམ་དང་སུས་གཙོ་གཉེར་བྱས་ན་དེས་ལྟ་སྐུལ་དོ་དམ་བྱེད་པའི”རྩ་དོན་ལྟར་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་དངོས་གནས་ཤུགས་བསྣན་ནས། “ཆོག་མཆན་མ་བཀོད་ན་དོ་དམ་མི་བྱེད་པ”དང“ཆོག་མཆན་འགོད་པ་ལས་དོ་དམ་མི་བྱེད་པ”། “ཆོག་མཆན་གཟབ་ནན་གྱིས་བཀོད་ཀྱང་དོ་དམ་ལྷོད་དུ་གཏོང་བ”སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱ་དགོས། 2020ལོའི་ལོ་མཇུག་ཏུ་ཐོན་ཚེ་ཁྲོམ་རར་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྡེ་ཁག་གི“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་ཕྱོགས་ཡོངས་སུ་ཁྱབ་པར་བྱེད་པ་དང་། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཁྲོམ་རར་ལྟ་སྐུལ་དོ་དམ་ཁྱབ་ཁོངས་སུ་མཉམ་འབྲེལ་བྱས་ནས“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་རྒྱུན་རྣམ་ཅན་དུ་འགྱུར་བར་བྱ་དགོས། ལོ་གསུམ་ནས་ལྔའི་བར་གྱི་དུས་ཡུན་ནང་ཁྲོམ་རར་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་ལམ་སྲོལ་གསར་བ་སྔར་བས་འཐུས་ཚང་དུ་བཏང་ནས། ཕྱོགས་བསྡུས་ཀྱིས་ལྟ་སྐུལ་དོ་དམ་དང་རིག་ལྡན་སྒོས་ལྟ་སྐུལ་དོ་དམ་བྱེད་པར་བརྩོན་ལེན་བྱ་དགོས། ཡིད་རྟོན་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་ཏེ་སྒྲིག་འགལ་གྱིས་གཉེར་སྐྱོང་བྱེད་པ་སོགས་ཀྱི་བྱ་སྤྱོད་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པར་མ་ཟད། ཡིད་རྟོན་གྱི་ཟིན་ཐོར་བཀོད་ནས་ཁ་དན་ཚིག་ལ་མ་གནས་པར་མཉམ་འབྲེལ་གྱིས་ཆད་པ་གཅད་དགོས། སྤྱི་ཚོགས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཐོག ཁྲིམས་ལྟར་དུས་ཐོག་ཏུ་ཞུ་གཏུག་དང་ཐེར་འདོན་བྱས་པ་དག་ཐག་བཅད་དེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁྲོམ་རའི་སྒྲིག་ལམ་བཅོས་སྐྱོང་ནང་ཞུགས་པར་ཁྲིད་སྟོན་བྱ་དགོས། ལག་རྩལ་གསར་བ་དང་ལས་རྣམ་གསར་བ། ཐོན་ལས་གསར་བ། རྣམ་པ་གསར་བ་བཅས་ལ་ཁོང་ཡངས་གཟབ་ནན་སྒོས་ལྟ་སྐུལ་དོ་དམ་བྱེད་པ་དང་། ཉེན་ཁ་ཆེ་བའི་ལས་རིགས་དང་ཁྱབ་ཁོངས་གཙོ་གནད་དུ་བཟུང་ནས་ལྟ་སྐུལ་དོ་དམ་བྱེད་ཅིང་། ཁྲིམས་དང་ཚབས་ཆེན་པོར་འགལ་ནས་གཉེར་སྐྱོང་བྱས་པའི་ཁེ་ལས་དང་འབྲེལ་ཡོད་འགན་འཁུར་མི་སྣར་ཁྲིམས་ལྟར་འབྲེལ་ཡོད་འཁྲོལ་འཛིན་དང་ལག་ཁྱེར་ཕྱིར་བསྡུ་བ་དང་། ཁྲོམ་རར་ཞུགས་པར་གཏན་འགོག་བྱེད་ཐབས་ལག་བསྟར་བྱ་དགོས།(ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་སོ་སོ་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་ཁུར་ནས་རྒྱུན་མཐུད་ངང་སྐུལ་འདེད་གཏང་དགོས།)

(གསུམ) ཁེ་ལས་ཀྱི་ཐོ་འགོད་གཉེར་སྐྱོང་ཁྱབ་ཁོངས་དང་གཉེར་སྐྱོང་ཆོག་འཐུས་ཞུ་བ་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏང་དགོས། ཞིང་ཆེན་རིམ་པའི་སྲིད་འཛིན་ཆོག་འཐུས་དང་ལས་རིགས་གཙོ་གཉེར་སྡེ་ཁག་སོ་སོས་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་གྲོས་མོལ་བྱས་ཏེ་ས་གནས་རིམ་པའི་ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཆོག་འཐུས་དོན་ཚན་གྱི་བབ་དང་མཚུངས་པའི་གཉེར་སྐྱོང་ཁྱབ་ཁོངས་ཀྱི་ཚད་ལྡན་ཅན་གྱི་ཞིབ་བརྗོད་གཏན་ཁེལ་བྱེད་པ་དང་། ཆོག་འཐུས་དོན་ཚན་དང་གཉེར་སྐྱོང་ཁྱབ་ཁོངས་ཕན་ཚུན་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏང་དགོས་པར་མ་ཟད། གཉེར་སྐྱོང་ཁྱབ་ཁོངས་སུ་བཅུད་པའི་ཚད་ལྡན་གྱི་དོན་ཚན་དེ་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ལ་ཞིབ་བཤེར་བྱ་རྒྱུར་དབུལ་དགོས། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གཉེར་སྐྱོང་ཁྱབ་ཁོངས་ཚད་ལྡན་གྱི་དོན་ཚན་དེ་སྒུལ་བྱེད་དུ་བཟུང་ནས་ལས་སྒོའི་ཆ་འཕྲིན་མ་ལག་དང་མཉམ་སྒྲུབ་ཀྱི་ལྟ་སྐུལ་དོ་དམ་ལས་སྟེགས་རིམ་སྤར་སྒྱུར་བཀོད་བྱས་ནས། ཁེ་ལས་ཀྱི་ཐོ་འགོད་ཆ་འཕྲིན་དེ་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་ལ་གནད་ལ་ཁེལ་བའི་སྒོ་ནས་བརྒྱུད་སྐྱེལ་ཐུབ་པར་ཁག་ཐེག་བྱ་དགོས། རིམ་པ་སོ་སོའི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁེ་ལས་ཐོ་འགོད་བྱེད་སྐབས་ཁེ་ལས་ཀྱིས་གཉེར་སྐྱོང་ཁྱབ་ཁོངས་ཀྱི་ཚད་ལྡན་ཅན་གྱི་དོན་ཚན་གཞིར་བཟུང་ནས་གཉེར་སྐྱོང་ཁྱབ་ཁོངས་རང་བདག་གིས་གདམ་ག་བྱས་ཏེ་རེ་ཞུ་བྱེད་པར་མཛུབ་ཁྲིད་བྱ་དགོས་པར་མ་ཟད། བསྒྲུབ་དགོས་པའི་གཉེར་སྐྱོང་ཆོག་འཐུས་དོན་ཚན་དེ་དག་ཁེ་ལས་ལ་གསལ་བོར་བརྡ་སྦྱར་ནས། ཁེ་ལས་ཀྱི་ཐོ་འགོད་ཆ་འཕྲིན་མཉམ་སྒྲུབ་ལྟ་སྐུལ་དོ་དམ་ལས་སྟེགས་བརྒྱུད་དེ་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་ལ་གནད་ལ་ཁེལ་བའི་སྒོ་ནས་བརྒྱུད་སྐྱེལ་བྱ་དགོས་ཤིང་། འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་ཚད་ལྡན་ཅན་གྱི་གཉེར་སྐྱོང་ཁྱབ་ཁོངས་ཞིབ་བརྗོད་ཀྱི་འབྲེལ་ཡོད་བླང་བྱ་དང་། “བརྡ་སྦྱོར་བ་གཉིས”ཀྱི་འབྲེལ་ཡོད་གཏན་འབེབས་དོན་འཁྱོལ་ནན་པོ་བྱས་ཏེ། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་བརྒྱུད་སྐྱེལ་བྱས་པའི་ཁེ་ལས་ཀྱི་ཐོ་འགོད་ཆ་འཕྲིན་དུས་ཐོག་ཏུ་བསྡུ་ལེན་བྱ་དགོས་པར་མ་ཟད། སྒྲུབ་གཉེར་བྱས་འབྲས་དང་འབྲེལ་ཡོད་ཆ་འཕྲིན་དེ་མཉམ་སྒྲུབ་ཀྱི་ལྟ་སྐུལ་དོ་དམ་ལས་སྟེགས་སུ་བརྒྱུད་སྐུར་བྱ་དགོས།(ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ལས་བགོས་འགན་འཁྲི་ལྟར་འགན་ཁུར་ནས2020ལོའི་ཟླ12པའི་ཟླ་མཇུག་གི་སྔོན་དུ་ཡོངས་འགྲུབ་བྱ་དགོས།)

(བཞི) གཉེར་སྐྱོང་ཁྱབ་ཁོངས་ཚད་ལྡན་ཅན་དུ་ཐོ་འགོད་བྱ་བ་ཧུར་ཐག་གིས་ཁྱབ་སྤེལ་ བྱ་དགོས། རིམ་པ་སོ་སོའི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་དཔར་འགྲེམ་བྱས་པའི《གཉེར་སྐྱོང་ཁྱབ་ཁོངས་ཐོ་འགོད་བྱེད་པའི་ཚད་ལྡན་གྱི་ཞིབ་བརྗོད་དཀར་ཆག(ཚོད་ལྟའི་ལག་བསྟར)》(པར་གཞི1.0.0)》ལྟར་ཚད་ལྡན་ཅན་གྱི་གཉེར་སྐྱོང་ཁྱབ་ཁོངས་ཀྱི་འདྲི་རྩད་ཐབས་ལམ་ཡོངས་བསྒྲགས་དང་འབྲེལ་ཡོད་ཆ་འཕྲིན་མ་ལག་རིམ་སྤར་སྒྱུར་བཀོད་བྱས་ཏེ། རེ་འདུན་ཞུ་མཁན་གྱིས་གཉེར་སྐྱོང་ཁྱབ་ཁོངས་ཚད་ལྡན་ཅན་གྱི་ཞིབ་བརྗོད་འདྲི་རྟོག་དང་གདམ་ག་བྱེད་པར་སྟབས་བདེ་བཟོ་དགོས་ཤིང་། ཐོར་འགོད་པ་དང་གཉེར་སྐྱོང་ཁྱབ་ཁོངས་བསྒྱུར་བར་ཐོ་འགོད་བྱེད་ཁྲོད་ཚང་མར《གཉེར་སྐྱོང་ཁྱབ་ཁོངས་ཐོ་འགོད་བྱེད་པའི་ཚད་ལྡན་གྱི་ཞིབ་བརྗོད་དཀར་ཆག(ཚོད་ལྟའི་ལག་བསྟར)》(པར་གཞི1.0.0)》ལས་གཏན་ཁེལ་བྱས་པའི་ཚད་ལྡན་དོན་ཚན་སྤྱད་དགོས་པར་མ་ཟད། “སྤྱིར་བཏང་གི་དོན་ཚན”དང“ཆོག་འཐུས་དོན་ཚན”ལྟར་རིགས་བཀར་ནས་ཚད་ལྡན་གྱི་མཆན་དགོད་དགོས། འབྲེལ་ཡོད་གཙོ་གཉེར་སྡེ་ཁག་དང་རིམ་པ་སོ་སོའི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཐོན་ལས་ཀྱི་ཚ་གནད་དང་ཁེ་ལས་ཀྱི་དགོས་མཁོར་རང་འགུལ་གྱིས་དོ་ཁུར་དང་རྗེས་བསྙེགས་ནས་ཞིབ་འཇུག་བྱས་ཐོག ལྟོས་ཟླའི་འབྲེལ་བ་ཁ་གསལ་མེད་པའི་ལས་རིགས་དང་གཉེར་སྐྱོང་རྣམ་གྲངས་སོགས་ལ་དུས་ཐོག་ཏུ་ལེགས་སྒྲིག་བྱེད་པར་མ་ཟད། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ལ་སྙན་སེང་ཞུས་ནས་གཅིག་གྱུར་གྱིས་ཕྱོགས་བསྡོམས་བྱས་རྗེས་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ལ་གཉེར་སྐྱོང་ཁྱབ་ཁོངས་ཐོ་འགོད་བྱེད་པའི་ཚད་ལྡན་གྱི་ཞིབ་བརྗོད་དཀར་ཆག་ནང་འཇུག་པར་དབུལ་དགོས།(ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྣེ་འཁྲིད་པ་དང་། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་སོ་སོས་གཞོགས་འདེགས་བྱས་ནས་རྒྱུན་མཐུད་ངང་སྐུལ་འདེད་གཏང་དགོས།)

(ལྔ) ཆ་འཕྲིན་མཉམ་སྤྱོད་དྲ་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་གློག་རྡུལ་སྲིད་དོན་ཕྱི་དྲ་འཛུགས་སྐྲུན་བྱེད་པར་གང་མགྱོགས་སྒོས་སྐུལ་འདེད་བཏང་ཐོག གཞུང་ཕྱོགས་ནས་ཞིང་ཆེན་དང་། གྲོང་ཁྱེར་དང་ཁུལ། རྫོང་། ཤང་དང་གྲོང་རྡལ་བཅས་རིམ་པ་བཞིར་ཁྱབ་པ་དང་འཕྲེད་ཕྱོགས་ནས་རིམ་པ་དེ་གའི་སྲིད་གཞུང་གི་སྡེ་ཁག་ཚང་མར་ཁྱབ་པའི་དྲ་རྒྱ་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་། རིམ་པ་སོ་སོའི་སྲིད་འཛིན་ཞིབ་མཆན་འགོད་མཁན་དང་ལས་རིགས་གཙོ་གཉེར་སྡེ་ཁག་བཅས་ཀྱིས་གློག་རྡུལ་སྲིད་དོན་ཕྱི་དྲ་ཐོག་ཏུ་བཀོད་སྒྲིག་བྱས་པའི་སྲིད་དོན་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་བརྗེ་རེས་ལས་སྟེགས་དང་མཉམ་སྒྲུབ་ཀྱི་ལྟ་སྐུལ་དོ་དམ་ལས་སྟེགས་བརྒྱུད་ནས། དུས་ཐོག་ཏུ་གནད་ལ་ཁེལ་བའི་སྒོ་ནས་ཁེ་ལས་ཀྱི་ཐོ་འགོད་ཆ་འཕྲིན་ཐོབ་པ་དང་སྒྲུབ་གཉེར་བྱས་འབྲས་ཀྱི་ཆ་འཕྲིན་བརྒྱུད་སྐྱེལ་བྱེད་པ་སོགས་ལ་སྦྲེལ་དྲའི་ཐོག་ནས་འདེགས་སྐྱོར་མཁོ་འདོན་བྱ་དགོས།(རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་འགན་འཁུར་བ་དང་། ཞིང་ཆེན་སྲིད་གཞུང་གི་ཆ་འཕྲིན་དང་སྲིད་དོན་ཡོངས་བསྒྲགས་གཞུང་ལས་ཁང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་བཅས་ཀྱིས་གཞོགས་འདེགས་བྱས་ནས2020ལོའི་ཟླ11པའི་ཟླ་མཇུག་གི་སྔོན་དུ་ཡོངས་འགྲུབ་བྱ་དགོས།)

(དྲུག) ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཆ་འཕྲིན་གཅིག་སྡུད་བྱས་ནས་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཁེ་ལས་ཐོ་འགོད་དང་གཉེར་སྐྱོང་ཆོག་འཐུས། ཐོ་འགོད་སྙན་སེང་། ཁྲིམས་འཛིན་ཞིབ་བཤེར། སྲིད་འཛིན་ཆད་གཅོད་སོགས་ཀྱི་ཆ་འཕྲིན་དེ་ཞིང་ཆེན་སྲིད་དོན་ཆ་འཕྲིན་མཉམ་སྤྱོད་བརྗེ་རེས་ལས་སྟེགས་སུ་དུས་ཐོག་ཏུ་གཅིག་སྡུད་བྱས་ནས། རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་པ་ཕུད། རྒྱལ་ཡོངས་གཞི་གཅིག་ཅན་གྱི་དྲ་ཐོག་སྲིད་དོན་ཞབས་ཕྱིའི་ལས་སྟེགས་དང་ཡིད་རྟོན་ཀྲུང་གོ(མཚོ་སྔོན)། རྒྱལ་ཁབ་ཀྱི་ཁེ་ལས་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག(མཚོ་སྔོན)བཅས་ཀྱིས་ཞིང་ཆེན་སྲིད་དོན་ཆ་འཕྲིན་མཉམ་སྤྱོད་བརྗེ་རེས་ལས་སྟེགས་བརྒྱུད་ནས་འབྲེལ་ཡོད་ཆ་འཕྲིན་ཐོབ་པར་བྱས་ཏེ། ཁེ་ལས་ཀྱི་གཉེར་སྐྱོང་ལ་འབྲེལ་བ་ཡོད་པའི་སྲིད་གཞུང་གི་ཆ་འཕྲིན་གཅིག་བསྡུས་ཀྱིས་མཉམ་སྤྱོད་ཐུབ་པར་བྱ་དགོས། རིམ་པ་སོ་སོའི་སྲིད་གཞུང་སྡེ་ཁག་གིས་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་བརྒྱུད་དེ་ཐོབ་ཐུབ་པའི་ཆ་འཕྲིན་གཅིག་ཀྱང་ར་ཁེ་ལས་ལ་མཁོ་འདོན་བྱ་དགོས་པའི་བླང་བྱ་འདོན་མི་ཆོག དམིགས་བསལ་གྱི་གནས་ཚུལ་ལས་གཞན་ཞིང་ཆེན་སྲིད་དོན་ཆ་འཕྲིན་མཉམ་སྤྱོད་བརྗེ་རེས་ལས་སྟེགས་ཐད་ཀར་བརྒྱུད་དེ་ཁེ་ལས་ཐོ་འགོད་ཆ་འཕྲིན་མཉམ་སྤྱོད་བྱེད་པའི་རེ་ཞུ་འདོན་པ་དང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ལ་ཞུ་འབུལ་བྱས་ནས་ཞིབ་བཤེར་གཏན་འབེབས་བྱ་མི་དགོས། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གློག་རྡུལ་ལས་གཉེར་ལག་ཁྱེར་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ཐོག ཞབས་ཕྱི་ཉོ་སྒྲུབ་སོགས་བྱ་ཐབས་སྤྱད་དེ། རིམ་པ་སོ་སོའི་སྲིད་གཞུང་སྡེ་ཁག་གིས་གློག་རྡུལ་ལས་གཉེར་ལག་ཁྱེར་གྱི་ཡིག་ཆ་མཉམ་སྤྱོད་བྱ་རྒྱུར་ཆ་འཕྲིན་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱ་དགོས། རིམ་པ་སོ་སོའི་སྲིད་གཞུང་སྡེ་ཁག་གིས་མཉམ་སྤྱོད་བྱེད་ཐབས་སྤྱད་ནས་གློག་རྡུལ་ལས་གཉེར་ལག་ཁྱེར་གྱི་ཡིག་ཆ་ཐོབ་རྗེས་རེ་འདུན་ཞུ་མཁན་ལ་ཤོག་བུའི་ལས་གཉེར་ལག་ཁྱེར་དང་བསྐྱར་དཔར་ཡིག་ཆ་ཡང་བསྐྱར་སྤྲད་དགོས་པའི་བླང་བྱ་འདོན་མི་ཆོག (ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་སྲིད་གཞུང་གི་ཆ་འཕྲིན་དང་སྲིད་དོན་ཡོངས་བསྒྲགས་གཞུང་ལས་ཁང་། ཞིང་ཆེན་སྲིད་དོན་ཞབས་ཕྱི་ལྟ་སྐུལ་དོ་དམ་ཅུས་བཅས་ཀྱིས་སྣེ་འཁྲིད་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལས་བགོས་འགན་འཁྲི་ལྟར་འགན་ཁུར་ནས2020ལོའི་ཟླ11པའི་ཟླ་མཇུག་གི་སྔོན་དུ་ཡོངས་འགྲུབ་བྱ་དགོས།)

བཞི། འགན་སྲུང་བྱེད་ཐབས།

(གཅིག) རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣན་དགོས། ཞིང་ཆེན་སྲིད་གཞུང་གིས་སྲིད་གཞུང་གི་འགན་ནུས་སྒྱུར་བར་སྐུལ་འདེད་གཏོང་བ་དང“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་མཐུན་སྦྱོར་ཚན་ཆུང་གིས་ཞིང་ཆེན་ཡོངས་ཀྱི“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ཕྱོགས་ཡོངས་སུ་ཁྱབ་པར་བྱེད་པའི་བྱ་བར་སྤྱི་འདོམས་བྱེད་འགན་འཁུར་དགོས། ཞིང་ཆེན་སྲིད་གཞུང་གི་ཞིབ་བཤེར་བཅོས་སྒྱུར་གཞུང་ལས་ཁང་དང་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་ཁྲིམས་འཛིན་ཐིན་བཅས་ཀྱིས་སྣེ་ཁྲིད་དེ་བཅོས་སྒྱུར་ ལ་མཐུན་སྦྱོར་སྐུལ་འདེད་གཏོང་འགན་དངོས་སུ་འཁུར་བ་དང་། བརྟག་དཔྱད་ཞིབ་འཇུག་དང་སྲིད་ཇུས་འགྲེལ་བཤད། མཐུན་སྦྱོར་མཛུབ་ཁྲིད། ཁྲིམས་སྐྱོང་འགན་ལེན། དོན་འཁྱོལ་ལ་སྐུལ་འདེད། ཕྱོགས་བསྡོམས་དཔྱད་དཔོག་སོགས་ཐད་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ཕྱོགས་ཡོངས་སུ་ཁྱབ་པར་བྱེད་པའི་བྱ་བའི་གལ་ཆེན་རང་བཞིན་དང་རྙོག་འཛིང་རང་བཞིན། དཀའ་ཚེགས་ཆེ་བའི་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱས་ཐོག་བྱ་བ་དེ་གྲོས་རིམ་ཉིན་ཐོ་གལ་ཆེན་ནང་བཅུག་ནས་ལས་འགན་ཞིབ་ཕྲར་དབྱེ་ཕྲལ་བྱེད་པ་དང་། རིམ་པ་རེ་རེ་བཞིན་དུ་འགན་དཀྲིས་ཏེ་གཏན་ལ་ཕབ་པའི་དུས་ཡུན་དུ་བཅོས་སྒྱུར་ལས་འགན་སྣ་ཚོགས་འགྲུབ་ཐུབ་པར་ཁག་ཐེག་བྱ་དགོས།

(གཉིས) བྱ་བ་དོན་འཁྱོལ་བྱེད་པར་ནན་འཛིན་བྱ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྐུལ་ལྕག་དང་གཅུན་སྡོམ་ལམ་སྲོལ་དང་ནོར་རུང་ཡོ་བསྲང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ཐོག བཅོས་སྒྱུར་བྱེད་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་གང་ལེགས་བྱས་ཏེ། གཟེར་མ་འདེབས་པའི་སྙིང་སྟོབས་སྤྱད་ནས་བཅོས་སྒྱུར་ལས་འགན་དོན་ཐོག་ཏུ་འཁྱོལ་བར་ཕྱོགས་ཡོངས་ནས་ལེགས་འཛིན་བྱ་དགོས། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་སོ་སོས་འབྲེལ་ཡོད་ཆ་འཕྲིན་མ་ལག་རིམ་སྤར་སྒྱུར་བཀོད་ལ་དངོས་གནས་སྐུལ་འདེད་བཏང་ནས། རེ་འདུན་ཞུ་མཁན་གྱིས་རེ་ཞུ་འབུལ་བར་སྟབས་བདེ་བཟོ་བ་དང་། སྡེ་ཁག་གིས་ཆ་འཕྲིན་མཉམ་སྤྱོད་བྱེད་པར་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱ་དགོས། བཅོས་སྒྱུར་གྱི་འཕེལ་རིམ་གྱི་རྗེས་དམ་པོར་སྙེག་པ་དང་ལག་བསྟར་བྱས་ཚུལ་ཕྱོགས་བསྡོམས་དང་དཔྱད་དཔོག་བྱེད་པ། སྲིད་ཇུས་དང་བྱེད་ཐབས་དུས་ཐོག་ཏུ་འཐུས་ཚང་དུ་གཏོང་བ། དཔེར་མཚོན་ཉམས་མྱོང་ཤེས་རྟོགས་དང་ཁྱབ་གདལ་དུ་གཏོང་བ་བཅས་བྱས་ནས། བཅོས་སྒྱུར་ལ་སྔོན་དཔག་གི་ཕན་འབྲས་འཐོབ་པར་ཁག་ཐེག་བྱས་ཏེ་ཁེ་ལས་ཀྱི་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས།

(གསུམ) དྲིལ་བསྒྲགས་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ས་ཁུལ་དེ་ག་དང་སྡེ་ཁག་དེ་གའི་དོན་དངོས་དང་སྦྲེལ་ནས་གོ་བདེ་ཞིང་ཤེས་སླ་བའི་དྲིལ་བསྒྲགས་བྱེད་ཐབས་སྤྱད་དེ། “འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ཕྱོགས་ཡོངས་སུ་ཁྱབ་པར་བྱེད་པའི་སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་བྱ་བ་ལེགས་པོར་སྒྲུབ་པ་དང་། བཅོས་སྒྱུར་སྲིད་ཇུས་ཤེས་རྟོགས་བྱུང་ཚད་རྒྱ་ཆེར་བཏང་སྟེ་བཅོས་སྒྱུར་ལ་ཕན་པའི་སྣང་ཚུལ་བཟང་པོ་ཞིག་བསྐྲུན་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་ལས་སྒོའི་གསོ་སྦྱོང་ལེགས་འཛིན་བྱས་ཏེ་གཞི་རིམ་གྱི་ལས་སྒོ་མི་སྣའི་ལག་བསྟར་ནུས་པ་ཆེ་རུ་གཏོང་བ་དང་། ཞིབ་མཆན་འགོད་པའི་ཞབས་ཕྱིའི་ཕན་ནུས་ཆེ་རུ་བཏང་ནས་བཅོས་སྒྱུར་ལ་བདེ་བླག་ངང་སྐུལ་འདེད་གཏོང་ཐུབ་པར་ཁག་ཐེག་བྱ་དགོས།

《ཇུས་གཞི》འདི་དཔར་འགྲེམ་བྱས་ཉིན་ནས་བཟུང་སྟེ་ལག་བསྟར་བྱ་དགོས། 2018ལོའི་ཟླ5བའི་ཚེས5ཉིན་ལ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དཔར་འགྲེམ་བྱས་པའི《ཞིང་ཆེན་ཡོངས་སུ“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ཚོད་ལྟ་བྱེད་པའི་ལག་བསྟར་ཇུས་གཞིའི་སྐོར་གྱི་བརྡ་སྦྱོར》(མཚོ་སྲིད〔2018〕ཨང38པ)དང2018ལོའི་ཟླ11པའི་ཚེས7ཉིན་ལ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དཔར་འགྲེམ་བྱས་པའི《མཚོ་སྔོན་ཞིང་ཆེན་གྱིས“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ཕྱོགས་ཡོངས་ནས་སྤེལ་བའི་ལག་བསྟར་ཇུས་གཞིའི་སྐོར་གྱི་བརྡ་སྦྱོར》(མཚོ་སྲིད〔2018〕ཨང82པ)དུས་མཉམ་དུ་རྩིས་མེད་དུ་གཏང་དགོས།