ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ།


ཉེ་ཆར། ནུབ་ཁུལ་འཆར་གཞིའི་ཕྱིར་རྒྱལ་ཡོངས་ས་ཁུལ་སོ་སོ་ནས་ཡོང་བའི་དང་བླངས་པ26མདོ་ལ་རྒྱལ་ཁབ་སྤྱི་གླིང་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲུང་སྐྱོང་ས་ཚིགས་སུ་བསྐྱོད་དེ། སྔོན་རབས་པ་ཇི་བཞིན་བསྐྱར་དུ་དང་བླངས་དམ་བཅས་ཕུལ་ཞིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱར་སློབ་སྦྱོང་བྱས་ཏེ། མདོ་ལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གནས་ཚུལ་དང་་སྲུང་སྐྱོང་པའི་རྒྱུན་གཏན་གྱི་བྱ་བ་དང་། ཁོར་སྲུང་རྒྱ་ཁྱོན། སྲོག་ཆགས་དང་རྩི་ཤིང་གི་རིགས་སོགས་ལ་རྒྱུས་ལོན་བྱས་པ་རེད། དང་བླངས་པ་ཚོས་བྱེད་སྒོ་མང་པོ་སྤེལ་བ་བརྒྱུད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྲོལ་གཏོད་མཁན་དང་། ཁྱབ་སྤེལ་བྱེད་མཁན། ལག་ལེན་བྱེད་མཁན་བཅས་བྱེད་དགོས་པའི་སྐུལ་མ་བཏང་ཡོད་པ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།