ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཏང་ཙུའུ་ལྟེ་གནས་ཚན་ཆུང་གི་ཐུན་མོང་སློབ་སྦྱོང་ཚོགས་འདུ་བསྡུས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་ཆེད་དོན་སློབ་སྦྱོང་བྱས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཐུན་མོང་སློབ་སྦྱོང་ཚོགས་འདུ་བསྡུས་ཤིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཆེད་དོན་ལ་བརྗེ་རེས་སློབ་སྦྱོང་བྱས་པའི་མྱོང་ཚོར་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཞིབ་དཔྱོད་དཔོན་མོང་ཡུང་ཧྲན་གྱིས་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གནང་བའི་གཏམ་བཤད་དང《〈རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང2020ལོའི་རྒྱང་རིང་གི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ〉སྐོར་གྱི་གསལ་བཤད》སོགས་ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆར་སློབ་སྦྱོང་བྱས་པ་རེད། ཏང་ཙུའུ་ཡི་ལྟེ་བའི་ཚན་ཆུང་གི་ཁོངས་མིས་རང་ངོས་ཀྱི་བསམ་བློའི་བྱ་བ་དངོས་དང་ཟུང་འབྲེལ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་བླངས་ནས་རྗེས་རེས་གཏམ་བཤད་གནང་བ་རེད།

མོང་ཡུང་ཧྲན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་སྒྲོག ལག་བསྟར་བཅས་བྱ་རྒྱུ་ནི་དེང་སྐབས་དང་རྗེས་ཕྱོགས་དུས་ཡུན་ངེས་ཅན་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད་ལ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་གིས་ཏང་ཀྲུང་དབྱང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། དུས་ཚོད་ཆེད་མངགས་བཀོད་སྒྲིག་བྱས་ནས་ཆེད་དོན་སློབ་སྦྱོང་སྒྲིག་འཛུགས་ཡག་པོ་བྱེད་པ་དང་། གཅིག་བསྡུས་ཀྱིས་ཞིབ་བསྡུར་ཡག་པོ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བར་སྐུལ་འདེད་གཏོང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་ཉེན་རྟོག་པའི་བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱ་དགོས་ཤིང་། ཏང་ཀྲུང་དབྱང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱ་དགོས་ཟེར།

མེང་ཡུང་ཧྲན་གྱིས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱས་ཏེ་དགོངས་དོན་གྱི་ངོ་བོར་གོ་བ་ལེན་པ་དང་དོན་སྙིང་གཙོ་བོ་ཁོང་དུ་ཆུད་པར་བྱེད་པའི་ཐད་འབད་བརྩོན་བྱ་དགོས་ལ། ཕྱོགས་ཡོངས་ནས་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་ཏེ་མཐའ་གསལ་མཐིལ་རྟོགས་ཐད་འབད་བརྩོན་བྱེད་དགོས་པ་དང་། བསམ་གཞིག་སློབ་སྦྱོང་གཏིང་ཟབ་བྱས་ཏེ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཐད་འབད་བརྩོན་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱ་དགོས་པ་དང་། ཤེས་སྤྱོད་ཟུང་འབྲེལ་དང་སྦྱངས་པ་གོ་ཆོད་ཀྱི་ཐད་འབད་བརྩོན་བྱེད་པ་དང་སློབ་སྦྱོང་བྱས་པ་བརྒྱུད། ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བསམ་བློ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ། བླང་བྱ་གསར་པ་བཅས་ཤེས་རྟོགས་དང་ཁོང་དུ་ཆུད་པ། ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་རྒྱང་རིང་གི་དམིགས་འབེན་དང་། བྱེད་ཕྱོགས་དང་རྩ་དོན། བྱེད་ཐབས་གལ་ཆེན། ལས་འགན་གཙོ་བོ་བཅས་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་ཏེ། ཁྲིམས་འཛིན་འདུ་ཤེས་དང་ཞིབ་དཔྱོད་འདུ་ཤེས་སྔར་བས་གསར་སྒྱུར་བྱས་ཏེ། མཚོ་སྔོན་གྱི་ཞིབ་དཔྱོད་བྱ་བ་ཁག་ཚང་མས་འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་བླང་བྱ་ཁོང་དུ་ཆུད་པ་དང་འཚམ་པར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞབས་ཞུར་འགན་སྲུང་ཡག་པོ་བྱེད་པ་བཅས་ཀྱི་འཛུགས་སྐྲུན་ཧུར་ཐག་བྱས་ཡོད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།