རིམ་གཉིས་ཞིབ་དཔྱོད་དཔོན་གྱི་ཐོབ་ཐང་ཡོད་མཁན་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་མོང་ཡུང་ཧྲན་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཟུར་ཞུགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། རིམ་གཉིས་ཞིབ་དཔྱོད་དཔོན་གྱི་ལས་ཐོབ་ཡོད་པའི་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་མོང་ཡུང་ཧྲན་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་འདྲི་གཅོད་ཨུ་ལྷན་གྱི་ཚོགས་འདུར་ཁྲིམས་ལྟར་ཟུར་ཞུགས་བྱས་པ་མ་ཟད། སྲོག་ཆད་ཀྱི་འདྲི་གཅོད་གཉིས་པའི་གོང་གཏུག་གྱོད་གཞིར་བསམ་འཆར་བཏོན་ཞིང་། བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་བསྒྲུབ་པ་རེད། རིམ་གཉིས་ཁྲིམས་དཔོན་ཆེན་ཡིན་པའི་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གི་ཡོན་ཀྲང་ཁྲེན་མིང་གོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་སྟེང་། ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གི་གཉེར་འགན་འཁུར་མཁན་ཁྲིམས་དཔོན་གྱིས་གྱོད་གཞི་ཞིབ་གཅོད་བྱས་ཚུལ་དང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་སྒྲུབ་འགན་འཁུར་མཁན་ཞིབ་དཔྱོད་དཔོན་གྱིས་ཞིབ་བཤེར་བསམ་འཆར་བཏོན་རྗེས། མེང་ཡུང་ཧྲན་གྱིས་དོན་དངོས་ངོས་འཛིན་དང་། བདེན་དཔང་བསྡུ་ལེན། བཅའ་ཁྲིམས་སྤྱད་འཐུས་སོགས་ཀྱི་ཐད་ནས་གྱོད་གཞི་དེར་ལྟ་སྐུལ་བསམ་འཆར་བཏོན་པ་རེད།

ཁྲེན་མིན་གོ་ཡིས་བསྟན་དོན། ཞིབ་དཔྱོད་འགོ་འཛིན་རིམ་པ་གཅིག་མཚུངས་ཀྱི་ཁྲིམས་ཁང་གི་འདྲི་གཅོད་ཨུ་ཡོན་ལྷན་ཁང་ལ་ཟུར་ཞུགས་བྱ་རྒྱུ་ནི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་འགན་འཁྲི་སྒྲུབ་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཁྲིམས་འཛིན་དྲང་གཞག་ཡོང་བར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཞིབ་དཔྱོད་ཀྲང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལམ་ལུགས་སྔར་བས་དོན་འཁྱོལ་བྱས་ནས་ཁྲིམས་འཛིན་དྲང་གཞག་སྲུང་སྐྱོང་བྱ་རྒྱུ་རེད།

མོང་ཡུང་ཧྲན་གྱིས་བསྟན་དོན། ཞིབ་དཔྱོད་ལས་ཁུངས་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཡིན་ཞིང་ཞིབ་དཔྱོད་དཔོན་རིམ་མཚུངས་ཁྲིམས་ཁང་འདྲི་གཅོད་ཨུ་ལྷན་ལ་ཟུར་ཞུགས་བྱས་པ་ནི། བཅའ་ཁྲིམས་ཀྱིས་ཞིབ་དཔྱོད་ལས་ཁུངས་ལ་དཀྲིས་པའི་འགན་ནུས་གལ་ཆེན་ཞིག་ཡིན་ཞིང་། ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་ཟུར་ཞུགས་བྱས་པ་བརྒྱུད་ཞིབ་དཔྱོད་དང་ཁྲིམས་ཁང་གཉིས་ཀྱིས་ཡུལ་དངོས་སུ་བསམ་འཆར་བརྗེ་རེས་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས་ཏེ་ཞིབ་དཔྱོད་དང་ཁྲིམས་ཁང་བར་འབྲེལ་འདྲིས་བཟང་པོ་འཛུགས་པ་དང་། བཅའ་ཁྲིམས་གཅིག་གྱུར་དང་ལག་བསྟར་ཡང་དག་བྱ་རྒྱུར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བསམ་བློའི་ངོས་འཛིན་སྔར་ལས་ཇེ་མཐོར་གཏོང་བ་དང་། ཞིབ་དཔྱོད་འགོ་འཛིན་འདྲི་གཅོད་ཨུ་ཡོན་ལྷན་ཁང་དུ་ཟུར་ཞུགས་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་ཏན། ཞིབ་དཔྱོད་དཔོན་གྱིས་འདྲི་གཅོད་ཨུ་ལྷན་གྱི་ལམ་ལུགས་རྒྱུན་རྣམ་ཅན་དུ་འགྱུར་བའི་འགན་ལེན་བྱས་ནས་མཉམ་ཁེ་མཉམ་ཕན་ཡོང་བ་བྱ་དགོས་ཟེར།

ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་། ཞིབ་དཔྱོད་འགོ་འཛིན་གཞོན་པ། རིམ་པ་དང་པོའི་སྐོར་གཡེང་པའི་སྟེགས་བུ། གྱོད་དོན་སྒྲུབ་འགན་འཁུར་བའི་སྡེ་ཁག་གི་འགན་འཁུར་བ་དང་སྒྲུབ་འགན་འཁུར་བའི་ཞིབ་དཔྱོད་དཔོན་མཉམ་དུ་ཟུར་ཞུགས་བྱས།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།