​ཞིང་ཆེན་ཡོངས་ཀྱི་ཡིད་རྟོན་མ་ལག་ཐོག་མ་དེ་ཆ་འཕྲིན་ཅན་གྱི“སློབ་ཁྲིད་ཚན་ཞིབ་ལག་ལེན་རྟེན་གཞིའི”སྒོ་བྱང་བཀལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་ཡིད་རྟོན་ལྟེ་གནས་དང་མཚོ་སྔོན་མི་རིགས་སློབ་ཆེན་རྩིས་འཁོར་སློབ་གླིང་གིས་མཉམ་འབྲེལ་ཐོག་མཚོ་སྔོན་ཞིང་ཆེན་གྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ཆ་འཕྲིན་ཅན་གྱི“སློབ་ཁྲིད་ཚན་ཞིབ་ལག་ལེན་རྟེན་གཞི”ཐོག་མ་དེ་བཙུགས་ནས། “ཆབ་སྲིད་སློབ་གྲྭ་མཉམ་ལས་དང་ཐོན་སློབ་གཉིས་ཕན”གྱི་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གསར་གཏོད་གཏིང་ཟབ་བྱེད་པའི་ཕན་ཡོད་ཚོད་ལྟ་ཞིག་ཏུ་གྱུར་ཡོད།

དེང་སྐབས། རང་ཞིང་གིས་ཞིང་ཆེན་རིམ་པ1དང་། གྲོང་ཁྱེར་དང་ཁུལ8 རྫོང་དང་ཆུས45བཅས་ཀྱི“རིམ་གསུམ་གཞི་གཅིག་ཅན”གྱི་ཡིད་རྟོན་ལས་སྟེགས་ཀྱི་དྲ་ཚིགས་སྡེ་ཚོགས་ཁྱོན་ཡོངས་ནས་བཙུགས་ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་མིའི་སྡེ་ཚན་དང་རང་བྱུང་མིའི་སྤྱི་པའི་ཡིད་རྟོན་ཆ་འཕྲིན“རྨང་གཞིའི་གཞི་གྲངས་མཛོད”ཆེན་པོ་གཉིས་ལ་ཁྱབ་ཡོད་ཅིང་། ཞིང་ཆེན་རིམ་པའི་ཚན་པ78དང་གྲོང་ཁྱེར་དང་ཁུལ1383 ཆུས་དང་རྫོང་རིམ་པའི་ལུས་ཁུངས13དང་གཞི་གྲངས་ འབྲེལ་མཐུད་དང་མཉམ་སྤྱོད་ཐུབ་ཡོད། བསྡོམས་པའི་ཡིད་རྟོན་ཆ་འཕྲིན་ཅི་རིགས་དུང་ཕྱུར2.9ཡོད་པ་རེད། ཚོང་རའི་གྲུབ་ཆ་གཙོ་བོར་ཁྱབ་པའི་ཚེ་སྲོག་གི་དུས་འཁོར་ཧྲིལ་པོ་བཙུགས་ནས་འཐུས་ཚང་དུ་བཏང་ཞིང་། བྱ་བ་སྒྲུབ་རིང་དང་བསྒྲུབས་རྗེས་བཅས་ཀྱི་ལྟ་སྐུལ་དོ་དམ་གྱི་གོ་རིམ་གསར་པ་དང་འབྲེལ་མཐུད་བྱེད་པའི་ལྟ་སྐུལ་དོ་དམ་ལམ་སྲོལ་གསར་པར་རྨང་གཞི་བརྟན་པོ་བཏིང་ཡོད་ལ། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཡིད་རྟོན་མ་ལག“མིག་མངས་འགྲིག་སྐོར་གཅིག་”དང་དུས་མཉམ་དུ་སྐུལ་འདེད་གཏོང་བའི་དམིགས་འབེན་མངོན་འགྱུར་བྱུང་བ་རེད། དེ་དང་ཆབས་ཅིག མཚོ་སྔོན་མི་རིགས་སློབ་ཆེན་རྩིས་འཁོར་སློབ་གླིང་གིས་ཉེ་བའི་ལོ་ཤས་རིང་སློབ་ཁྲིད་སྤུས་ཚད་དང་ཚན་ཞིབ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ།མཚོ་སྔོན་ཞིང་ཆེན་དང་ཐ་ན་རྒྱལ་ཡོངས་སུ་རྩིས་འཁོར་ཆེད་ལས་ཤེས་ལྡན་པ་མང་པོར་གསོ་སྐྱོང་དང་སྐྱེལ་འདྲེན་བྱས་ཡོད།

ཕྱོགས་གཉིས་ཀས་བསྟན་དོན། སླད་ཕྱིན་སྤུས་ལེགས་ཀྱི་ལག་ལེན་དང་ལས་ཞུགས་ལས་སྟེགས་ལ་སྔར་བས་བརྟེན་ནས“ཡིད་རྟོན་མཚོ་སྔོན”འཛུགས་སྐྲུན་དང་གཞི་གྲངས་ཆེན་མོའི་ཆ་འཕྲིན་ཅན་གྱི་ལག་རྩལ་གསར་པ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཞིབ་འཇུག་བྱ་རྒྱུ་རེད། ཚན་ཞིབ་ལས་གཞི་མཉམ་ལས་དང་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས་བྱང་ཚད་མཐོ་བའི་ཆེད་ལས་ལག་རྩལ་ཤེས་ལྡན་པ་སྔར་བས་མང་བ་གསོ་སྐྱོང་བྱ་དགོས་པ་བསྟན།

གཡང་སྐྱིད་ཀྱིས་བསྒྱུར།