ཚན་རིག་ཁྱབ་གདལ་སློབ་གསོ་བྱིས་པའི་དུས་འཛིན་དགོས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཚན་རྩལ་ཁྱབ་གདལ་གྱི་དྲིལ་སྒྲོག་སློབ་གསོའི་བྱ་བ་ཡག་པོར་བསྒྲུབ་ཆེད། ཚན་རིག་གི་སྙིང་སྟོབས་དར་སྤེལ་དང་། ཚན་རྩལ་ཤེས་བྱ་ཁྱབ་གདལ། ཚན་རིག་གི་འཚོ་བ་བཅས་དར་སྤེལ་བྱ་དགོས་བྱ་དགོས་པ་རེད། ཉེ་ཆར་རྐང་ཚ་རྫོང་གིས་རྐང་ཚ་རྫོང་ཚན་རིག་ཁྱབ་གདལ་ཁང་བཙུགས་པར་མ་ཟད། ད་དུང་རྐང་ཚ་རྫོང་ཆ་ཚང་སློབ་ཆུང་གི་དགེ་སློབ130ལྷག་ཚན་རིག་ཁྱབ་གདལ་ཁང་གི་ཉམས་ལེན་བྱེད་སྒོར་ཞུགས་པར་གདན་དྲངས་ཡོད།

ཚན་རིག་ཁྱབ་གདལ་ཁང་ནི་རྐང་ཚ་རྫོང་གི་ཚན་རྩལ་ཁྱབ་གདལ་སློབ་གསོའི་རྟེན་གཞི་དང་པོ་ཡིན་ཞིང་། དུས་མཚུངས་སུ་མཚོ་བྱང་ཁུལ་གྱི་གཞི་ཁྱོན་ཅུང་ཆེ་བའི་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་ཁང་ཞིག་ཀྱང་ཡིན། འགྲེམས་ཁང་ཁག་གཉིས་སུ་དབྱེ་ཞིང་། ཁག་དང་པོར་ཚན་རིག་ཁྱབ་གདལ་རིག་གནས་བར་ཁྱམས་རེད་ལ། དེར་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ལག་ལེན་འཆར་གཞིའི་རྩ་གནད་དང་། ཚན་རྩལ་རྣམ་བཤད་གལ་ཆེན། ཚན་རྩལ་གྲགས་ཅན་མི་སྣའི་འགེལ་རིས། རྒྱུ་ཆ་གསར་པའི་ཆ་འཕྲིན། ཞིང་འབྲོག་ཆུ་བེད་དང་ཚན་རྩལ་ཅུས་ཀྱི་ཆ་འཕྲིན་སོགས་འགྲེམས་པང་ཡོད་པ་རེད། ཁག་གཉིས་པ་ནི་ཁང་པའི་ནང་གི་འགྲེམས་ཁུལ་རེད། དེར་དངོས་ལུགས་བར་སྟོང་འགྲེམ་སྟོན་ཁུལ་དང་། མཐོང་ཚོར་ཚོན་མདངས་འགྲེམ་སྟོན་ཁུལ། སྐད་སྒྲའི་ཤེས་ཚོར་འགྲེམ་སྟོན་ཁུལ། མི་ལུས་བདེ་ཐང་འགྲེམ་སྟོན་ཁུལ། ལུས་ཚོར་དབྱེ་འབྱེད་འགྲེམ་སྟོན་ཁུལ། རིག་ལྡན་རོལ་རྩེད་འགྲེམ་སྟོན་ཁུལ་བཅས་ཡོད་ལ། ས་ཁོངས་སོ་སོར་ཚན་རིག་གི་ཡོ་བྱད་ཕུན་སུམ་ཚོགས་པ་དང་དེ་བཞིན་འབྲེལ་ཡོད་ཀྱི་ཚན་རིག་ཁྱབ་གདལ་དཔེ་ཆ་ཡོད། སློབ་མ་རྣམས་ཀྱིས་བཀོལ་སྤྱོད་དང་འཚོལ་ཞིབ། དཔེ་ཀློག་བཅས་བྱེད་པར་འདོན་སྤྲོད་བྱ་དགོས།

ལྟ་སྐོར་བྱེད་མཁན་སློབ་མ་རྣམས་ཀྱིས་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ལས་བྱེད་མི་སྣའི་འགྲེལ་བཤད་འོག “སྐད་ཆ་གོ་བའི་སྤོ་ལོ་ཆུང་ཆུང”གི་རྩ་བའི་རིགས་པ་ལ་རྒྱུས་ལོན་བྱས་ཤིང་། “ལྐོག་ལྟ་འཛད་མཐའ་མེད་པའི”ནང་གི་གསང་བ་འཚོལ་ཞིབ་བྱེད་པ་དང་། ལག་པ་འགུལ་ནས་རྔ་དང་འཁར་རྔའི་རོལ་མྱོང”ཉམས་ལེན་བྱེད་པ་སོགས་སྤྲོ་སྣང་ཆེན་པོས་བྱེད་སྒོ་སྤེལ་ཡུལ་དུ་ཚོད་ལྟ་བྱེད་བཞིན་ཡོད། དེ་གར་འབྲེལ་ཡོད་གནད་དོན་ཁ་ཤས་འདྲི་རྩད་བྱས་ཤིང་། ལས་བྱེད་མི་སྣས་སུན་སྣང་མེད་ཞིང་ཞིབ་ཚགས་པའི་སྒོ་ནས་དོགས་གནད་སེལ་ཏེ། གཞོན་ནུ་དང་ལོ་ཆུང་སློབ་མས་ཚན་རིག་དང་མཐུན་པའི་ལག་ལེན་བྱེད་སྒོ་སྤེལ་བ་བརྒྱུད་དེ། ཚན་རིག་གི་ཕུགས་འདུན་མངོན་འགྱུར་བྱས་ནས་ཚན་རིག་གི་མ་འོངས་པར་གྲུབ་འབྲས་ཐོབ་པར་བྱ་དགོས།

རྐང་ཚ་རྫོང་གི་ཚན་རིག་ཁྱབ་གདལ་ཁང་བཙུགས་པ་དང་འཁོར་སྐྱོད་ནུས་ལྡན་བྱས་ཏེ། གཞོན་ནུ་ལོ་ཆུང་གི་སློབ་གསེང་བྱ་འགུལ་ལ་གཡུལ་ས་ལེགས་པོ་ཞིག་འདོན་སྤྲོད་བྱས་ཡོད་ལ། གཞོན་ནུའི་ཚན་རྩལ་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། ཀླད་པ་འགུལ་བ་དང་ལག་པ་འགུལ་བའི་ནུས་པ་གསོ་སྐྱོང་བྱེད་པ། གཞོན་ནུའི་ཚན་རིག་འདུ་ཤེས་དང་རུལ་སུངས་བླུན་རྨོངས་བསམ་བློའི་བསླད་སྐྱོན་འགོག་པའི་ནུས་པ་ཆེ་རུ་གཏང་རྒྱུ་སོགས་རྐང་ཚ་རྫོང་གི་སློབ་གྲྭའི་ཚན་རིག་སློབ་གསོའི་ཁ་གསབ་དང་རྒྱ་སྐྱེད་ནུས་ལྡན་ཞིག་ཏུ་འགྱུར་རྒྱུ་རེད།

གཡང་སྐྱིད་ཀྱིས་བསྒྱུར།