【ཆུ་གསུམ་འགོ་ཁུངས--ང་ཚོའི་རྒྱལ་ཁབ་སྤྱི་གླིང་།】རྒོད་གཤིས་དང་བརྩེ་བའི་གཙང་སྟོད།

གསའ་དང་གནའ་བ་གང་ཡིན་རུང་འཚོ་གནས་ཀྱི་ཆོས་ཉིད་ལས་བཟློག་པའི་ཐབས་གཞན་ཅི་མཆིས། 

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་བོད་མཐོ་སྒང་གི་ལྟེ་བར་ཆགས་པའི་རྨ་འབྲི་རྫ་གསུམ་ས་ཁུལ་ནི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྐྱེ་དངོས་སྣ་མང་འཛོམས་པའི་གནས་ཁྱད་པར་ཅན་ཞིག་ཡིན་ཕྱིར་མིང་ལ་ཡང“འཁྱགས་སའི་སྐྱེ་དངོས་ཀྱི་བང་མཛོད”དུ་འབོད། བང་མཛོད་དེའི་ནང་དུ་ཨ་བྲ་དང་། རི་བོང་། འཇོལ་མོ་ལ་སོགས་པའི་སྲོག་ཆགས་ཆུང་ངུའི་རིགས་དང་། གཙོད་དང་། གནའ་བ། རྐྱང་། འབྲོང་ལ་སོགས་རྨིག་ཐོགས་ཀྱི་རིགས། གླག་རྒོད་དང་། གཡི། གསའ་སོགས་གཅན་གཟན་འདབ་ཆགས་ལ་སོགས་ཅི་རིགས་འདུས་པས་མཐོ་སྒང་འདིའི་མིང་དོན་མཚུངས་པའི་བདག་པོ་མིན་ན་གང་ཡིན་སྙམ་པའི་ངེས་ཤེས་སྟེར་ཡོང་ལ། དེ་ནི་ཏག་ཏག་ཀྲུང་གོའི་མཚོ་འཕགས་མཐོ་ཤོས་སུ་མ་བཅོས་ལྷུན་གྱིས་གྲུབ་པའི་རང་བྱུང་གི“རི་སྐྱེས་སྲོག་ཆགས་ར་བ”ཆེ་ཤོས་ཏེ་ཆུ་གསུམ་འགོ་ཁུངས་རེད།

ཆུ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དུ་ཁྱོན་བསྡོམས་རི་སྐྱེས་སྲོག་ཆགས་རིགས125ཡོད་ཅིང་། མང་ཤོས་མཚོ་བོད་མཐོ་སྒང་དུ་མ་གཏོགས་མེད་པའི་སྲོག་ཆགས་རིགས་ཡིན་པ་དང་། སྐོར་ཁྱུའི་གྲངས་ཀ་ཡང་ཧ་ཅང་མང་བ་རེད། དེ་ཡང་གཅན་གཟན་རི་དྭགས་ཀྱི་རིགས47དང་འདབ་ཆགས་ཀྱི་རིགས59 ཉ་རིགས15བཅས་ཡོད་པ་དང་། དེ་ལས་གསའ་དང་གཙོད། འབྲོང་། རྐྱང་། ཤྭ་བ་ཁ་སྐྱ། ཤྭ་སེར། གླ་བ། གཟིག་སོགས་རིགས7རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་པ་དང་། ཝ་དང་ཨོག་དཀར། གཡུ། གཙོད། གནའ་བ། གཟིག་བྱི། ཤྭ་དམར། གཉན། དྲེད་མོང་སོགས་རིགས10རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཡིན། ཁྲུང་ཁྲུང་དང་། གླག གླག་སེར་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་པ་དང་། འུག་པ་དང་། གོ་བོ། གླག ཐང་དཀར་ལ་སོགས་རིགས་ལྔ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་སུ་བགྲང་ཡོད་པ་རེད། 

ས་མཐོ་ཞིང་གྲང་ངར་ཆེ་བའི་གཙང་གསུམ་སྟོད་ཀྱི་སྤངས་ལྗོངས་དང་ན་ཐང་གི་སྐྱེ་ཁམས་མ་ལག་ནི་རྩྭ་ས་གཙོར་བྱས་པའི་ས་མཐོའི་སྔོ་ཁེབས་དང་རྩི་ཤིང་གི་ཐོན་ཁུངས་ཡིན་ཞིང་།ཀྲུང་གོའི་འབྲོག་ཁུལ་ཆེན་པོ་བཞིའི་ཡ་གྱལ་མཚོ་སྔོན་ལྷོ་རྒྱུད་ཀྱི་འབྲོག་སའི་ཆ་ཤས་ཡང་རེད། ཡུལ་ཁོངས་དེ་ནི་མཚོ་བོད་མཐོ་སྒང་ལ་ཁྱད་དུ་ཡོད་པའི་གཙོད་དང་། འབྲོང་། རྐྱང་། ཤྭ་བ་ལ་སོགས་ཀྱིས་མཚོན་པའི་རྩྭ་གཟན་རིགས་ཀྱི་སྲོག་ཆགས་ཀྱི་བསྟི་གནས་ཡིན་པ་དང་། མཐོ་སྒང་གི་གསའ་དང་སྤྱང་ཀི་ལ་སོགས་གཅན་གཟན་རིགས་ཀྱི་འཚོ་གནས་ལ་དགོས་པའི་ཁ་ཟས་ཀྱི་འབྱུང་ཁུངས་ཡང་རེད།

གཙང་གསུམ་སྟོད་ཀྱི་ས་ཆ། རྒོད་གཤིས་དང་བརྩེ་བའི་མཐོ་སྒང་། དུས་དེ་རིང་བར། ང་ཚོས་གནས་དེར་རྒྱུས་ལོན་བྱས་པ་ད་རུང་ཚད་བཀག་ཅིག་ན་ཡོད།

འབྲོང་རྒོད་ནི་མཚོ་བོད་མཐོ་སྒང་དུ་མ་གཏོགས་མེད་པའི་ནོར་གྱི་རིགས་ཤིག་ཡིན་ལ། ཕྱིས་མིའི་རིགས་ཀྱི་འགུལ་སྐྱོད་ཆེན་པོའི་ཤུགས་རྐྱེན་འོག་འཚོ་གནས་ཀྱི་ཁྱབ་ཁོངས་ཇེ་ཆུང་དུ་སོང་ནས་མཚོ་འཕགས་སྨི4000ནས5000བར་གྱི་ཁུ་ནུའི་རི་རྒྱུད་དང་། ཨར་ཅིན་ཧྲན་རི་རྒྱུད། མདོ་ལའི་རི་རྒྱུད། ཡར་ཀླུང་གཙང་པོའི་སྟོད་རྒྱུད་དུ་མ་གཏོགས་མེད་པ་དང་། རགས་རྩིས་བྱས་པ་ལྟར་ན། ད་ཕན་ཀྲུང་གོའི་འབྲོང་རྒོད་ཀྱི་ཁ་གྲངས་ནི་ཁྲི3ནས5ཡས་མས་ཙམ་ཡོད་པར་བཤད།

ཉེ་བའི་ལོ་འདི་འགར། མི་རྣམས་ཀྱིས་འབྲི་ཆུའི་འགོ་ཁུངས(长江源烟瘴挂)ཀྱི་གྲོག་རོང་ཆེན་པོའི་ཁོར་ཡུག་ཏུ་གསའ་མང་ཙམ་རྒྱུ་བ་མཐོང་བ་ལ་བརྟེན་ནས་ད་གཟོད་དོ་སྣང་ཆེན་པོ་ཐོབ་པ་རེད། གསའ་ལྟ་བུའི་སྲོག་ཆགས་རྩེར་སོན་རིགས་ཀྱི་འགྲོ་འོང་དེ་མི་རྣམས་ལ་མཚོན་ན་མཐོ་སྒང་གི་སྐྱེ་ཁམས་མ་ལག་གི་སྐྱེ་དངོས་འབྲེལ་བ་དང་གཅིག་ལ་གཅིག་རྟེན་གྱི་འཚོ་གནས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་པོ་བྱེད་དགོས་ཀྱི་དྲན་སྐུལ་ཞིག་ཅི་ལ་མིན། 

“ཀྲུང་ཧྭའི་ཆུ་མཛོད”དུ་གྲགས་པའི་ཆུ་གསུམ་འགོ་ཁུངས་ནི་གཙོད་ཀྱི་བསྟི་གནས་ཆེ་ཤོས་རེད། འབྲེལ་ཡོད་ཀྱི་ཆེད་མཁས་པའི་ཞིབ་འཇུག་ལྟར་ན། གཙོད་ཁྱུས་མཐོ་སྒང་གི་ས་རྒྱུ་ཞན་པོ་ལ་སྐྱེ་ལྡན་ལུད་རྫས་བཏོན་རྗེས་དེ་ལ་རྡོག་བཅག་འོས་འཚམ་བརྒྱབ་ནས་ས་འོག་ནས་མྱུ་གུ་རྒྱས་པ་ལ་ཆ་རྐྱེན་ཅི་རིགས་བསྐྲུན་ཐུབ་ཀྱི་ཡོད་པ་མ་ཟད། རྩྭ་རྩི་ཏོག་གི་སྐྱེས་སྟོབས་བཟང་བ་ཡང་དེ་ལན་ཡིན་ཟེར། དེ་བཞིན་དུ་སྤྱང་གི་དང་གོ་བ་ལ་སོགས་ཤ་གཟན་རིགས་ཀྱི་ཁ་ཟས་མང་པོ་ཡང་གཙོད་ཕྲུག་སྐྱེས་རྗེས་ཀྱི་བུ་རོགས་དང་གཙོད་ཕྲུག་ནད་པ་ཉམ་ཐག་ཅན་ཡིན་པས་གཙོད་ཀྱིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་མ་ལག་དང་གཅན་གཟན་རི་དྭགས་ཀྱི་འབྲེལ་རྒྱུན་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད་པར་བཤད།

རྐང་འཇབ་ལག་འཇབ།

དུས་རབས་སྔོན་མའི་ལོ་རབས90བ་ནས་བཟུང་། ཞིབ་འཇུག་རབ་དང་རིམ་པའི་བརྒྱུད། རིག་པ་སྨྲ་བའི་སྡེ་ནས་ཨ་བྲ་དང་རི་བོང་གི་ལྟ་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་། འགྱུར་ལྡོག་དེ་ནི།  ཨ་བྲ་དང་རི་བོང་ནི“གནོད་མཁན”མིན་པའི་མི་ཚད། མཐོ་སྒང་གི་གཅན་གཟན་མང་པོ་ཞིག་ཨ་བྲ་དང་རི་བོང་ལ་བརྟེན་ནས་འཚོ་དགོས་པ་དང་།དེ་གཉིས་སྡོད་སའི་ཁུང་བུས་འདབ་ཆགས་ཀྱི་རིགས་དང་སྐམ་ཆུ་གཉིས་འཚོ་རིགས་ཀྱི་སྲོག་ཆགས་རིགས་ལ་བསྟི་གནས་དང་རྒྱུད་སྤེལ་ས་གལ་ཆེན་ཞིག་འདོན་སྤྲོད་བྱེད་ཀྱི་ཡོད། དེ་བཞིན་དུ་དོང་བརྐོ་ས་སློག་གི་ནུས་པ་ཁྱད་པར་ཅན་དེས་ས་རྒྱུ་སྙི་མོ་སོབ་སོབ་ཏུ་བཟོས་ནས་ཆུ་ཉར་སླ་བ་དང་། ས་ཆུ་ཟུངས་ཤོར་དང་རུལ་འགྱུར། སྨད་ཕྱོགས་ལ་ཆུ་ལོག་འབྱུང་བར་སྔོན་འགོག་གི་ཕན་ནུས་འདོན་གྱི་ཡོད་པ་མ་ཟད། ཟས་སུ་ལྡུམ་རིགས་ཟ་བ་ལས་སྒོ་ཕྱུགས་ཀྱི་ཁ་ཟས་རྩི་ཤིང་རིགས་མིན་པས་དེ་གཉིས་བར་ལ་སྔོན་ཆད་ཀྱི་བཤད་ལུགས“ཁ་ཟས་ཀྱི་རྩོད་གཞི”ནི་འབྱུང་མི་སྲིད་པ་དང་། ནང་སྒོས་སུ་མཚོ་བོད་མཐོ་སྒང་གི་རྩྭ་ས་ཞན་འགྱུར་གྱི་རྒྱུ་དང་རྐྱེན་ལ་དབྱེ་ཞིབ་བྱེད་དུས་ཨ་བྲ་དང་རི་བོང་གི་གལ་ཆེ་རང་བཞིན་ངོས་ཟིན་པས་ད་གཟོད་འགྱུར་བ་བྱུང་བ་ཞིག་རེད།


ཆུ་སྐྱར་མགོ་ནག

རྒྱལ་ཕམ་འགྲན་པ། 

རྐྱང་།

ཁོན་ཐར་འཚོས་བསྒྱུར།