མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པས2020ལོའི་དོན་ལས་སྡེ་ཚན་ལ་ལས་མི་སྣ་བསྡུ་བའི་བརྡ་སྦྱོར།

མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པས(མཚོ་སྔོན་ཞིང་ཆེན་སྐྲན་ནད་སྨན་ཁང)2020ལོའི་དོན་ལས་སྡེ་ཚན་ལ་ལས་མི་སྣ་བསྡུ་བའི་བརྡ་ཁྱབ།

སྨན་ཁང་གི་འཕྲོད་བསྟེན་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་པ་དང་། ཆུ་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མཁོ་འདོན་བྱ་ཆེད། 《མཚོ་སྔོན་ཞིང་ཆེན་དོན་ལས་སྡེ་ཚན་གྱིས་ལས་དོན་མི་སྣ་བསྡུ་བའི་བྱ་ཐབས》སོགས་གཏན་འབེབས་ལྟར། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པས(མཚོ་སྔོན་ཞིང་ཆེན་སྐྲན་ནད་སྨན་ཁང)2020ལོའི་སྒྲིག་ཁོངས་སུ་འདུ་བའི་ལས་དོན་མི་སྣ9བསྡུ་རྒྱུ་ཡིན་ཞིང་། འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།

གཅིག ལས་བསྡུའི་རྩ་དོན།

“ཚོད་འཛིན་ནན་པོ་དང་གོ་རིམ་ཚད་ལྡན། དྲང་གཞག ལེགས་འདེམས། གན་རྒྱ་འཇོག་པ། ཁྲིམས་ལྟར་དོ་དམ་བྱེད་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱ་དགོས།

གཉིས། ལས་བསྡུའི་གོ་རིམ།

ཐེངས་འདིའི་ལས་བསྡུའི་བྱ་བ་དེ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པའི་གཙོ་ཆེའི་དྲ་ཚིགས་དང་། ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་ཚིགས་བཅས་སུ་ཉིན་བདུན་གྱི་སྔོན་ལ་ལས་བསྡུའི་ཆ་འཕྲིན་ཁྱབ་སྒྲོག་དང་། ཡུལ་དངོས་སུ་མིང་ཐོ་འགོད་པ། ཐོབ་ཐང་ཞིབ་བཤེར། ཁ་རྒྱུགས། བདེ་ཐང་བརྟག་དཔྱད་དང་རྟོག་ཞིབ། ལས་བསྡུ་བྱེད་རྩིས་ཡོད་པའི་འོས་མི་གཏན་འཁེལ། ལས་བསྡུ་མི་སྣའི་ཆ་འཕྲིན་ཁྱབ་སྒྲོག འབྲེལ་ཡོད་འགྲོ་ལུགས་སྒྲུབ་པ་སོགས་གོ་རིམ་ལྟར་སྤེལ་དགོས།

གསུམ། ལས་བསྡུའི་ལས་གནས་དང་མིང་ཐོ་འགོད་པའི་མི་གྲངས།

མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པའི་ཆེད་ལས་ལག་རྩལ་མི་སྣ་མི་འདང་བའི་གནས་ཚུལ་དང་སྨན་ཁང་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར། ཆེད་ལས་ཅི་རིགས་ཀྱི་ལས་མི9བསྡུ་རྩིས་ཡོད་ཅིང་། ཟུར་བཀོད་རེའུ་མིག1《མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པའི(མཚོ་སྔོན་ཞིང་ཆེན་སྐྲན་ནད་སྨན་ཁང)2020ལོའི་དོན་ལས་སྡེ་ཚན་གྱི་ལས་དོན་མི་སྣ་བསྡུ་བའི་དགོས་མཁོའི་འཆར་གཞིའི་རེའུ་མིག》ལ་གསལ།

བཞི། ལས་བསྡུའི་ཆ་རྐྱེན།

ལས་བསྡུ་བྱེད་མཁན་ལ་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས། (གཅིག)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་པ།

(གཉིས། )ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་བཀུར་དང་། .(གསུམ། )ཆབ་སྲིད་ཀྱི་བྱང་ཚད་དང་ཀུན་སྤྱོད་བཟང་པོ་ལྡན་པ།

(བཞི། )ལས་གནས་ལ་མཁོ་བའི་ཆེད་ལས་སམ་ལག་རྩལ་གྱི་ཆ་རྐྱེན་འཛོམས་པ། (ལྔ། )རྒྱུན་ལྡན་དུ་འགན་འཁྲི་སྒྲུབ་པའི་ལུས་པའི་ཆ་རྐྱེན་ལྡན་དགོས།

(དྲུག)ལས་བསྡུའི་ལས་གནས་ལ་མཁོ་བའི་ཆ་རྐྱེན་གཞན་དག་འཛོམས་དགོས་པ་བཅས་སོ།

བློ་འདྲིའི་ཁ་པར། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པ། མི་ཤུགས་ཐོན་ཁུངས་པུའུ། 0971-6362027ལས་བསྡུའི་ལྟ་སྐུལ་ཁ་པར། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པའི་ལྟ་ཞིབ་རྩིས་བཤེར་ཁོའོ0971-6360062།

མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་བ།

2020ལོའི་ཟླ11པའ་ཚེས16ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།