མཚོ་ཤར་གྲོང་ཁྱེར་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་དུས་ཀྱི་ཞིང་རའི་ཚད་གཞི་མཐོན་པོར་འཛུགས་སྐྲུན་བྱས་པ།

ཟླ11ཚེས17ཉིན། མཚོ་ཤར་གྲོང་ཁྱེར་གྱིས་དགུན་དཔྱིད་ཞིང་ཁའི་ཆུ་བེད་དང་ཚད་གཞི་མཐོན་པོའི་ཞིང་ཚིགས་འཛུགས་སྐྲུན་སྙན་ཞུའི་གྲོས་ཚོགས་བསྡུས་པ་དང་། དེ་ནི་རྒྱལ་ཡོངས་དགུན་དཔྱིད་ཞིང་ཁའི་ཆུ་བེད་དང་ཚད་གཞི་མཐོན་པོའི་ཞིང་ཚིགས་འཛུགས་སྐྲུན་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་དུ་སྤེལ་ཆེད་ཡིན་ཞིང་། ཞིང་ཚིགས་འཛུགས་སྐྲུན་ཐད་ཀྱི་གནས་བབ་གསར་པ་དང་འགན་འཁྲི་གསར་པ། བླང་བྱ་གསར་པ་བཅས་ལ་ཁ་གཏད་དེ་ཞིབ་འཇུག་དཔྱད་སྡུར་བྱས་པ་དང་། ཚད་གཞི་མཐོན་པོའི་ཞིང་ཚིགས་འཛུགས་སྐྲུན་བྱ་བར་ཡང་བསྐྱར་བཀོད་སྒྲིག་དང་ཡང་བསྐྱར་སྐུལ་འདེད་བཏང་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཞིང་ཚིགས་འཛུགས་སྐྲུན་གྱི་འགོ་ལེགས་པོར་རྩོམ་རྒྱུ་དང་མཇུག་ལེགས་པོར་བསྡུས་ནས། རྨང་གཞི་བརྟན་པོ་ཞིག་འདིངས་དགོས། གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ལིས་ཆིན་ཁྲོན་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད་གནང་། ཞིང་ཆེན་དབྱིན་ཏ་ཅིས་ཧོང་བཟོ་སྐྲུན་འཛུགས་སྐྲུན་འཁོར་སྐྱོད་ཅུའུ་ཅུའུ་ཀྲང་ལིས་ཧའེ་ཉིང་། ཅུའུ་ཀྲང་གཞོན་པ་དང་སྤྱི་ཁྱབ་བཟོ་སྐྲུན་གྱི་འགན་གཅིག་ལྕོགས་སུ་བཞེས་པའི་ཀྲང་ཝེ་ཧྥུན་གྲོས་ཚོགས་ལ་ཞུགས་ཡོད།

གྲོས་ཚོགས་སྟེང་བསྟན་དོན། 2019ལོ་ནས་བཟུང་། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་མུ་མཐུད་དུ་ངོས་འཛིན་གཏིང་ཟབ་དང་བྱ་བའི་ལངས་ཕྱོགས་བསྒྱུར་ཏེ། ཞི་འཇགས་གོ་རིམ་ངང་འགན་ནུས་རྗེས་མཐུད་ཀྱིས་གཅིག་བསྡུས་གཅིག་གྱུར་ཡོངས་འགྲུབ་དང་གོང་འོག་མཐུད་སྦྲེལ་གྱི་དོ་དམ་མ་ལག་ཆགས་སུ་བཅུག མུ་མཐུད་དུ་རྣམ་གྲངས་ཀྱི་བདག་དོམ་དང་ལག་རྩལ་མི་སྣའི་རུ་དཔུང་འཐུས་ཚང་ཅན་ཏུ་བཏང་ནས། སྒྲིག་སྲོལ་འཛུགས་སྐྲུན་དང་བརྡ་འཕྲིན་ཅན་འཛུགས་སྐྲུན་གཞིར་བཟུང་སྟེ། ལས་འགན་གཙོ་བོའི་ཐད་ལ་གྲུབ་འབྲས་ཕུན་སུམ་ཚོགས་པའི་བྱ་བ་ལེགས་པོར་སྒྲུབ་ཅིང་། ལོ་འདི་དག་རིང་གི་སད་སེར་ཐན་པའི་གནོད་འཚེ་སྔོན་འགོག་ཐད་བྱེད་ཐབས་ནུས་ལྡན་སྤྱད། ནང་སྒོས་སུ་ད་ལོའི་འབྲུ་རིགས་ཀྱི་ལོ་ཏོག་སྨིན་པའི་ཐདལ་རྒྱལ་ཁའི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས། ཞིང་ཚིགས་འཛུགས་སྐྲུན་བྱ་བའི་གནས་བབ་གསར་པ་གསར་གཏོད་བྱས་པ་དང་། རིམ་པ་མི་འདྲ་བའི་སྡེ་ཁག་དག་གིས་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་དུ་སྤེལ། རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་རེ་འདུན་བླང་བྱ་ཡང་ལག་ལེན་མཐར་ཕྱིན་དུ་སྤེལ། བྱ་བའི་གཙོ་གནད་གཞིར་བཟུང་སྟེ་བྱ་བའི་མྱུར་ཚད་ལ་ཤུགས་སྣོན་དང་སྟོབས་ཤུགས་གཅིག་བསྡུས་ཀྱིས་འཐབ་ཇུས་ཡང་དག་པ་སྤེལ། ཞིང་ཚིགས་ཆུ་བེད་དང་ཚད་གཞི་མཐོ་བའི་ཞིང་ཚིགས་འཛུགས་སྐྲུན་དམ་འཛིན་སྒོས་དམ་འཛིན་གནད་ལ་ཁེལ་བའི་ངང་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་དུས་ཀྱི་ཞིང་ཚིགས་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས་ནས། ཞིང་སྡེའི་དར་རྒྱས་དང་རྒྱལ་ཁབ་འབྲུ་རིགས་བདེ་འཇགས་ཐད་ལ་འགན་སྲུང་བྱས་ཡོད།

གྲོས་ཚོགས་སྟེང་རེ་བ་བཏོན་དོན། ངོས་འཛིན་ཚད་གཞི་མཐོར་འདེགས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་དག་གི་གནས་བབ་ངོས་འཛིན་སྒོས་ཚད་ལྡན་ཅན་གྱི་ཞིང་ཚིགས་འཛུགས་སྐྲུན་དེ་ཞིང་ལས་ཞིང་སྡེ་ཡི་བྱ་བ་གཙོ་བོར་བཟུང་སྟེ། འབྲུ་རིགས་ཞིང་ལ་གསོག་པ་དང་འབྲུ་རིགས་སྙེ་མར་གསོག་པའི་ལག་རྩལ་གལ་ཆེ་བའི་རྨང་གཞི་གཙོ་བོར་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་འགན་ནུས་གཙོ་བོ་གཏན་ཁེལ་བྱས་ནས། འཆར་འགོད་འཛུགས་སྐྲུན་ལ་ཤུགས་སྣོན། སྡེ་ཁག་སོ་སོའི་གྲོས་ཆོད་ལ་ཤུགས་སྣོན། རིམ་པ་སོ་སོའི་འཛུགས་སྐྲུན་བྱ་བའི་འགན་འཁྲི་ལག་བསྟར་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། ཁྱོན་ཡོངས་ནས་ཚད་གཞི་མཐོ་བའི་ཞིང་ཚིགས་འཛུགས་སྐྲུན་གྱི་ལས་འགན་ཡོངས་འགྲུབ་བྱས། བློ་སེམས་རྩེ་གཅིག་གི་རྩ་འཛུགས་ནན་མོས་ཞིང་ཚིགས་ཆུ་བེད་བསྐྱར་གསོའི་བྱ་བ་ཧུར་ཐག་གིས་སྤེལ་ནས། ཞིང་ལས་ཡུར་ཆུའི་སྒྲིག་ཆས་ཀྱི་མ་ལག་འཐུས་ཚང་ཅན་ཏུ་གཏོང་བའི་ཚད་གཞི་ཇེ་མགྱོགས་སུ་བཏང་སྟེ། ཆུ་ལོག་འགོག་སྲུང་སྒྲིག་ཆས་ཀྱི་ཞན་ཆ་ཁ་བསྐངས་ཏེ། སྔ་མོ་ནས་འཆར་གཞི་ཡོད་པ་དང་སྔ་མོ་ནས་བཀོད་སྒྲིག་ཡོད་པའི་སྒོ་ནས་རྣམ་གྲངས་གསར་སྤེལ་བཀོད་སྒྲིག་ལུགས་མཐུན་ངང་སྤེལ་བ་དང་འཆར་འགོད་ལག་བསྟར་མཐོར་འདེགས་སུ་གཏོང་བ། ནུས་ཤུགས་གང་ཡོད་ཀྱིས་ཞིང་ཚིགས་འཛུགས་སྐྲུན་ཐད་ལ་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་སྒོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་དང་ཆུ་ལོག་སྔོན་འགོག་བདེ་འཇགས། ཞིང་སྡེའི་ཁྱོན་ཡོངས་ནས་དར་རྒྱས་སུ་གཏོང་བར་སྐུལ་འདེད་བཅས་ཀྱི་ཆེད་ལ་ཆུ་བེད་རྨང་གཞི་བརྟན་པོ་ཞིག་མཁོ་སྤྲོད་བྱས་ཡོད། ལྟ་རྟོག་མཛུབ་སྟོན་ལ་ཤུགས་སྣོན་སྒོས་ཚད་ལྡན་ཞིང་ཚིགས་འཛུགས་སྐྲུན་དང་ཞིང་སྡེའི་མི་ཚོགས་འདུས་སྡོད་ཀྱི་ཁོར་ཡུག་ལ་དག་ཐེར་བྱེད་པ་རྒྱུན་འཁྱོངས་ངང་། ཞིང་སྡེ་ཡི་ཁྲིམས་འགལ་འཛུགས་སྐྲུན་ཐད་ལ་དག་ཐེར་སྒོས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་སྡེའི་འཛུགས་སྐྲུན་དང་ཞིང་ཆུའི་ཡུར་ལམ་རྣམ་གྲངས་ཟུང་འབྲེལ་བྱས་ཏེ། ལྟ་སྐུལ་ཞིབ་བཤེར་བྱ་བའི་ཚད་གཞིར་ཤུགས་སྣོན་གྱིས་གནོན་ཤུགས་དང་སྟོབས་ཤུགས་ཆེས་ཆེར་བཏང་ནས་རིམ་པ་སོ་སོའི་བྱ་བའི་གཙོ་གནད་ཐད་ལ་སྐུལ་འདེད་བཏང་། ནན་ཏན་ངང་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཚད་ལྡན་ཅན་གྱི་ཞིང་ཚིགས་འཆར་འགོད་དང་ཆུ་བེད་འཛུགས་སྐྲུན་གྱིས་རང་ཞིང་གི་ཞིང་ལས་གནོད་འཚེ་སྔོན་འགོག་ཉུང་འཕྲི་དང་འབྲུ་རིགས་ཀྱི་བརྟན་འཇགས་འཕར་ཚད་ཐད་ལ་རྨང་གཞིའི་རང་བཞིན་གྱི་འགན་སྲུང་མཁོ་འདོན་གནང་། རྒྱལ་ཁབ་ཀྱི་འབྲུ་རིགས་ཐོན་སྐྱེད་ས་ཁུལ་གཙོ་བོ་དང་བྱེད་ནུས་ས་ཁུལ་གཙོ་བོ་གསར་སྐྲུན་གྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་འགན་སྲུང་ཐད་ལ་བྱས་རྗེས་གསར་པ་ཞིག་འཇོག་དགོས་པའི་བླང་བྱ་སོགས་བཏོན་འདུག

གྲོས་ཚོགས་ཀྱིས་གྲོང་ཁྱེར་ཞིང་ལས་ཞིང་སྡེ་ཅུའུ་ཡི་གྲོང་ཁྱེར་ཡོངས་ཀྱི་ཚད་གཞི་མཐོན་པའི་ཞིང་ཚིགས་འཛུགས་སྐྲུན་སྐོར་གྱི་གནས་ཚུལ་སྙན་ཞུ་ལ་ཉན། རྫོང་དང་ཆུས་དྲུག་གི་སྲིད་གཞུང་གིས་འབྲེལ་ཡོད་གནས་ཚུལ་སྙན་ཞུ་བྱས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།