ལུང་མདོ་ཆུས་ཀྱིས་དྲ་ལམ་གྱི་བྲོས་བྱོལ་ཉེས་ཅན་མི་སྣ་ཡོད་ཚད་འཛིན་བཟུང་གཙང་བཤེར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11ཚེས16ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་ཀྱི་སྤྱི་བདེ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི“གཙང་སེལ་དྲུག་གི་འགུལ་སྐྱོད”བྱ་བ་སྤེལ་བ་ནས་བཟུང་། ལུང་མདོ་ཆུས་སྤྱི་བདེ་ཅུའུ་ཡིས“ཁུངས་སྣེ་གཙང་སེལ་དང་བྲོས་བྱོལ་ཉེས་ཅན་འཛིན་བཟུང་གཙང་སེལ། གྱོད་དོན་གཙང་གྲུབ། འགེབས་མཁན་གཙང་སེལ། འབྱུང་ཁུངས་མི་གཙང་བའི་རྒྱུ་ནོར་གཙང་སེལ། ལས་རིགས་ཀྱི་འབྱུང་རྐྱེན་གཙང་སེལ”བཅས་ཀྱི་མཁྲེགས་གཏོར་བྱ་འགུལ་སྤེལ་ནས། ཆད་ལྷག་བྱུང་ཟིན་པ་ལ་ཞིབ་བཤེར་དང་བྲོས་བྱོལ་ཉེས་ཅན་ཁྲིམས་ལ་སྦྱོར་བ། གྱོད་དོན་སྒྲུབ་མ་ཐུབ་པར་བསྐྱུར་མི་རུང་། ཁྲིམས་ཆད་རུལ་འགྱུར་གྱི་གཏན་འགོག་ས་ཁུལ་མེད་པ། གཞུང་བཞེས་ལས་འཁོར་རྒྱུགས་མེད་པ། རྨོངས་ཁུལ་ལ་བཅོས་སྐྱོང་མེད་པ་སོགས“མེད་པ་དྲུག”གི་དམིགས་འབེན་ཡོངས་འགྲུབ་འགན་སྲུང་བྱས་པ་རེད།

ལུང་མདོ་ཆུས་ཀྱི་སྤྱི་བདེ་ཅུའུ་ཡིས་ཁུངས་སྣེ་གཙང་སེལ་དང་བྲོས་བྱོལ་ཉེས་ཅན་འཛིན་བཟུང་གཙང་བཤེར། གྱོད་དོན་གཙང་སྒྲུབ་དང་འགེབས་སྲུང་མཁན་གཙང་སེལ། འབྱུང་ཁུངས་མི་གཙང་བའི་རྒྱུ་ནོར་གཙང་བཞེས། ལས་རིགས་འབྱུང་རྐྱེན་གཙང་བཟོ་བཅས་ཀྱི་ཆེད་དོན་འགུལ་སྐྱོད་མཁྲེགས་གཏོར་ཚན་ཆུང5བཙུགས་ཏེ། དུས་ཆད་ཁ་བརྡ་དང་ཡུལ་དངོས་ནས་འགྲོ་ལུགས་སྒྲུབ་པ། འགན་འཁྲི་གཙང་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད་རིམ་པ་རེ་རེ་ལ་གནོན་ཤུགས་ངེས་ཅན་དང་འགན་འཁྲིའི་དོན་དངོས་དམ་འཛིན་སྒོས་འགན་འཁྲི་གཙང་སེལ་བྱེད་པའི་རིགས་བཀར་འགན་འཁྲིའི་ཡི་གེ་ལ་མིང་རྟགས་བཀོད་ནས། འགན་ཁུར་མི་སྣ་དང་འགན་ཁུར་ལས་ཁུངས་གཏན་ཁེལ་གསལ་བོ་བྱས། གྱོད་དོན་འགན་ལེན་དང་རིམ་པ་རེ་རེར་ཨང་རྟགས་གསལ་བོར་བཀོད་པ་དང་། དེ་དང་ཆབས་ཅིག་མཁྲེགས་གཏོར་འཐབ་འཁྲུག་གི་འགན་འཁྲིའི་དམིགས་འབེན་དང་དུས་བཀག་བླང་བྱ་གཞིར་བཟུང་སྟེ་གཙང་སེལ་བྱེད་པའི་བྱེ་བྲག་གི་བྱེད་ཐབས་དངོས་འབེབས་བྱས་ཤིང་། གྱོད་དོན་རེ་རེ་བཞིན་ནན་མོར་སྒྲུབ་པ་དང་རིམ་པ་རེ་རེ་ཡང་རྩ་བའི་བར་རྒྱུན་འཁྱོངས་བྱས་ནས། ཆེད་དོན་འཐབ་རྩོད་སྤེལ་བ་བརྒྱུད་ལུང་མདོ་ཆུས་ཀྱི་སྤྱི་བདེ་ཅུའུ་ཡིས་ཁྱོན་བསྡོམས་པས་ཁུངས་སྣེ་རིགས་མི་འདྲ་བའི་གྱོད་དོན139ལྷག་ལ་རྩད་ཆོད་པ་དང་ཡོངས་སུ་སྒྲུབ་ནས་ཐག་གཅོད་བྱས། ད་ལྟའི་བར་གྱོད་དོན137ཚང་མ་ཡོངས་སུ་སྒྲུབ་ཟིན་པ་དང་། གྱོད་དོན2ད་ལྟ་སྒྲུབ་བཞིན་པའི་སྒང་ཡིན། ནག་ཉེས་དེར་འབྲེལ་བ་ཡོད་པའི་ཉེས་ཅན་མི་སྣ68འཛིན་བཟུང་དང་དྲ་ལམ་ནས་བྲོས་བྱོལ་བྱེད་པའི་ཉེས་ཅན་མི་སྣ138འཛིན་བཟུང་བྱས། དེ་ལྟར་ད་ལོའི་ཟླ3ཚེས10ཉིན་བར་བྲོས་བྱོལ་ཉེས་ཅན་ཡོད་ཚད་འཛིན་བཟུང་གཙང་སེལ་བྱས་པ་རེད།

དེ་དང་ཆབས་ཅིག སྤྱི་བདེ་ཅུའུ་གང་དེས་གྱོད་དོན་འགན་སྒྲུབ་གཙང་སེལ་བྱ་བ་མུ་མཐུད་དུ་སྤེལ་པ་དང་། ད་ལོའི་ཟླ6ཚེས17ཉིན་བར། གྱོད་དོན་ཡོད་ཚད་གཙང་སྒྲུབ་གསལ་བོར་བྱས་ནས་འགེབས་སྲུང་མཁན་གཙང་བཟོ་བྱེད་པའི་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད། བདེན་དཔང་ཡིག་ཆ་ལས་འབྲེལ་བའི་དྲ་རྒྱ་དང་འགེབས་སྲུང་དྲ་རྒྱའི་ཁུངས་སྣེ་ཡང་དུས་ལྟར་གཞན་སྤྲོད་བྱས་ཡོད། འབྱུང་ཁུངས་མི་གཙང་བའི་རྒྱུ་ནོར་གཙང་སེལ་བྱ་བ་མུ་མཐུད་དུ་སྤེལ་བ་དང་ནག་ཉེས་གྱོད་དོན་ལ་འབྲེལ་བ་ཡོད་པའི་རླངས་འཁོར3བཀག་སྡོམ་བྱས་ཤིང་། གྱོད་དོན་ལ་འབྲེལ་བ་ཡོད་པའི་མི་སྣ་དག་གི་དངུལ་ཁང་རྩིས་ཐོ་ལས་སྒོར་ཁྲི12.64བཀག་སྡོམ་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།