མཚོ་ཤར་གྲོང་ཁྱེར་གྱི་བུད་མེད་དང་བྱིས་པའི་བྱ་བའི་ཨུ་ལྷན་གྱིས་རྒྱ་སྐྱེད་གྲོས་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11ཚེས17ཉིན། མཚོ་ཤར་གྲོང་ཁྱེར་བུད་མེད་དང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱིས་ཨུ་ལྷན་ཡོངས་ཀྱི་སྐབས་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་རྒྱ་སྐྱེད་གྲོས་ཚོགས་བསྡུས་པ། མཚོ་ཤར་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ། གྲོང་ཁྱེར་བུད་མེད་དང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་ཡོན་པའོ་གྲོས་ཚོགས་ལ་ཞུགས་ཡོད།

གྲོས་ཚོགས་སྟེང་། མཚོ་ཤར་གྲོང་ཁྱེར་བུད་མེད་དང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ། གྲོང་ཁྱེར་བུད་མེད་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨན་ཡུའུ་ཅོན་གྱིས་གྲོང་ཁྱེར་བུད་མེད་དང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ཚབ་བྱས་ཏེ། 《མཚོ་ཤར་གྲོང་ཁྱེར་བུད་མེད་ཀྱི་བྱ་བའི་འཕེལ་རྒྱས་འཆར་འགོད(2021-2020ལོ)》དང《མཚོ་ཤར་གྲོང་ཁྱེར་བྱིས་པའི་འཚར་ལོངས་འཕེལ་རྒྱས་ཀྱི་འཆར་འགོད།(2011-2020ལོ)》(གཤམ་ནས《འཆར་འགོད་གཉིས》ཞེས་བསྡུས་འབྲི་བྱ་རྒྱུ།) གཉིས་ལག་བསྟར་བྱ་བའི་གནས་ཚུལ་ཐད་ལ་སྙན་ཞུ་བྱས་པ་མ་ཟད། ཐེངས་རྗེས་མའི་བྱ་བ་གཙོ་བོའི་ཐད་ལ་ཡང་བྱེ་བྲག་གི་བཀོད་སྒྲིག་གསལ་བོ་བྱས་ཤིང་། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་དང་མཚོ་ཤར་གྲོང་ཁྱེར་སློབ་གསོ་ཅུའུ། མཚོ་ཤར་གྲོང་ཁྱེར་དམངས་སྲིད་ཅུའུ། གཞོང་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་། ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་། ཡ་རྫི་ཟ་ལར་རིགས་རང་སྐྱོང་རྫོང་སོགས་ཀྱི་བུད་མེད་དང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་དང་མི་སྣ་དག་ལ་ཡང་ལས་དོན་གསལ་བཤད་དང་བསམ་བློ་བརྗེ་རེས་ནན་མོ་བྱས་པ་རེད།

གྲོས་ཚོགས་སྟེང་བསྟན་དོན། འདས་ཟིན་པའི་ལོ་ངོ་བཅུའུ་རིང་ལ་མཚོ་ཤར་གྲོང་ཁྱེར་གྱི་རྫོང་དང་ཆུས་སོ་སོའི་བུད་མེད་དང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཚོགས་དང་། གྲོང་ཁྱེར་བུད་མེད་དང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་དག་གིས་སོ་སོའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ《འཆར་འགོད་གཉིས》རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནང་དོན་གལ་ཆེན་ཁྲོད་བཅུག་སྟེ་ལག་བསྟར་ནན་མོ་བྱས་པ་དང་། དངོས་ཐོག་བདེན་འཚོལ་དང་ཐོད་བརྒལ་གྲུབ་འབྲས་ཀྱི་བྱ་བ་ལེགས་པོར་བསྒྲུབས་ཏེ། ནུས་ཤུགས་ཆེན་པོའི་ངང་མཚོ་ཤར་གྲོང་ཁྱེར་གྱི་བུད་མེད་དང་བྱིས་པའི་བྱ་གཞག་བདེ་ཐང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ཞིང་། གྲོང་ཁྱེར་ཡོངས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་ཆུ་ཚད་དེ་མངོན་གསལ་གྱིས་མཐོར་འདེགས་སུ་བཏང་པ་དང་སློབ་གསོ་མྱངས་པའི་ཚད་གཞི་ཡང་མངོན་གསལ་གྱིས་མཐོར་འདེགས་སུ་བཏང་བ་རེད་ལ། སྤྱི་ཚོགས་འགན་སྲུང་མ་ལག་མུ་མཐུད་དུ་འཐུས་ཚང་དང་འཚོ་གནས་འཕེལ་རྒྱས་ཀྱི་ཁོར་ཡུག་མུར་འཕེལ་ལེགས་སྒྱུར་བྱས། དེ་དང་ཆབས་ཅིག་བུད་མེད་ཟབ་ཞུགས་བྱེད་པའི་ཐག་གཅོད་དང་བདག་དོམ་ནུས་ཤུགས་མུ་མཐུད་དུ་ཆེས་ཆེར་བཏང་ལ། དཔལ་འབྱོར་འཛུགས་སྐྲུན་ཚད་གཞིའི་ཁྲོད་མུ་མཐུད་དུ་ཟབ་ཞུགས་སྒོས་བུད་མེད་དང་བྱིས་པ་དག་གི་སྐྱིད་སྣང་དང་བདེ་སྣང་མཐོར་འདེགས་སུ་བཏང་བ་རེད།

གྲོས་ཚོགས་ཀྱིས་རེ་བ་བཏོན་དོན། བསམ་བློའི་ངོས་འཛིན་མཐོར་འདེགས་དང་འགན་འཁྲིའི་འདུ་ཤེས་ལ་ཤུགས་བསྣན་ནས། གོམ་གང་མདུན་སྤོས་ངང་སྡེ་ཁག་སོ་སོའི་གྲོས་མཐུན་སྙོམས་སྒྲིག་གི་རྒྱུན་ལྡན་རང་བཞིན་སྒྲིག་འཛུགས་སྒོས《འཆར་འགོད་གཉིས》ཀྱི་དམིགས་འབེན་དུས་ལྟར་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱས། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་བྱས་ཏེ་གཅིག་གྱུར་སྐུལ་འདེད་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་ངང་ཚན་རིག་དང་མཐུན་པའི་འཆར་འགོད་མ་ལག་དང་དམིགས་ཚད་སྒྲིག་འཛུགས་དངོས་སུ་བྱེད་པ། ཞིབ་ཚགས་ཅན་གྱི་འཆར་འགོད་དཔྱད་གླེང་བཅས་ལ་བརྟེན་ནས། རྣམ་པ་གསར་པའི《འཆར་འགོད་གཉིས》ཀྱི་ལེགས་སྒྲིག་བྱ་བ་ལེགས་པོར་སྒྲུབ། སྙོམས་སྒྲིག་རམ་འདེགས་ཧུར་ཐག་སྒོས་སྤེལ་ནས་དོན་དངོས་ལ་སྐུལ་འདེད་གཏོང་བ་བཅས། གྲོང་ཁྱེར་ཡོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་གི་འཕེལ་རྒྱས་ཐད་ཀྱི་རིམ་པ་སོ་སོའི་རྣམ་གྲངས་དམིགས་འབེན་ཐད་ཀྱི་འགན་འཁྲི་ལ་འགན་སྲུང་ངང་ལན་ཀྲུའུ་ནས་ཟི་ལིང་བར་གྱི་གྲོང་ཁྱེར་གཙོ་བོའི་ཚོགས་སྤྱི་འདིར་བབ་བསྟུན་གྱི་བྱས་རྗེས་འཇོག་པ་མངོན་འགྱུར་བྱ་དགོས་པ་བསྟན།

གྲོས་ཚོགས་གྲོལ་རྗེས། མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཚོགས་གཞུང་སྒྲུབ་ཁང་གི་ལས་བྱེད་པ་ཀྲའོ་ཧའེ་ཆིན་གྱིས་ཚང་མར《འཆར་འགོད་གཉིས》ཀྱི་ཆེད་དོན་གསབ་སྦྱོང་སྤེལ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།