གནམ་གཤིས་ངན་འགྱུར་གྱི་ཉེན་བརྡ།

མཚོ་སྔོན་ཞིང་ཆེན་གནམ་གཤིས་ལས་ཁུངས་ཀྱིས་ཁྱབ་སྒྲོག་བྱས་པ།

གནམ་གཤིས་བརྟག་དཔྱད་ཁང་གིས2020ལོའི་ཟླ11པའི་ཚེས17ཉིན་གྱི་ཆུ་ཚོད9ཡི་སྟེང་ཟི་ལིང་དང་མཚོ་ཤར། མཚོ་བྱང་། མཚོ་ནུབ་ཀྱི་ཤར་རྒྱུད། མཚོ་ལྷོའི་བྱང་རྒྱུད། རྨ་ལྷོའི་བྱང་རྒྱུད་བཅས་སུ་གྲང་ངར་འབྱུང་ཉེན་གྱི་ཉེན་བརྡ་སེར་པོ་བཏང་ཞིང་། ཚོད་དཔག་བྱས་ན་ཚེས17ཉིན་གྱི་ཆུ་ཚོད9པ་ནས་ཚེས18ཉིན་གྱི་ཆུ་ཚོད9པའི་བར། གོང་གསལ་ས་ཁུལ་དག་ཏུ་ཉིན་རེའི་ཆ་སྙོམས་དྲོད་ཚད6℃ལས་མར་ཆག་རྒྱུ་ཡིན་པ་མ་ཟད། ཚད་རིམ4ནས6གི་བར་གྱི་རླུང་གཡུག་རྒྱུ་རེད། 

ཉེན་ཟོན་གསལ་འདེབས།

1 སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་སོ་སོའི་འགན་འཁྲི་གཞིར་བཟུང་ནས་གྲང་ངར་འགོག་པའི་བྱ་བ་ཡག་པོ་བསྒྲུབ་དགོས་པ།

2སྒོ་ཕྱིར་འགྲོ་མཁན་མི་རྣམས་ཀྱི་ལྭ་བ་དྲོན་པོ་གྱོན་དགོས།

3.བར་སྣང་སོགས་ཕྱི་རོལ་གྱི་ལས་སྒྲུབ་མི་སྣས་གྲང་ངར་འགོག་ཐབས་ལག་བསྟར་བྱ་དགོས།

4 ལོ་ཏོག་དང་ཕྱུགས་རིགས། ཁྱིམ་བྱ་སོགས་ལའང་གྲང་ངར་འགོག་པའི་ཐབས་ཤེས་སྤྱད་དགོས།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།