ཞིང་ཕྱུགས་ལས་རིགས་ཀྱི་ཐོན་སྐྱེད་གནས་བབ་དེ་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་སུ་སོང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོ་རང་ཞིང་ལ་ཆར་ཆུ་འབབ་ཚད་མོད་པ་དང་གནོད་འབུ། སེར་པ། ཆུ་ལོག བ་མོ་སོགས་རང་བྱུང་གནོད་འཚེ་གནོད་འཚེ་ཅུང་ཡངས་ལ། གནམ་གཤིས་ཆ་རྐྱེན་ཡང་ལོ་རེ་ལས་ཆེས་བཟང་ཤོས་ཡང་ཡིན། ད་ལྟའི་བར་རང་ཞིང་གི་སྟོན་སྡུད་བྱ་བའི་ཕལ་ཆེར་ཡོངས་འགྲུབ་བྱུང་ཡོད་ལ། ལོ་ཏོག་རིགས་སོ་སོའི་ཐོན་སྐྱེད་ཚད་གཞི་ལ་ཡང་མི་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབས་པས་ཞིང་ལས་ཐོན་སྐྱེད་གནས་བབ་དེ་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་སུ་སོང་སྟེ་ཞིང་ཆེན་ཧྲིལ་བོའི་ཞིང་ལས་ལོ་ལེགས་སྨིན་པ་ཆེས་ལེགས་ཤོས་སུ་གྱུར།

ད་ལོ་རང་ཞིང་གིས་འདེབས་འཛུགས་བྱས་པའི་ལོ་ཏོག་རིགས་འདྲ་མིན་སྤྱི་ཆིངས་ཁྲི56.78ཡོད་ལ། ལོོ་སྔོན་མ་ལས་སྤྱི་ཆིངས་ཁྲི1.07གྱིས་ཇེ་མང་དུ་སོང་ཡོད། དེའི་འཕྲོར་འབྲུ་རིགས་ཀྱི་ལོ་ཏོག་སྤྱི་ཆིངས་ཁྲི29.55དང་ལོ་སྔོན་མ་ལས་སྤྱི་ཆིངས་ཁྲི.6འཕར་ཡོད་པས། ལོ་འདི་དག་རིང་ལ་འབྲུ་རིགས་འདེབས་པའི་རྒྱ་ཁྱོན་ཆེས་ཆེ་བའི་ལོ་གཅིག་ཀྱང་ཡིན་པས། སྔོན་དཔག་ལྟར་ན་བཟའ་འབྲུའི་སྤྱིའི་ཐོན་ཚད་ཏུན་ཁྲི107གྱི་ཡན་ལ་སླེབས་ཡོད་པས། རྒྱལ་ཁབ་ཀྱིས་མར་བཀྲམ་པའི་འདེབས་འཛུགས་རྒྱ་ཁྱོན་དང་སྤྱིའི་ཐོན་སྐྱེད་འགན་འཁྲི་ལས་བརྒལ་བ་ཡོངས་འགྲུབ་བྱས་ཡོད། སྣུམ་རྒྱུའི་སྤྱིའི་ཐོན་སྐྱེད་ཏུན་ཁྲི30ལྷག་ལ་བུད་པ་དང་ཕལ་ཆེར་བརྟན་འཇགས་བྱུང་ཡོད། སྔོ་ཚོད་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི152གྱི་ཡན་ལ་སླེབས་ཡོད།

གསོ་སྤེལ་ལས་རིགས་འཕེལ་རྒྱས་ཀྱི་མཚོན་སྟངས་གནས་བབ་ལེགས་ཤིང་། སྔོན་དཔག་ལྟར་ན་ད་ལོའི་ལོ་མཇུག་ལ་གསོ་སྤེལ་ནོར་གྱི་ཁ་གྲངས་ཁྲི575དང་བཤའ་རན་ལ་སླེབས་པའི་ཁ་གྲངས་ཁྲི212ལ་བུད་ཡོད། ལུག་གསོ་སྤེལ་གྱི་ཁ་གྲངས་ཁྲི1330དང་བཤའ་རན་ལ་སླེབས་པའི་ཁ་གྲངས་ཁྲི820 ནོར་ལུག་ཤའི་རིན་གོང་མཐོན་པོའི་འཁོར་སྐྱོད་རྒྱུན་ལྡན་སྒོས་ཕན་འབྲས་ལེགས་པ་མ་ཟད། གསོ་སྤེལ་ལས་རིགས་ཀྱི་ཡོང་སྒོ་ཡང་མངོན་གསལ་གྱིས་ཇེ་མང་དུ་སོང་འདུག

ཕག་གསོ་སྤེལ་ཐོན་སྐྱེད་ཀྱི་བརྟན་འཇགས་སླར་གསོ་བྱུང་བ་དང་། སྔོན་དཔག་ལྟར་ན་ད་ལོའི་ལོ་མཇུག་ལ་རང་ཞིང་གིས་ཕག་གསོ་སྤེལ་ཁ་གྲངས་ཁྲི71ལ་སླེབས་པ་དང་། ལོ་ཧྲིལ་བོའི་ཕག་གསོ་སྤེལ་ལས་བཤད་ཚད་ལ་སླེབས་པའི་ཁ་གྲངས་ཁྲི110ཡིན། ཆུ་ནང་གསོ་སྤེལ་ཐད་ལ་རིམས་ནད་ཀྱི་རྡུང་རྡེག་ངེས་ཅན་ཐེབས་པས་ཐོན་སྐྱེད་མར་འགྲིབ་ཡོད། འོན་ཀྱང་དུས་ཚིགས་གཉིས་ཀྱི་རྗེས་སུ་ཕྱིར་འཚོང་བརྟན་འཇགས་སླར་གསོ་བྱུང་ཡོད་ལ། སྔོན་དཔག་ལྟར་ན་ལོ་ཧྲིལ་བོའི་ཆུའི་ཐོན་རྫས་ཀྱི་ཐོན་སྐྱེད་ཚད་གཞི་ཏུན་ཁྲི1.5དང་ལོ་སྔོན་མ་ལས་ཏུན་ཁྲི0.3གྱིས་ཇེ་ཉུང་དུ་སོང་འདུག

སྔོ་ཚོད་ཀྱི་ཐད་ནས་ད་ལོ་རང་ཞིང་གི་ཚོད་མ་མཁོ་སྤྲོད་འདང་ངེས་དང་རིན་གོང་ཆེས་ཆེར་སོང་འདུག སྔོན་དཔག་ལྟར་ན་ལོ་ཧྲིལ་བོའི་སྔོ་ཚོས་འདེབས་འཛུགས་ཀྱི་རྒྱ་ཁྱོན་དེ་སྤྱི་ཆིངས་ཁྲི4.47ལ་སླེབས་པ་དང་ཐོན་སྐྱེད་ཚད་གཞི་ཡང་ཏུན་ཁྲི152གྱི་ཡན་ལ་སླེབས་ཡོད། སྔོ་ཚོད་ཀྱི་ཐོན་རྫས་རིགས་ཕུན་སུམ་ཚོགས་ལ་ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ཆུ་ཚད་བརྟན་འཇགས་ངང་མཐོར་འདེགས་བྱུང་ཡོད།

གསེར་ལྡན་དུས་ཀྱི་སྟོན་སྡུད་བྱ་བ་ལེགས་པོར་སྒྲུབ་པ་དང་ཆབས་ཅིག རང་ཞིང་གི་ཞིང་ལས་སྡེ་ཁག་གིས་གོམ་གང་མདུན་སྤོས་སྒོས་ས་ཁུལ་སོ་སོའི་སྟོན་ཚིགས་ཀྱི་འདེབས་འཛུགས་འགན་འཁྲི་ལག་བསྟར་བྱས་ཡོད། སྔོན་དཔག་ལྟར་ན་ད་ལོའི་ལོ་ཏོག་འདེབས་འཛུགས་ཀྱི་རྒྱ་ཁྱོན་སྤྱི་ཆིངས8000ཡན་ལ་སླེབས་པ་དང་། ས་ཁུལ་སོ་སོས་དགུན་གྲོ་འདེབས་འཛུགས་ཀྱི་ཚད་གཞི་ཆེས་ཆེར་བཏང་ནས་རྒྱ་ཁྱོན་སྤྱི་ཆིངས་ཁྲི1.33བརྩོན་ལེན་བྱས། ད་ལྟའི་ཆར་རང་ཞིང་གི་ས་ཁུལ་སོ་སོས་ཞིང་ལས་འདེབས་འཛུགས་དམ་འཛིན་བྱེད་པ་དང་ཆབས་ཅིག་སྟོན་ཁའི་རག་ཁེབས་བྱ་བར་སྐུལ་འདེད་བྱེད་བཞིན། རག་ཁེབས་ཀྱི་ཚད་གཞི་སྤྱི་ཆིངས666ལ་བུད་འདུག སྔོན་དཔག་ལྟར་ན་ཟླ11པའི་ཟླ་དཀྱིལ་ལ་ཞིང་ཆེན་ཡོངས་ཀྱི་རག་ཁེབས་རྒྱ་ཁྱོན་དེ་སྤྱི་ཆིང་ཁྲི3.33ཡས་མས་ལ་སླེབས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།