ཧོར་གྲོང་ནན་མོན་འགག་རྒྱལ་ཁབ་འདམ་ར་སྤྱི་གླིང་གིས་འདམ་རའི་སློབ་གྲྭ་ཐོག་མ་བཙུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་འདམ་ར་སྲུང་སྐྱོབ་ལྟེ་གནས་དང་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་ནགས་རྩྭ་ཅུའུ་གཉིས་ཀྱིས་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་རྫོང་ནན་མོན་འགག་གྲོང་རྡལ་གྱི་དཀྱིལ་སྙིང་སློབ་གྲྭ་རུ་མཚོ་སྔོན་ཧོར་གྲོང་ནན་མོན་འགག་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་འདམ་རའི་སློབ་གྲྭ་ཐོག་མ་གསར་དུ་བཙུགས་སྟེ་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ། ཆེས་ཐོག་མའི་འདམ་རའི་སློབ་གྲྭ་ནི་སོ་སོ་ནན་མོན་འགག་གྲོང་རྡལ་སློབ་འབྲིང་དང་ཧོར་གྲོང་རྫོང་སློབ་འབྲིང་གཉིས་པ། ཝེ་ཡོན་གྲོང་རྡལ་འབྲིང་རིམ་སློབ་འབྲིང་བཅས་ཡིན། ནན་མོན་འགག་གྲོང་རྡལ་གྱི་དཀྱིལ་སྙིང་སློབ་གྲྭའི་དཔེ་མཛོད་ཁང་དུ་སློབ་གྲོགས་དག་གིས་དགའ་སྤྲོའི་ངང་ཧོར་གྲོང་ནན་མོན་འགག་རྒྱལ་ཁབ་འདམ་རའི་སྤྱི་གླིང་སྲུང་སྐྱོབ་ལྟེ་གནས་ཀྱིས་གཟིགས་འབུལ་གནང་བའི་རང་བྱུང་ཚན་རིག་སྐོར་གྱི་དཔེ་ཆ་ཀློག་བཞིན་ཡིན། འདབ་ཆགས་དང་རྩི་ཤིང་། འབུ་སྲིན་སྐོར་གྱི་དཔེ་ཆ་ལས་སློབ་གྲོགས་དག་རང་བྱུང་ཁམས་དང་ཉེ་བར་བཅར་ལ་རང་བྱུང་ཁམས་ལ་རྒྱུས་ལོན་ཡང་བྱས་ཡོད། འདི་ནི་བྱ་འགུལ་གྱི་མཇུག་མཐའི་དམིགས་འབེན་ཡང་ཡིན་པས་། སློབ་གྲྭས་སློབ་མ་ཞིག་གསོ་སྐྱོང་བརྒྱུད་ཁྱིམ་ཚང་ལ་སྣེ་ཁྲིད་ཀྱིས་སྤྱི་ཚོགས་ཧྲིལ་བོར་ཤུགས་རྐྱེན་ཐེབས་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འདུ་ཤེས་མངོན་འགྱུར་བྱས་ཡོད། མཇུག་མཐར་འདམ་རའི་སློབ་གྲྭའི་དགེ་སློབ་དག་དང་ཧོར་གྲོང་ནན་མོན་འགག་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་བདག་སྐྱོང་མི་སྣ་བཅས་མཚོ་སྔོན་ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས་ཀྱིས་རྩ་འཛུགས་བྱས་པའི་མཛེས་སྡུག་གི་འདམ་ར་ལ་བསྐྱོད་པ་ཞེས་པའི་ཚན་རིག་གི་གསབ་སྦྱོང་ལ་ཞུགས་པ་དང་རང་གི་ཉེ་འཁོར་གྱི་འདམ་རའི་ཁོར་ཡུག་ལ་རྒྱུས་ལོན་དང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མཐོར་འདེགས་སུ་བཏང་ཡོད།

སློབ་གྲོགས་དག་རང་བྱུང་ཁམས་དང་ཉེ་བར་བཅར་ཏེ་རང་བྱུང་ཁམས་ལ་རྒྱུས་ལོན་བྱས་པ།

མཛེས་སྡུག་གི་འདམ་ར་ལ་བསྐྱོད་པའི་ཚན་རྩལ་གསབ་སྦྱོང་གི་གོ་རིམ་ཁྲོད་བདག་སྐྱོང་མཁན་དང་དགེ་རྒན་དག་གིས་བསམ་བློ་བརྗེ་རེས་བྱེད་བཞིན་པ།

མཚོ་སྔོན་ཧོར་གྲོང་ནན་མོན་འགག་རྒྱལ་ཁབ་འདམ་རའི་སྤྱི་གླིང་སློབ་གྲྭ་གསར་དུ་བཙུགས་པར་སྒོ་བྱང་འགེལ་བའི་མཛད་སྒོ་ཡི་ཡུལ་དངོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།