མཚོ་ལྷོ་ཁུལ་གྱིས2020ལོའི་སྟོན་ཁའི་ལས་བསྡུའི་གྲོས་ཚོགས་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11ཚེས11ཉིན། མཚོ་ལྷོ་ཁུལ་མི་དོན་སྤྱི་ཚོགས་ཅུའུ་དང་མཚོ་ལྷོ་ཁུལ་གྱི་དམག་ཁོངས་ནས་བུད་པའི་དམག་མིའི་ལས་དོན་ཅུའུ། མཚོ་ལྷོ་ཁུལ་སྤྱི་ཁྱབ་བཟོ་ཚོགས། མཚོ་ལྷོ་ཁུལ་བཟོ་ཚོང་མཉམ་འབྲེལ་དང་གསེར་ཆེན་རྫོང་མི་དོན་འགན་སྲུང་ཅུའུ་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། མཚོ་ལྷོ་ཁུལ་དང་གསེར་ཆེན་རྫོང་ལས་ཞུགས་ཞབས་ཞུ་ཅུའུ་ཡིས་འགན་སྒྲུབ་བྱས་པའི་ལས་ཞུགས་བརྟན་འཇགས་ཀྱིས་སྲིད་ཇུས་ལ་རོགས་སྒྲུབ། ལས་ཞུགས་ལ་འགན་སྲུང་གིས་ཞབས་ཞུའི་ཟམ་པ་བསྐྲུན་པ་བརྗོད་དོན་ཡིན་པའི2020ལོའི་མཚོ་ལྷོ་ཁུལ་གྱི་གསེར་ལྡན་དུས་ཀྱི་ལས་བསྡུའི་ཟླ་བའི་ཡུལ་དངོས་ལས་བསྡུའི་གྲོས་ཚོགས་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་གྱི་མཚོ་སྔོན་པོ་ཐང་ཆེན་དུ་སྤེལ་པ་རེད།

དེ་མིན་ལས་བསྡུ་གྲོས་ཚོགས་ཀྱིས་མཚོ་སྔོན་པོ་ཤ་རིགས་ལས་སྣོན་ཚད་ཡོད་འགན་ལེན་ཀུང་ཟི་དང་མཚོ་སྔོན་ཅིན་ཧང་མི་ཤུགས་ཐོན་ཁུངས་བདག་དོམ་ཚད་ཡོད་ཀུང་ཟི། མཚོ་སྔོན་གངས་རིའི་ནོར་ནག་འོ་ལས་ཚད་ཡོད་ཀུང་ཟི། ཅང་སུའུ་ཧིན་ཁུ་རྒྱུ་ཆ་གསར་པའི་ཚད་ཡོད་ཀུང་ཟི་སོགས་ས་གནས་ཀྱི་ཁེ་ལས37དང་ཞིང་ཆེན་གཞན་པའི་ཁེ་ལས5རྩ་འཛུགས་ཟབ་ཞུགས་སྒོས་ལས་འཚོལ་བྱེད་དུ་འོངས་བའི་ལས་རིགས་ལག་རྩལ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། ལས་ཤོར་བྱུང་བའི་མི་སྣ། ལས་ཞུགས་ལ་དཀའ་ཁག་ཆེ་བའི་ཚོགས་སྤྱི་སོགས་ལས་འཚོལ་མི་སྣ500ལྷག་ལ་ལས་རྐང3200ལྷག་མཁོ་སྤྲོད་བྱས་ཡོད་ལ། ལས་རྐང་དེ་དག་ནི་དྲུང་ཡིག་དང་མྱུར་སྐྱེལ། དངུལ་གཉེར་བ་སོགས་ལས་རིགས100ལྷག་ལ་འབྲེལ་ཡོད།

བྱ་འགུལ་ཁྲོད་མཚོ་ལྷོ་ཁུལ་དང་གསེར་ཆེན་རྫོང་གི་ལས་ཞུགས་ཞབས་ཞུ་ཅུའུ་ཡིས་དྲིལ་སྒྲོག་ཤོག་ལྷེ་བཀྲམ་པ་དང་མཛུབ་སྟོན་ལག་དེབ། དེ་མིན་དྲ་རྒྱའི་དྲིལ་སྒྲོག་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། རིགས་སོ་སོའི་མི་བཀོལ་ལས་ཁུངས་དང་ལས་འཚོལ་མཁན་སོ་སོར་ཁྱོན་ཡོངས་ནས་སྲིད་ཇུས་ཀྱི་ནང་དོན་ཀློག་འགྲེལ་བྱས་པ་རེད། རེ་འདུན་འགྲོ་ལུགས་སྒྲུབ་སྟངས་དང་ཁ་གསབ་ཚད་ལྡན་གྱིས་མི་བཀོལ་ལས་ཁུངས་ཅི་རིགས་དང་ལས་འཚོལ་མཁན་ལ་རོགས་བྱས་ཏེ་ཁྱོན་ཡོངས་ནས་འབྲེལ་ཡོད་སྲིད་ཇུས་ཁོང་དུ་ཆུད་པར་བྱས་ནས། བཟོ་ལས་ཁེ་ལས་དང་ངལ་རྩོལ་མཁན་གྱི་བར་དུ་མཐུད་སྦྲེལ་འཕར་མའི་ཞབས་ཞུའི་སྟེགས་བུ་བསྐྲུན། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ལས་བསྡུ་གྲོས་ཚོགས་ཀྱི་ཡུལ་དངོས་སུ་མང་ཚོགས200ལྷག་གི་འདྲི་རྟོག་དང་ལེན་དང་ལས་འཚོལ་མཁན35ཡིས་ཁེ་ལས་ལ་ལས་སྒྲུབ་གྲོས་མཐུན་གན་རྒྱ་བཞག་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།