མཚོ་སྔོན་ཞིང་ཆེན་གྱིས“བདུན་ལྔའི”ཁྲིམས་ལུགས་ཁྱབ་གདལ་གྱི་མཐའ་མའི་དཔྱད་འཇོག་འགོ་བརྩམས་པ།

ཟླ11ཚེས12ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་སྐྱོང་ཨུ་ལྷན་ཁྲིམས་སྲུང་ཁྲིམས་བཤེར་མཐུན་སྦྱོར་ཚོ་ཆུང་གིས་ཞིང་ཆེན་ཡོངས་ཀྱི“བདུན་ལྔའི”ཁྲིམས་ལུགས་ཁྱབ་གདལ་གྱི་མཐའ་མའི་དཔྱད་འཇོག་གི་ཆེད་དོན་གྲོས་ཚོགས་བསྡུས་ཤིང་། དེ་ནི“བདུན་ལྔའི”ཁྲིམས་ལུགས་ཁྱབ་གདལ་གྱི་མཐའ་མའི་དཔྱད་འཇོག་འགོ་ཚུགས་པའི་རྟགས་མཚན་རེད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“བདུན་ལྔའི”ཁྲིམས་ལུགས་ཁྱབ་གདལ་གྱི་མཐའ་མའི་དཔྱད་འཇོག་ལ་མཐོང་ཆེན་ཚད་མེད་གནང་ཐོག ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ཁྲིམས་ལྟར་ཞིང་སྐྱོང་ཨུ་ལྷན་ཁྲིམས་ལུགས་ཁྱབ་གདལ་མཐུན་སྦྱོར་ཚོ་ཆུང་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཁྲིམས་འཛིན་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག《ཞིང་ཆེན་ཡོངས་ཀྱི“བདུན་ལྔའི”ཁྲིམས་ལུགས་ཁྱབ་གདལ་དུས་མཇུག་གི་དཔྱད་ཞིབ་ཞིབ་བཤེར་བྱ་བའི་བརྡ་ཐོ》བཀྲམས་ཏེ། དཔྱད་ཞིབ་ཞིབ་བཤེར་བྱ་བར་སྤྱི་ཁྱབ་ནས་བཀོད་སྒྲིག་བྱས་པ་དང་། འབྲེལ་ཡོད་འགོ་ཁྲིད་བློ་མཐུན་འདེམས་ནས་དཔྱད་ཞིབ་ཞིབ་བཤེར་ཚོ་ཆུང་བརྒྱད་བཙུགས་པ་རེད།

གྲོས་ཚོགས་སྟེང “བདུན་ལྔའི”ཁྲིམས་ལུགས་ཁྱབ་གདལ་གྱི་མཐའ་མའི་དཔྱད་འཇོག་གིས་ཁྲིམས་འཛིན་སྡེ་ཚན་དང་ལས་ཁུངས་ལ་ཞིབ་བཤེར་ནན་མོ་བྱས་ཏེ། “ཁྲིམས་ལུགས་སུས་ལག་བསྟར་བྱས་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་དགོས་པ”དང་། “དོ་དམ་པ་སུ་ཡིན་ན་དེས་ཁྲིམས་ལུགས་ཁྱབ་གཏང་དགོས་པ།”སྔར་ལས་ལྷག་པའི་སྒོ་ནས“ཞབས་ཞུ་སུས་བྱས་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏང་དགོས”ཞེས་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་འོས་འགན་ལག་བསྟར་དོན་འཁྱོལ་བྱ་དགོས་ལ། གནད་དོན་བཙལ་ནས་ཞིབ་བཤེར་ལ་སྣེ་འཁྲིད་དང་། གནད་དོན་ཐག་གཅོད་ལ་བརྟེན་ནས་ལས་ཀའི་འབྲས་བུ་བསྡུར་བར་བྱེད་པ། དཔྱད་ཞིབ་ཞིབ་བཤེར་གྱི་གོ་རིམ་དེ་གནད་དོན་ཐག་གཅོད་དང་། ལས་ཀར་སྐུལ་འདེད་གཏོང་བའི་གོ་རིམ་དུ་བསྒྱུར་ཏེ། ཤེས་རྟོགས་ཡང་དག་དང་དཔྱད་ཞིབ་ཀྱི་རྩ་དོན། ནང་དོན། བྱེད་ཐབས། བླང་བྱ་བཅས་ལ་སྟངས་འཛིན་ཡག་པོ་བྱས་ནས་དཔྱད་འཇོག་འདྲ་མཉམ་ཡིན་ལ་དྲང་གཞག དོན་དངོས་དང་མཐུན་པ། ཡང་དག་པ་ཞིག་འཁྱོངས་པར་འགན་ལེན་བྱ་དགོས། རྣམ་པ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ནན་འགོག་བྱས་ཏེ།  གཞི་རིམ་མང་ཚོགས་ཀྱི་གམ་ནས་གནས་ཚུལ་ངོ་མར་རྒྱུས་ལོན་བྱས་ནས་གོ་རིམ་གལ་ཆེན་དེ་མཇུག་འབྲས་གལ་ཆེན་གྱི་ཕྱོགས་སུ་བསྒྱུར་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

རྒྱུས་ལོན་བྱས་པ་ལྟར་ན། བྱ་བའི་ཚོ་ཆུང་སོ་སོ་མི་འགྱང་བར་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས། མི་དམངས་ཚོགས་པ། སློབ་གྲྭ་ཆེན་མོ། ཞིང་ཆེན་གྱིས་བདག་དོམ་བྱེད་པའི་ཁེ་ལས། ཀྲུང་དབྱང་གི་མཚོ་སྡོད་ལས་ཁུངས་བཅས32ལ་དཔྱད་ཞིབ་ཞིབ་བཤེར་བྱ་རྒྱུ་ཡིན་པར་མ་ཟད། ཞིང་ཆེན་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་སེམས་འདུན་བརྟག་དཔྱད་ལྟེ་གནས་ལ་ལས་བཅོལ་ཐོག་ཞིང་ཆེན་ཡོངས་སུ“བདུན་ལྔའི”ཁྲིམས་ལུགས་ཁྱབ་གདལ་བཏང་བའི་གནས་ཚུལ་དང་མང་ཚོགས་ཀྱི་ཡིད་ཚིམ་ཚད་ལ་ཕྱོགས་གསུམ་པ་ནས་དཔྱད་དཔོག་བྱ་རྒྱུ་རེད།

ཁོན་ཐར་འཚོས་བསྒྱུར།