​རང་ཞིང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་ས་ཆ་གཙོ་གནད་དུ་བཟུང་ནས་འཛུགས་སྐྲུན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ལས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་ཕུགས་འདེད་རིག་གནས་ཡུལ་སྐོར་གསར་སྤེལ་དང་རྨ་ཆུ་དང་ཙོང་ཆུའི་ས་ཁུལ་གྱི་རྒྱལ་ཁབ་རིམ་པའི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་བསྐྲུན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རྨ་ཆུའི་རིག་གནས་གནས་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱསེ་པ་རེད།།

རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ཆུས་ཀྱི་གྲས་ཤིག་ཡིན་པའི་མཚོ་སྔོན་ས་ཁོངས་ཀྱི་རྨ་ཆུའི་རིག་གནས་ནང་ལོ་རྒྱུས་རིག་གནས་དང་། མི་རིགས་རིག་གནས། གསར་བརྗེའི་རིག་གནས། སྐྱེ་ཁམས་རིག་གནས་སོགས་ཚུད་ཡོད་ལ། 2019ལོ་ནས་བཟུང་། རང་ཞིང་གིས་རྨ་ཆུའི་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དར་སྤེལ་གྱི་ཆེད་དོན་ཞིབ་འཇུག་དང་ཆེད་དོན་འཆར་འགོད་སྒྲིག་བཟོའི་བྱ་བ་སྤེལ་ཞིང་། གཙང་པོ་དང་ཆུ་བོའི་ཙོང་ཆུའི་རིག་གནས། རེབ་གོང་རིག་གནས། གླིང་གེ་སར་རིག་གནས་བཅས་སྲོག་ཤིང་དུ་བཟུང་སྟེ། རྨ་ཆུའི་འབབ་རྒྱུད་ཀྱི་རིག་གནས་དོན་སྙིང་སྔོག་འདོན་གཏིང་ཟབ། བརྗོད་བྱ་སྔོག་འདོན་བྱེད་པའི་ཁྲོད་རིག་གནས་ཡུལ་སྐོར་གྱི་སྤུས་ལེགས་ཚོང་རྟགས་བཏོད་དེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

རྨ་ཆུའི་རིག་གནས་ཡུལ་སྐོར་རྒྱུན་འཛིན་བྱ་བའི་ཁྲོད། རང་ཞིང་གིས་རི་ཆུ་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏང་རྒྱུར་དམིགས་ནས་ཕུགས་གཏུག་རིག་གནས་ཀྱི་ཡུལ་སྐོར་གཏིང་ཟབ་གསར་སྤེལ་བྱས་ཤིང་། རྨ་ཆུ་གཞུང་རྟ་རུ་བྱས་ཏེ་ཤིང་རྒྱལ་སྤྱིའི་ཤུགས་རྐྱེན་ལྡན་པའི་ཡུལ་སྐོར་ཁུལ་ཡག་ཤོས་ཤིག་བཏོད་ཡོད། རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་བྱ་བའི་གྲོས་མོལ་ལམ་སྲོལ་འཛུགས་དགོས། རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་རྩ་ཆེའི་རིག་དངོས་དྲ་ཐོག་ནས་ཐད་གཏོང་བྱས་པ་བརྒྱུད་ནས་རྒྱལ་ཁབ་ཀྱི་ནོར་བུས་རྨ་ཆུའི་དཔལ་ཡོན་གླེང་ཐུབ་པ་བྱུང་ཡོད། དེ་དང་དུས་མཚུངས་སུ“རྨ་ཆུ•ཙོང་ཆུའི་རིག་གནས”ཀྱི་ཡུལ་སྐོར་དམངས་ཕན་འཛད་སྤྱོད་དུས་ཚིགས་བྱེད་སྒོ་དང་རྨ་ཆུ་རྒྱུག་ཁུལ་གྱི་འཚེམ་དྲུབ་སྒྱུ་རྩལ་འགྲེམ་སྟོན་ཆེན་པོ་གཉེར་བ་རེད། ཙོང་ཆུའི་རིག་གནས་ཀྱི་དུས་རབས་སྤུས་དག་གཏོད་དགོས།

རང་ཞིང་གིས་མཚོ་སྔོན་གྱི་གྲངས་ཀའི་རིག་གནས་ཡུལ་སྐོར་གྱི་གཞི་གྲངས་ཆེན་མོའི་སྟེགས་བུ་བེད་སྤྱོད་དེ། རྨ་ཙོང་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཤིང་། རྨ་ཙོང་ས་ཁུལ་དུ་རྒྱལ་ཁབ་རིམ་པའི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་དང་ཞིང་ཆེན་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་ཅིག་གཙོ་གནད་དུ་བསྐྲུན་དགོས། ཡུལ་སྐོར་ལམ་ཐིག་རྩེ་གྲ100བཏོན་ཡོད། སྐྱེ་ཁམས་ཡུལ་སྐོར་དང་། ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པ། སྤྲོ་གསེང་ཡུལ་སྐོར་བྱེད་པ། གྲོང་གསེབ་ཡུལ་སྐོར་སོགས་ཡུལ་སྐོར་ཐོན་རྫས་དང་། ཞབས་ཞུའི་སྒྲིག་བཀོད། ཞབས་ཞུའི་ཆུ་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། གཙང་པོ་དང་ཙོང་ཆུའི་རིག་གནས་ཀྱི་ནང་དོན་རྒྱུན་ཆད་མེད་པར་རྒྱ་བསྐྱེད་གཏང་དགོས་པ་བསྟན།

མཚོ་སྔོན་གྱི་མིས་མཚོ་སྔོན་དུ་ཡུལ་སྐོར་དང་། མཚོ་སྔོན་གྱི་མིའི་མཚོ་སྔོན་དུ་ཡུལ་སྐོར་བྱེད་པ། མངོན་མིན་ཤུལ་བཞག་རིག་གནས་ཉོ་སྒྲུབ་དུས་ཆེན། “རྨ་ཆུ•ཙོང་ཆུའི་རིག་གནས”ཀྱི་དམངས་ཕན་འཛད་སྤྱོད་དུས་ཚིགས། ཀྲུང་གོའི་མཛེས་ལྗོངས་ཁུལ་གསར་གཏོད་འཕེལ་རྒྱས་གླེང་སྟེགས། རྒྱལ་ཡོངས་མི་དམངས་ཀྱིས་མཚོ་སྔོན་དུ་ཡུལ་སྐོར་བྱེད་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ་རེད། ཐུན་མོང་མ་ཡིན་པའི་རྨ་ཙོང་ལོ་རྒྱུས་ཀྱི་དྲན་ཤེས་དང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད།

གཡང་སྐྱིད་ཀྱིས་བསྒྱུར།