2020ལོའི་ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ལས་མི་བསྡུ་རྒྱུ་རེད།

2020ལོའི་ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་དོན་ལས་སྡེ་ཚན་གྱི་ལས་དོན་མི་སྣ་བསྡུ་བའི་བརྡ་སྦྱོར།

《མཚོ་སྔོན་ཞིང་ཆེན་གྱི་དོན་ལས་སྡེ་ཚན་གྱིས་ལས་བྱེད་མི་སྣ་བསྡུ་བའི་བྱེད་ཐབས》སོགས་གཏན་འབེབས་ལྟར། གྲོང་ཁྱེར་སྲིད་གཞུང་གིས་མོས་མཐུན་བྱས་པ་བརྒྱུད་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིབ་བཤེར་ཆོག་མཆན་གནང་བ་དང་། ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་དོན་ལས་སྡེ་ཚན་གྱི་ལས་དོན་མི་སྣ6བསྡུ་རྒྱུ་ཡིན་ཞིང་། འདི་ནས་འབྲེལ་ཡོད་དོན་བྱ་ཁྱབ་སྒྲོག་བྱེད།

གཅིག ལས་བསྡུའི་ཁྱབ་ཁོངས་དང་། གོ་རིམ། བྱེད་སྟངས།

ཐེངས་འདིའི་ལས་བསྡུ་རྒྱལ་ཡོངས་ལ་ཁ་ཕྱོགས་པ་དང་། ལས་བསྡུའི་བརྡ་སྦྱོར་ལྟར་ཡུལ་དངོས་སུ་མིང་ཐོ་འགོད་པ་དང་། ཐོབ་ཐང་ཞིབ་བཤེར། དཔྱད་ཞིབ་ཚད་ལེན། ལུས་ཕུང་བརྟག་དཔྱད། སྒྲིག་འཛུགས་རྟོག་ཞིབ། ཁྱབ་སྒྲོག ལས་བསྡུའི་འགྲོ་ལུགས་གཉེར་བ་སོགས་ཀྱི་གོ་རིམ་གཞིར་བཟུང་ནས་སྤེལ་རྒྱུ་རེད།

གཉིས། རྒྱུགས་བསྡུའི་ལས་གནས་དང་ཐོ་འགོད་རྒྱུགས་སྤྲོད་ཀྱི་ཆ་རྐྱེན་རྒྱུགས་ལེན་གྱི་ལས་གནས་དང་། ཐོབ་ཐང་གི་ཆ་རྐྱེན་བཅས་ལས་བསྡུའི་འཆར་གཞིའི་རེའུ་མིག་ཏུ་གསལ་བར་བཀོད་ཡོད།

གསུམ། མིང་ཐོ་འགོད་སྟངས་དང་དུས་ཚོད། ས་གནས།

བརྡ་སྦྱོར་སྤེལ་བའི་དུས་ཚོད། 2020ལོའིཟླ11པའི་ཚེས6ཉིན་ནས་ཟླ11པའི་ཚེས18ཉིན་བར། ཡུལ་དངོས་སུ་མིང་ཐོ་འགོད་པའི་དུས་ཚོད། 2020ལོའི་ཟླ11པའི་ཚེས16ཉིན་གྱི་ཆུ་ཚོད9ནས2020ལོའི་ཟླ11པའི་ཚེས18ཉིན་གྱི་ཆུ་ཚོད18བར། དཔྱད་ཞིབ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་དུས་ཚོད། 2020ལོའི་ཟླ11པའི་ཚེས19ཉིན་རེད། ཆ་རྐྱེན་དང་མཐུན་པའི་རྒྱུགས་སྤྲོད་སློབ་མས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་། མཐར་ཕྱིན་འཛིན་ཡིག བསླབ་གནས་འཛིན་ཡིག སྨན་པའི་ཐོབ་ཐང་འཛིན་ཡིག ལས་གནས་འཛིན་པའི་ཐོབ་ཐང་དཔང་ཡིག་སོགས་ཀྱི་མ་ཡིག་དང་བསྐྱར་དཔར་ཡིག་ཆ་འཁྱེར་དགོས་པ་དང་། རང་ཉིད་ཀྱི་ཚུན་གཉིས་ཆུང་བའི་འདྲ་པར2འཁྱེར་དགོས། མིང་ཐོ་འགོད་སའི་ལས་ཁུངས་སུ་སོང་ནས་ཡུལ་དངོས་སུ་མིང་ཐོ་འགོད་དགོས།

མིང་ཐོ་འགོད་ཡུལ་ས་གནས་དང་འབྲེལ་གཏུག་བྱེད་ཡུལ། 1ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་ཧུའུ་ཀྲུའུ་སྲང་ལམ་ཨང3པའི་མིག་ནད་ཚན་ཁག་གི་ཁང་བརྩེགས་བདུན་པའི་མི་ཤུགས་ཐོན་ཁུངས་པུའུ།

འབྲེལ་གཏུག་བྱེད་ཡུལ། དགེ་རྒན་ཀུའོ།

འབྲེལ་གཏུག་ཁ་པར། 0971-7914030

2 ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཆི་ལེན་ལམ་གྱི་ཨང892པའི་སྲིད་འཛིན་ཐོག་ཁང་གི་ཁང་བརྩེགས2པའི་མི་དོན་ཁོའོ།

འབྲེལ་གཏུག་བྱེད་ས། དགེ་རྒན་ཏོན།

འབྲེལ་གཏུག་ཁ་པར། 0971-3550265

3.ཟི་ལིང་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧྥུའུ་ཞིན་ལམ་ཨང10པ་དང11པ།

འབྲེལ་གཏུག་བྱེད་ས། ཧྥུ་ཞང་།

འབྲེལ་གཏུག་ཁ་པར། 0971-4913621

ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།

2020ལོའི་ཟླ11པའི་ཚེས6ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།