མཚོ་སྔོན་གྱི་མི་སྒེར4དང་སྡེ་ཚོགས4ལ2019ལོའི་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བསྒྲེངས་མཁན་གྱི་གཟི་བརྗིད་མཚན་སྙན་གནང་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ཞིང་ཆེན་བུད་མེད་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཡོངས་བུད་མེད་ལྷན་ཚོགས་ཀྱིས2019ལོའི་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་སྒྲེང་མཁན་དང་རྒྱལ་ཡོངས་གསུམ་བརྒྱད་དར་དམར་སྡེ་ཚོགས་ལ་གཟེངས་བསྟོད་བྱས་ཞིང་། རང་ཞིང་གི་མི་སྒེར4དང་སྡེ་ཚོགས4ལ2019ལོའི་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་སྒྲེང་མཁན་གྱི་གཟི་བརྗིད་བསྟོད་བསྔགས་བྱས།

རྒྱལ་ཡོངས་གསུམ་བརྒྱད་དར་དམར་སྒྲེང་མཁན་སྡེ་ཚོགས་ནི་རྒྱལ་ཡོངས་བུད་མེད་ལྷན་ཚོགས་ཀྱིས་རང་རྒྱལ་གྱི་བུད་མེད་ཕུལ་བྱུང་དང་བུད་མེད་ཕུལ་བྱུང་གི་ཚོགས་སྤྱི་ལ་གནང་བའི་ཆེས་མཐོའི་གཟི་བརྗིད་ཅིག་ཡིན་པས། རང་ཞིང་ལ་ཐེངས་འདིའི་དམིགས་གསལ་བྱ་དགའ་ཐོབ་པའི་གསུམ་བརྒྱད་དར་དམར་སྒྲེང་མཁན4ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཞའོ་ཆོན་སློབ་ཆུང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སློབ་གཙོ་ཝང་ཞའོ་ཧའེ། མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་བདེ་ཐང་ཞབས་ཞུའི་ལྟེ་གནས་བདེ་སྲུང་སྦྱོང་བརྡར་པུའུ་ཡི་ཀྲུའུ་རེན་རན་ཅིན་ཧྥུན། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པའི་འབྲས་སྐྲན་རྫས་བཅོས་ལྟེ་གནས་ཀྱི་ཀྲུའུ་རེན་ཕན་ཞན་དབྱིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་ཧྲུའུ་པའོ་ལམ་གཞིས་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་མེན་ཞ་བཅས་ཡིན།

གསུམ་བརྒྱད་དར་དམར་སྒྲེང་མཁན་གྱི་ཚོགས་སྤྱི4ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུའུ་དང་མཚོ་སྔོན་ཞིང་ཆེན་རྩྭ་ཐང་སྤྱི་ཁྱབ་ས་ཚིགས་སྐྱེ་ཁམས་ཞིག་གསོ་པུའུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ12366དཔྱ་ཁྲལ་ཞབས་ཞུའི་ལྟེ་གནས། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་མཚོ་ཤར་སྤྱི་ཚོགས་ཕན་བདེ་གླིང་བཅས་ཡིན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་གྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་ཚོགས་སྤྱི་དག་གིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། གཟི་བརྗིད་ལ་གཅེས་སྤྲས་ངང་མུ་མཐུད་དུ་རང་སྤེལ་རང་འདེད་ངང་ལས་གཏོད་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱལ་ཁ་ལ་བརྩོན་ལེན་བྱ་ཆེད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གནས་བབ་གསར་པའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད།

རྒྱལ་ཡོངས་བུད་མེད་མཉམ་འབྲེལ་གྱིས་རྒྱ་ཆེའི་བུད་མེད་དག་དང་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར། ཚོགས་སྤྱི་བཅས་མིག་དཔེར་བཟུང་སྟེ། རླབས་ཆེ་བའི་རིམས་འགོག་སྙིང་སྟོབས་རླབས་ཆེན་དར་སྤེལ་བཏང་ནས། འདུ་ཤེས་བརྟན་སྲུང་གིས་འགན་འཁྲི་དང་དུ་ལེན་ཕོད་པ་དང་ལས་རྐང་ལ་འབད་བརྩོན་བྱེད་པ། དཔལ་ཡོན་སྤྱོད་ལམ་ལག་ལེན་དུ་འདེབས་པ་བཅས་ཀྱིས་སྔོན་ཐོན་ཅན་ལ་སློབ་སྦྱོང་དང་སྔོན་ཐོན་ཅན་བརྩོན་ལེན་བྱས་ནས། དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་དེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་བརྩོན་སེམས་དམིགས་འབེན་མངོན་འགྱུར་བྱས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་བྱ་གཞག་ཆེན་མོ་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་སླར་གསོ་བྱེད་པའི་ཀྲུང་གོའི་ཕུགས་འདུན་གྱི་ཆེད་དུ་མུ་མཐུད་ངང་འབད་བརྩོན་ལྷོད་མེད་བྱ་དགོས་པ་བསྟན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།