ཞིང་ཆེན་ཞིབ་དཔྱོད་གླིང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་གྱིས་ལྷན་ཅིག་ཞིབ་དཔྱོད་སྒོ་འབྱེད་ཉིན་མོ་བརྗོད་དོན་ཡིན་པའི་བྱ་འགུལ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10ཚེས27ཉིན། ཞིང་ཆེན་ཞིབ་དཔྱོད་གླིང་གིས་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་དང་ལྷན་དུ“‘བརྟན་འཇགས་དྲུག’གི་སྲུང་སྐྱོབ་འོག་དམངས་གཉེར་ཁེ་ལས་འཕེལ་རྒྱས་སུ་གཏོང་བ”བརྗོད་དོན་ཡིན་པའི་ཞིབ་དཔྱོད་སྒོ་འབྱེད་ཉིན་མོའི་བྱ་འགུལ་སྤེལ། བྱ་འགུལ་གྱིས་རྒྱལ་ཡོངས་དམངས་ཆེན་འཐུས་མི་དང་རྒྱལ་ཡོངས་སྲིད་ཇུས་ཨུ་ཡོན། ཞིང་ཆེན་ཞིབ་དཔྱོད་གླིང་གི་མི་དམངས་ལྟ་སྐུལ་པ། དམངས་གཉེར་ཁེ་ལས་ཀྱི་འཐུས་ཚབ་པ་བཅས་ཞིབ་དཔྱོད་ལས་ཁུངས་སུ་སོང་སྟེ། བར་ཐག་མེད་པའི་སྒོ་ནས་ཞིབ་དཔྱོད་བྱ་བར་རྒྱུས་ལོན་དང་དེར་མ་ཟད་བཞུགས་མོལ་གྲོས་ཚོགས་བསྡུས་ནས་ཞིབ་དཔྱོད་ལས་ཁུངས་ཀྱི“བརྟན་འཇགས་དྲུག”དང“འགན་སྲུང་དྲུག”གིས་དམངས་གཉེར་འཕེལ་རྒྱས་སུ་གཏོང་བའི་སྲུང་སྐྱོབ་བྱེད་པའི་ཐད་ནས་བསམ་འཆར་བསྡུ་ལེན་བྱས།

བྱ་འགུལ་ཁྲོད་གདན་འདྲེན་འཐུས་ཚབ་པ་དག་གིས་ཞིང་ཆེན་ཞིབ་དཔྱོད་གླིང་གི12309ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་དང་དོན་གཅོད་བདག་དོམ་ཚོམས་ཆེན་སོགས་ལ་གཟིགས་ཞིབ་གནང་སྟེ། འབྲེལ་ཡོད་བྱ་བའི་ཐད་ཀྱི་ངོ་སྤྲོད་ལ་ཉན་ནས་ཞིབ་དཔྱོད་བྱ་བར་རྒྱུས་ལོན་བྱས། དེའི་འཕྲོར་བསྡུས་པའི་བཞུགས་མོལ་གྲོས་ཚོགས་སྟེང་། ཞིང་ཆེན་ཞིབ་དཔྱོད་གླིང་གི་འབྲེལ་ཡོད་འགན་ཁུར་མི་སྣས་གྲོས་ཚོགས་ཀྱི་འཐུས་ཚབ་པ་ལ་ད་ལོའི་ཞིབ་དཔྱོད་བྱ་བའི་གནས་ཚུལ་སྙན་ཞུ་བྱས་པ་དང་། དམངས་གཉེར་ཁེ་ལས་ཀྱི་འཐུས་ཚབ་པ་གཞིར་བཟུང་སྟེ་ཁེ་ལས་ཀྱི་དཀའ་ཁག་ལ་ཕན་བདེ་རོགས་སྒྲུབ་བྱེད་པའི་སྲིད་ཇུས་ལག་བསྟར་དངོས་འབེབས་བྱས་པའི་ཕན་འབྲས་དང་། དཔྱ་ཁྲལ་ཉུང་འཕྲི་དང་ཁེ་ལས་ཚོང་གཉེར་གྱི་ཡོང་འབབ་འཕར་སྣོན། རིམས་ནད་སྐབས་ཀྱི་ཤུགས་རྐྱེན་མི་ལེགས་པ་གསེད་བཀྲོལ་སོགས་ཀྱིས་ཡོང་སྒོ་འཕར་སྣོན་སོགས་ཀྱི་ཐད་ལ་བསམ་བློ་བརྗེ་རེས་བྱས་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་འགན་ནུས་འདོན་སྤེལ་གང་ལེགས་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཐད་ཀྱི་སེམས་ཤུགས་ཆེས་ཆེར་བཏང་ནས་གོམ་གང་མདུན་སྤོས་ངང་ལས་འགོ་བསྐྱར་ཚུགས་ལ་ཤུགས་ཆེན་པོས་སྒོ་ནས་རོགས་སྒྲུབ་དང་། དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགེབས་སྲུང་བྱེད་པ། ས་གནས་ཀྱི་དཔལ་འབྱོར་སྒྲིག་གཞི་ལ་འགེབས་སྲུང་བྱེད་པ། དམངས་གཉེར་ཁེ་ལས་ཀྱི་དོན་དངོས་དཀའ་ཁག་ལ་རོགས་རམ་བྱས་ཏེ་ཐག་གཅོད་བྱེད་པ། དམངས་གཉེར་ཁེ་ལས་ཀྱི་བདེ་ཐང་འཕེལ་རྒྱས་བཅས་ལ་རོགས་སྒྲུབ་ཀྱི་ནུས་པ་ཐོན་དུ་བཅུག་ཡོད།

དམངས་གཉེར་ཁེ་ལས་ཀྱི་འཐུས་ཚབ་པ་དག་གིས་དེ་འབྲེལ་གྱི་རེ་འདུན་བསམ་འཆར་ཡང་བཏོན་ཡོད། ཞིང་ཆེན་ཞིབ་དཔྱོད་གླིང་གི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། ཞིང་ཆེན་ཞིབ་དཔྱོད་གླིང་གིས་ནན་ཏན་ངང་བསླབ་བྱ་བསྡུ་ལེན་དང་ཉམས་མྱོང་ཕྱོགས་སྡོམ་སྒོས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཞབས་ཞུ་སྔར་ལས་མཐོར་འདེགས་སུ་བཏང་ཞིང་། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ལ་ཞབས་ཞུ་བསྒྲུབས་པ་རེད། དེར་མ་ཟད་འདྲ་མཉམ་སྲུང་སྐྱོབ་དང་ཡོངས་ཁྱབ་སྲུང་སྐྱོབ་ཀྱིས་ཁྲིམས་མཐུན་སྲུང་སྐྱོབ་ཀྱི་རྩ་དོན་ལག་ལེན་མཐར་ཕྱིན་དུ་སྤེལ་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་གཉེར་ཁེ་ལས་ཀྱི་ཞབས་ཞུའི་འཕེལ་རྒྱས་ཐད་ལ་ཁྲིམས་འཛིན་གྱོད་སྒྲུབ་པའི་བརྒྱུད་རིམ་ཧྲིལ་བོར་ཟུང་འབྲེལ་ངང་ཞིབ་དཔྱོད་དོན་དངོས་ལག་བསྟར་གྱིས་བྱ་བའི་གནད་འཁེལ་རང་བཞིན་དང་ཞབས་ཞུའི་གནད་གཙོར་བཟུང་སྟེ། འགན་སྲུང་གི་ཡུལ་དུ་འགན་འཁྲི་དང་ལེན་ཕོད་པ་དང་བྱེད་ཐབས་སྣ་མང་ལ་བརྟེན་ནས་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་དོན་དངོས་ཐད་ལ་བརྟན་འཇགས་དྲུག་དང་འགན་སྲུང་དྲུག་གི་ཞབས་ཞུ་བཀོལ་ཏེ་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཁྲོད་ཞིབ་དཔྱོད་ཀྱི་འགན་ནུས་དང་ལེན་བྱེད་ཕོད་པ་བྱེད་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།