2020ལོའི་མཚོ་སྔོན་ཞིང་ཆེན་གྱི་འཕྲད་བསྟུན་བདག་དོམ་ཆེད་དོན་ཞིབ་འཇུག་འཛིན་གྲྭ་བདེ་བླག་ངང་མཇུག་རྫོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10ཚེས23ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་གནང་ཞིང་། ཞིང་ཆེན་ཏང་གི་སློབ་གྲྭ་དང་ཞིང་ཆེན་འཕྲད་བསྟུན་བདག་དོམ་ཐིན་གྱིས་འགན་སྒྲུབ་གནང་བའི2020ལོའི་མཚོ་སྔོན་ཞིང་ཆེན་གྱི་འཕྲད་བསྟུན་བདག་དོམ་ཆེད་དོམ་ཞིབ་འཇུག་དཔྱད་སྡུར་འཛིན་གྲྭ་བདེ་བླག་ངང་མཇུག་རྫོགས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཡན་ལག་བདག་དོམ་ཁང་གི་འགན་ཁུར་བློ་མཐུན། གྲོང་ཁྱེར་དང(ཁུལ)རྫོང(གྲོང་ཁྱེར་དང་ཆུས)གི་ཏང་ཨུའི་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་བཅས་ཁྱོན་བསྡོམས་མི་གྲངས40ཞིབ་འཇུག་དཔྱད་སྡུར་འཛིན་གྲྭ་ལ་ཞུགས་ཡོད།

ཐེངས་འདིའི་ཞིབ་འཇུག་དཔྱད་སྡུར་འཛིན་གྲྭའི་དུས་ཡུན་ཉིན10ཡིན་ལ། སྔ་གཞུག་ཏུ་ཟི་ལིང་དང་པེ་ཅིན་ས་ཁུལ་གཉིས་སུ་སྤེལ་བ་དང་། དེའི་དགོངས་དོན་ནི་ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་འཕྲད་བསྟུན་བདག་དོམ་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་དང་། སྔར་ལས་ལྷག་པའི་སྒོ་ནས་འཕྲད་བསྟུན་བདག་དོམ་བྱ་བའི་བྲེལ་འཚུབ་ཚོར་ཤེས་དང་འགན་འཁྲིའི་ཚོར་ཤེས་ཆེས་ཆེར་བཏང་ནས། འཕྲད་བསྟུན་བདག་དོམ་ལས་དོན་ཐད་ཀྱི་ཤེས་བྱ་ཁོང་དུ་ཆུད་པ། དོན་དངོས་དང་གཞུང་ལུགས་གཉིས་ཟུང་འབྲེལ་ལ་སྐུལ་འདེད་གཏོང་བ། ལས་ཀའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་བ། ཞིང་ཆེན་ཧྲིལ་བོའི་གནོད་འཚེ་སྔོན་འགོག་ཚོད་འཛིན་མྱུར་སྐྱོབས་བྱ་བའི་ཐད་ལ་གྲུབ་འབྲས་ཆེན་པོ་ལེན་རྒྱུར་སྐུལ་འདེད་བཏང་། པེ་ཅིན་གྱི་དུས་ཡུན་ཉིན7གྱི་གསབ་སྦྱོང་ཁྲོད་པེ་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་རྩ་འཛུགས་པུའུ་དང་པེ་ཅིན་གྲོང་ཁྱེར་གྱི་འཕྲད་བསྟུན་བདག་དོམ་ཅུའུ། པེ་ཅིན་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད།

ཞིབ་འཇུག་དཔྱད་སྡུར་ལ་སློབ་སྦྱོང་བྱེད་པའི་སྐབས་སུ་སློབ་མ་དག་གིས་འཕྲད་བསྟུན་བདག་དོམ་བྱ་བའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་། ནན་ཏན་སྒོས་བཅོས་སྒྱུར་སྒྲིག་གཞི་ལ་སྐུལ་འདེད་གཏོང་བའི་འཕྲད་བསྟུན་བདག་དོམ་གྱི་དེང་རབས་ཅན་ལ་ཉན་ཞིང་། སྒྲོམ་གཞི་ཅན་དང་གཞི་གྲངས་ཆེན་མོའི་ཁྲོད་ཀྱི་འཕྲད་བསྟུན་བདག་དོམ་གྱི་བཀོལ་སྤྱོད། རང་བྱུང་གནོད་འཚེའི་ཉེན་ཁའི་དཔྱད་འཇོག་གིས་ས་འགུལ་གནོད་སྐྱོན་འགོག་སྲུང་ཁྲོད་བྱུང་བའི་དོན་དངོས་དང་རྣམ་པ་གསར་པའི་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་གཞིའི་གོ་དོན་སོགས་ཆེད་དོན་འཆད་ཁྲིད་བརྒྱུད། ཧུར་ཐག་ངང་འཕྲད་བསྟུན་ཐག་གཅོད་སྐབས་ཀྱི་སྦྱོང་བརྡར་ཁྲོད་ཟབ་ཞུགས་བྱས་པ་རེད། གློ་བུར་དོན་རྐྱེན་གྱི་གླེང་ཕྱོགས་ཞིབ་སྡུར་དང་སྨྱན་སྦྱོར་འབྲེལ་འདྲིས་ཀྱི་གཞི་རྩའི་ཐབས་རྩལ་སོགས་ཅོག་ངོས་ནས་སྐུལ་འདེད་བཏང་། སྐལ་བཟང་སྙིང་སྟོབས་སློབ་གསོའི་རྟེན་གཞི་ལ་བསྐྱོད་པ་དང་ཧྲུའུ་ཀང་བདེ་འཇགས་ཐོན་སྐྱེད་དོན་དངོས་སྦྱོང་བརྡར་རྟེན་གཞི། པེ་ཅིན་དགུན་ཁའི་ཨོ་རྩལ་རྩ་འཛུགས་ཨུ་ལྷན་ཧྲུའུ་ཀང་གླིང་ཁུལ། ཀྲུང་གོའི་མེ་སོན་མྱུར་སྐྱོབས་སློབ་གླིང་མི་མེད་གནམ་གྲྭའི་སྦྱོང་བརྡར་དང་རྒྱལ་ཁབ་ས་འགུལ་མྱུར་སྐྱོབས་ལྟེ་གནས་བཅས་ལ་ཡུལ་དངོས་སྦྱོང་བརྡར་བརྒྱུད་གྲུབ་འབྲས་གཡུར་དུ་ཟ་བ་བླངས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།