མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭས་དགེ་རྒན14བསྡུ་བའི་བརྡ་ཐོ།

རང་རེའི་དྲ་བའི་འཕྲིན། ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྱོང་ལ་སྔར་ལས་ཤུགས་སྣོན་དང་། འབྲེལ་ཡོད་རིག་ཚན་དང་ཆེད་ལས་ཤེས་ལྡན་མི་སྣའི་དགོས་མཁོ་དོན་དངོས་ཐོག་ཐག་གཅོད་བྱེད་པ། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་བྱ་བའི་ཆུ་ཚད་མཐོ་རུ་གཏང་བ་བཅས་ཀྱི་ཆེད་དུ། 《མཚོ་སྔོན་ཞིང་ཆེན་དོན་ལས་ལས་ཁུངས་ཀྱི་ལས་བྱེད་མི་སྣ་བསྡུ་བའི་བྱེད་ཐབས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་རིམ་པ་མཐོ་བའི་ཤེས་ལྡན་པ་བསྡུ་བའི་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།

གཅིག གདན་ཞུའི་རྩ་དོན།

སྤྱོད་ཡོན་གཉིས་ལྡན་གྱི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། སྤྱི་ལ་ཁ་ཕྱོགས་པ་དང་། འདྲ་མཉམ། འགྲན་རྩོད། ལེགས་འདེམས་བཅས་ཀྱི་གདན་ཞུའི་རྩ་དོན་ལག་བསྟར་བྱེད་པ།

གཉིས། གདན་ཞུའི་འཆར་གཞི།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་དགེ་རྒན14བསྡུ་འཆར་ཡོད་ལ། ཞིབ་ཕྲའི་ལས་གནས་དང་ཆ་རྐྱེན《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི2020ལོའི་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་བསྡུ་བའི་འཆར་གཞིའི་རེའུ་མིག》ན་གསལ།

གསུམ། གདན་ཞུའི་ཆ་རྐྱེན།

(གཅིག)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་པ།

( གཉིས། )ཏང་གི་སློབ་གསོའི་བྱ་གཞག་ལ་དགའ་ཞེན་ཡོད་པ། སྤྱོད་ལམ་བཟང་ཞིང་ལས་རིགས་ཀུན་སྤྱོད་ཀྱི་བྱང་ཚད་ངེས་ཅན་ཡོད་པ། ཆེད་ལས་གཞུང་ལུགས་ལ་རྨང་གཞི་བརྟན་པོ་ཡོད་པ། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ནུས་ཤུགས་ངེས་ཅན་ཡོད་པ། སློབ་ཁྲིད་ཀྱི་བྱང་ཚད་ལྡན་པ།

(གསུམ། )ལས་གནས་དང་མཐུན་པའི་ཆེད་ལས་ཀྱི་བསླབ་གནས་ལྡན་པ།

(བཞི)ལས་གནས་ལ་མཁོ་བའི་ཆ་རྐྱེན་གཞན་དག་ཚང་དགོས་པ་བཅས་སོ།

བཞི། མིང་ཐོ་འགོད་པའི་དུས་ཚོད།

མིང་ཐོ་འགོད་པའི་དུས་ཚོད2020ལོའི་ཟླ10པའི་ཚེས26ནས་ཟླ12པའི་ཚེས20ཉིན་བར།

མིང་ཐོ་འགོད་མཁན་ཚོས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་བསྡུ་བའི་མིང་ཐོ་འགོད་པའི་རེའུ་མིག》བསྐངས་ནས། སྦྲགས་སྲིད་ཡིག་སྒམZZRSCHU@SINA.COMསྟེང་ཡར་སྤྲད་དགོས། (ཡིག་སྒམ་གྱི་མིང་གཅིག་གྱུར་ཐོག་རྒྱུགས་སྤྲོད་སློབ་མའི་མིང་དང་ཆེད་ལས་འབྲི་དགོས། དཔེར་ན། ལི་ཟི+ཀྲུང་གུང་ཏང་གི་ལོ་རྒྱུས་ལྟ་བུ།)

རྒྱུགས་ལེན་དང་དཔྱད་བཤེར་གྱི་ཞིབ་ཕྲའི་དུས་ཚོད་དང་ས་གནས་སོགས་གནས་ཚུལ་གཞན་པ་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་བརྡ་ཐོར་བཀོད་པའི་ཚད་གཞི་ལྟར་ཡིན།