ད་ལོ་རང་ཞིང་གིས་ཁེ་ལས་ཀྱི་འགན་ཁུར་སྒོར་དུང་ཕྱུར90ཇེ་ཉུང་དུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཁང་གླ་ཇེ་ཉུང་དུ་གཏོང་བ། རིན་དངུལ་ཚད་ལྡན་དུ་གཏོང་བ། དཔྱ་ཁྲལ་དངོས་འབེབས་བྱེད་པ་་་་་་། ད་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་ཁེ་ལས་ཀྱི་འགན་འཁྲི་ཇེ་ཉུང་དུ་བཏང་ཞིང་ནུས་ཤུགས་གང་ཡོད་སྒོས“བརྟན་འཇགས་དྲུག”དང“འགན་སྲུང་དྲུག”གི་བྱ་བ་ལེགས་པོར་བསྒྲུབ་ཆེད། ཚད་བཀག་ངེས་ཅན་གྱི་སྒོ་ནས་ཁེ་ལས་ལ་ཕན་བདེ་བསྐྲུན། བསྡོམས་རྩིས་ལྟར་ན། དུས་ཚིགས་སྔོན་མ་གསུམ་གྱི་ནང་ཁེ་ལས་ཀྱི་ཁང་གླའི་རིན་དངུལ་ཉུང་འཕྲི་བྱེད་པ་དང་དཔྱ་ཁྲལ་དམིགས་གསལ་དངོས་འབེབས་སྒོས་ཁེ་ལས་ཀྱི་རིན་དངུལ་གཙང་སེལ་གྱི་སྒྲིག་སྲོལ་སོགས་སྲིད་ཇུས་རིམ་པ་མི་འདྲ་བ་དག་གི་བྱེད་ཐབས་ལག་བསྟར་བྱས་པས། ཁྱོན་བསྡོམས་ཁེ་ལས་ཀྱི་མ་རྩ་སྒོར་དུང་ཕྱུར90ཡིས་ཇེ་ཉུང་དུ་བཏང་འདུག

ད་ལོ་ནས་བཟུང་པྲོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་འོག་མཚོ་སྔོན་གྱིས་ཕན་འབྲས་ངེས་ཅན་ལྡན་པའི་སྲིད་ཇུས་རབས་དང་རིམ་པ་ལག་བསྟར་བྱས་ཏེ། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ལས་འགོ་བསྐྱར་ཚུགས་ཀྱི་མཐེབ་གཞོང་མནན་ནས་མཚོ་སྔོན་གྱི་ལས་འགོ་བསྐྱར་ཚུགས་ཀྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་། ཞིང་ཆེན་བཅོས་སྒྱུར་འཕེལ་རྒྱས་ཨུ་ལྷན་དང་ཞིང་ཆེན་བཟོ་ཨུའི་ཐིན། ཞིང་ཆེན་ཚོང་དོན་ཐིན་སོགས་སྡེ་ཁག་གིས་ལས་གཞི་གལ་ཆེན་གྱི་ལས་འགོ་བསྐྱར་ཚུགས་ལ་སྐུལ་འདེད་དང་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས། ཚོང་དོན་འཁོར་རྒྱུགས་ཀྱི་ཁེ་ལས་ཐོན་སྐྱེད་ཚོང་གཉེར་གྱི་དཀའ་ཁག་སེལ་པ་སོགས་གནད་དོན་གཙོ་བོ་གཞིར་བཟུང་སྟེ། སྔ་གཞུག་ཏུ《པྲོག་གསར་གློ་ཚད་རིམས་ནད་སྐབས་སུ་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་དང་ལས་གཞི་གལ་ཆེན་གྱི་ལས་འགོ་བསྐྱར་ཚུགས་ལ་སྐུལ་འདེད་བྱེད་པའི་སྐོར་གྱི་སྲིད་ཇུས》དང《བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་ནུས་ཤུགས་གང་ཡོད་སྒོས་ལས་འགོ་བསྐྱར་ཚུགས་སྐོར་གྱི་ཁ་གསབ་སྒྲིག་སྲོལ》གཉིས་པར་སྐྲུན་འགྲེམས་སྤེལ་བྱས། ཁེ་ལས་ཀྱི་དཀའ་ཁག་ཁྱབ་གསོད་བྱས། དེ་མིན་མཚོ་སྔོན་གྱིས་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་དང་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་ཁྱོན་ཡོངས་ནས་མགྱོགས་མྱུར་སླར་གསོ་བྱུང་བ་མངོན་འགྱུར་དང་། ལས་གཞི་གཅིག་བསྡུས་ཀྱི་ཞིབ་བཤེར་ཆོག་མཆན་མུ་མཐུད་དུ་ཆེས་ཆེར་བཏང་པ་དང་དངུལ་རྩའི་དངུལ་བུན། ཚོང་འགུག་མ་དངུལ་བསྡུ་རུབ་སོགས་གཅིག་བསྡུས་སྒོས་གན་རྒྱ་བཞག་ཡོད། དེ་མིན་ཁེ་ལས་ཀྱི་ཁང་བའི་རིན་དངུལ་ཉུང་འཕྲི་དང་དཔྱ་ཁྲལ་དམིགས་གསལ་སོགས་ཀྱི་ཐད་ལ་ཉུང་འཕྲིའི་ཚད་གཞི་ཇེ་ཉུང་དུ་བཏང་པ་དང་དངུལ་རྩའི་ཆེད་ཁེ་ཐད་ལ་ཡང་རོགས་སྐྱོར་སྐུལ་འདེད་བཏང་ཡོད།

མི་སྣ་གསབ་སྦྱོང་བྱེད་པར་ཤུགས་སྣོན་དང་ཁེ་ལས་ཀྱི་ཕན་འབྲས་ཚད་གཞི་ཆེས་ཆེར་གཏང་ཆེད། ཟླ10ཚེས10ཉིན། ཞིང་ཆེན་བཟོ་ལས་དང་བརྡ་འཕྲིན་ཐིན་གྱིས་ཞིང་ཆེན་ཧྲིལ་བོའི་ཁེ་ལས་ཀྱི་འགན་འཁྲི་ཇེ་ཉུང་དུ་གཏང་བའི་བྱ་བའི་ཐད་ཀྱི་གསབ་སྦྱོང་འཛིན་གྲྭའི་ནང་བསྟན་དོན། ཁེ་ལས་ཀྱི་འགན་འཁྲིའི་བྱ་བ་ཇེ་ཉུང་དུ་གཏང་བའི་སྒྲིག་གཞི་དང་ནང་དོན། སྲིད་ཇུས་ཀྱི་གཞི་འཛིན་ས་དང་བྱེད་ཐབས་ཐད་ལ་འགན་འཁྲི་ཇེ་ཉུང་དུ་གཏོང་བའི་འགན་འཁྲི་གལ་ཆེན་ལེགས་པོར་སྒྲུབ། རྗེས་ཕྱོགས་སུ་མཚོ་སྔོན་གྱིས་ཁྱོན་ཡོངས་ནས་ཁེ་ལས་ཀྱི་འགན་འཁྲི་ཇེ་ཉུང་དུ་གཏང་བའི་བྱ་བ་སྒྲུབ་པ་དང་དམིགས་འབེན་འགན་འཁྲི་ཡོངས་འགྲུབ་བྱུང་པར་འགན་སྲུང་བྱས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།