རང་ཞིང་གིས“རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་དྲིལ་སྒྲོག་ཟླ་བའི”བྱེད་སྒོ་ཐེངས29པ་སྤེལ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10ཚེས21ཉིན། རང་ཞིང་གིས“རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་དྲིལ་སྒྲོག་ཟླ་བ”ལས་དུས་བསྟུན་འདབ་ཆགས་ཀྱི་འཕུར་སྐྱོད་ལ་སྲུང་སྐྱོབ་བྱེད་པའི་བྱ་འགུལ་ཏེ། ནན་མོན་འགག་འདམ་ར་སྤྱི་གླིང་གིས་ལས་འགུལ་ལ་བརྟེན་ནས་འགན་འཁྲི་རྒྱས་བཤད་བྱེད་པའི་བརྗོད་དོན་བྱ་འགུལ་དེ་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གི་ནན་མོན་གྲོང་བརྡལ་གྱི་དཀྱིལ་སྙིང་སློབ་གྲྭ་རུ་སྤེལ་པ་རེད།

ཐེངས་འདིའི་བྱ་འགུལ་ནི་ཧོར་གྲོང་ནན་མོན་རྒྱལ་ཁབ་འདམ་ར་སྤྱི་གླིང་སྲུང་སྐྱོབ་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་པ་དང་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་འདབ་ཆགས་ལ་རོལ་མྱོང་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས། ལོ་རེའི་ཟླ11པ་ནི་རང་རྒྱལ་གྱི“རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་དྲིལ་སྒྲོག་ཟླ་བ”ཡིན་པས། 2020ལོ་ནི་རང་ཞིང་གིས་སྒྲུབ་པའི“རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་དྲིལ་སྒྲོག་ཟླ་བ”སྐབས29པའི་ལོ་འགོ་ཡང་ཡིན། ཐེངས་འདིའི་བྱ་འགུལ་གྱི་བརྗོད་དོན་ནི། “རང་བྱུང་ཁམས་ལ་བརྩི་བཀུར་དང་ཚེ་སྲོག་ལ་བརྩི་འཇོག མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པ”ཞེས་པ་དེ་ཡིན།

བྱ་འགུལ་གྱི་ཡུལ་དངོས་སུ“སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ”བརྗོད་དོན་ཡིན་པའི་ལག་བྲིས་ཚགས་པར་གྱི་འགྲན་སྡུར་ཁྲོད། ནན་མོན་འགག་གྲོང་རྡལ་དཀྱིལ་སྙིང་སློབ་གྲྭའི་སློབ་མ་དག་གིས་སེམས་པ་རྩེ་གཅིག་གིས་ལག་བྲིས་ཚགས་པར་ཁྲོད་ཀྱི་གེ་སར་རྟ་རྫི་དང་གསའ་སོགས་སྲོག་ཆགས་དག་གི་སྣང་བརྙན་ཁྱད་དུ་འཕགས་ཤིང་གསོན་ཉམས་ལྡན་པའི་ངང་ནས་བྲིས་ཡོད་པས་ཡུལ་དངོས་མི་ཚོགས་ཀྱིས་དགའ་སྤྲོའི་ཐལ་མོ་ཐག་ཐག་རྡེབ་བཞིན་ཡོད། ཧོར་གྲོང་ནན་མོན་འགག་རྒྱལ་ཁབ་འདམ་ར་སྤྱི་གླིང་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་ཚའོ་ཞོན་ཐའེ་ཡིས་སློབ་མ་དག་ལ་རང་བྱུང་ཁམས་ཀྱི་སོ་སྲུང་པ་ཆུང་ཆུང་ཞེས་པའི་དཔུང་རྟགས་གནང་སྟེ་ཁོ་ཚོར་སློབ་སྦྱོང་ལེགས་པོ་བྱེད་པར་སྐུལ་སློང་དང་མ་འོངས་པ་ན་སྐྱེ་ཁམས་དཔལ་ཡོན་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་པ་དང་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལ་རང་ཉིད་ཀྱི་སྟོབས་ཤུགས་དང་བྱས་རྗེས་འབུལ་དགོས་ཞེས་སྐུལ་སློང་བྱས་ཤིང་། མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་འདབ་ཆགས་ལ་གཟིགས་མྱོང་བྱེད་པའི་མཐུན་ཚོགས་ཀྱིས་སློབ་མ་དག་ལ《རི་སྐྱེས་སྲོག་ཆགས་ངོས་འཛིན་གྱི་ལག་དེབ》ཞེས་པ་ཡང་གནང་།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།