རང་ཞིང་ལ་དྲོ་གྲང་མར་ཆགས་པ་དང་ཁ་བ་འབབ་པའི་གནམ་གཤིས་འབྱུང་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10ཚེས23ཉིན་ནི་སྟོན་ཁའི་ཆེས་མཐའ་མཇུག་གི་དུས་གཟེར་སྟེ་བ་མོ་འབབ་པ་ཡིན། བ་མོ་འབབ་པ་དེས་གནམ་གཤིས་རིམ་བཞིན་དགུན་ཚིགས་སུ་འགྱུར་བཞིན་པ་མཚོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་ནས་རྒྱུས་ལོན་པ་ལྟར་ན། མཁའ་དབུགས་འཁྱག་པའི་ཤུགས་རྐྱེན་གྱིས་ཚེས25ཉིན་ནས་བཟུང་། རང་ཞིང་གི་ནུབ་ནས་ཤར་ལ་དྲོ་གྲང་མར་ཆགས་པ་དང་ཁ་བ་འབབ་པའི་གནམ་གཤིས་འབྱུང་རྒྱུ་ཡིན་པ་རེད།

གནམ་གཤིས་བརྟག་དཔྱད་ཁང་གིས་གསར་དུ་བསྒྲགས་པའི་སྔོན་དཔག་ལྟར་ན། ཟླ10ཚེས25ཉིན་ནས་ཚེས27ཉིན་བར་རང་ཞིང་གི་ནུབ་ནས་ཤར་ལ་ཁངས་འབབ་པ་དང་དྲོ་གྲང་མར་ཆག་པའི་གནམ་གཤིས་འབྱུང་རྒྱུ་རེད། དེའི་ཁྲོད་ཤར་རྒྱུད་ས་ཁུལ་ལ་མུ་མཐུད་དུ་ཁ་བ་འབབ་རྒྱུ་རེད། ཁ་བ་འབབ་པའི་ཚད་གཞི་ནི་ཧའོ་རྨིད15ཡིན་ལ། ཁ་བ་འབབ་པའི་དུས་ཚོད་གཙོ་བོ་ཡང་ཚེས26ཉིན་གྱི་མཚན་མོ་དང་ཚེས27ཉིན་གྱི་མཚན་མོ་གཉིས་ཡིན། བརྒྱུད་རིམ་དེའི་སྐབས་སུ་ཞིང་ཆེན་ཧྲིལ་བོའི་ས་ཁུལ་མང་ཆེ་ཤོས་ཀྱི་དྲོ་གྲང་རིམ་བཞིན་མར་ཆགས་རྒྱུ་ཡིན་ལ། དྲོ་གྲང་མར་ཆགས་ཚད་ནི་ཧྲེ་ཧྲི་ཏུའུ10ནས15ཡི་བར་ཡིན།

བྱེ་བྲག་གི་གནམ་གཤིས་སྔོན་བརྡ་ནི་ཟླ10ཚེས24ཉིན། མགོ་ལོག་གི་བྱང་རྒྱུད་དང་རྨ་ལྷོའི་ལྷོ་རྒྱུད་ས་ཁུལ། ཡུལ་ཤུལ་གྱི་ཤར་རྒྱུད་ས་ཁུལ་བཅས་ལ་ཁངས་ཆུང་ཆུང་ནས་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་སྤྲིན་མང་རྒྱུ་རེད། ཟླ10ཚེས25ཉིན། ཟི་ལིང་དང་མཚོ་ཤར། མཚོ་བྱང་། མཚོ་ནུབ་ཀྱི་ཤར་རྒྱུད། མཚོ་ལྷོ། རྨ་ལྷོ། མགོ་ལོག་གི་བྱང་རྒྱུད་བཅས་ལ་ཁངས་ཆུང་ཆུང་འབབ་རྒྱུ་རེད། བྱང་རྒྱུད་ས་ཁུལ་གྱི་ཉིན་དཀར་ཆེས་མཐོ་བའི་དྲོ་གྲང་དེ་ཧྲེ་ཧྲི་ཏུའུ6ནས8མར་ཆག་རྒྱུ་རེད། ཟླ10ཚེས26ཉིན། མཚོ་ཤར་དང་མཚོ་ལྷོའི་ལྷོ་རྒྱུད། རྨ་ལྷོའི་ལྷོ་རྒྱུད། མགོ་ལོག་གི་བྱང་རྒྱུད། མཚོ་ནུབ་ཀྱི་ཤར་རྒྱུད་དང་ཡུལ་ཤུལ་གྱི་ནུབ་རྒྱུད་ས་ཁུལ་བཅས་ལ་ཁངས་ཆུང་ཆུང་ནས་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་སྤྲིན་མང་རྒྱུ་རེད། ཟླ10ཚེས27ཉིན། མཚོ་ལྷོ་དང་ཡུལ་ཤུལ་གྱི་བྱང་རྒྱུད། མགོ་ལོག་གི་ནུབ་བྱང་རྒྱུད་བཅས་ལ་ཁངས་འབྲིང་ཙམ་ནས་ཁངས་ཆེན་འབབ་རྒྱུ་རེད། ཡུལ་ཚོ་དང་གྲོང་རྡལ་སྐོར་ཞིག་ལ་ཁངས་ཆེན་འབབ་རྒྱུ་རེད། ཟི་ལིང་དང་མཚོ་ཤར། མཚོ་བྱང་སོགས་ས་ཁུལ་ལ་ཁངས་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་སྤྲིན་མང་རྒྱུ་རེད།

གནམ་གཤིས་ཆེད་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། བ་མོ་འབབ་པའི་དུས་གཟེར་ལ་སླེབས་ཟིན་པས་ནངས་དགོང་གི་དྲོ་གྲང་སྔར་ལས་དམའ་བ་དང་དེའི་མི་ཚད་སྟོན་ཚུགས་ལ་རླུང་བུ་མོད་པས། མཁའ་དབུགས་ཀྱི་བརླན་གཤེར་ཚད་གཞི་མངོན་གསལ་གྱིས་མར་འགྲིབ་རྒྱུ་རེད། སྡོད་དམངས་དག་གིས་དུས་ལྟར་ལྭ་བ་དྲོན་མོ་གྱོན་ནས་ཆམ་རིམས་ལ་སྔོན་འགོག་བྱེད་དགོས། དེ་དང་ཆབས་ཅིག་ཁངས་ཆར་གནམ་གཤིས་ཀྱིས་ལམ་ངོགས་ལ་དར་ཆགས་སྲིད་པས་འགྲིམ་འགྲུལ་བདེ་འཇགས་ལ་མཉམ་འཇོག་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་དེའི་ཐད་ལ་སྔོན་འགོག་གི་བྱ་བ་ལེགས་པོར་སྒྲུབ་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།