མཚོ་སྔོན་གྱིས་ཤ་རིགས་ཐོན་རྫས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་གཏོང་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཤ་རིགས་ཐོན་རྫས་ཀྱི་ཐོན་སྐྱེད་བདེ་འཇགས་ལྟ་སྐུལ་བདག་དོམ་ལ་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་བྱེད་པ་དང་ཤ་རིགས་ཐོན་རྫས་ལས་སྣོན་མཁན་གྱིས་ཟས་རིགས་བདེ་འཇགས་ཨང་དང་པོར་འཛིན་པའི་འགན་འཁྲི་ལག་བསྟར་གྱིས་ཤ་རིགས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ལ་འགན་སྲུང་གིས་ཞིང་ཆེན་ཧྲིལ་བོའི་ཤ་རིགས་ཐོན་རྫས་ཀྱི་རྒྱུ་སྤུས་མཐོར་འདེགས་སུ་བཏང་། ཉེ་ལམ་ཞིང་ཆེན་ཡོངས་ཀྱི་ཤ་རིགས་ཐོན་རྫས་ཐོན་སྐྱེད་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་ཁྱོན་ཡོངས་ནས་སྤེལ་ཏེ་ཤ་རིགས་ཐོན་རྫས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ཡོད།

ཐེངས་འདིའི་ཞིབ་བཤེར་དེ་མུ་མཐུད་དུ་ཟླ12པའི་བར་དུ་རྒྱུན་བསྲིངས་བྱེད་རྒྱུ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ཤ་རིགས་ཐོན་རྫས་ལས་སྣོན་ཁེ་ལས་དང་ལས་སྣོན་ཁང་ཆུང་ཆུང་དག་དམིགས་འབེན་དུ་བཟུང་སྟེ། ཟས་རིགས་ཐོན་སྐྱེད་ཁེ་ལས་ཀྱི་ཟས་རིགས་བདེ་འཇགས་བདག་དོམ་དང་མ་བཅོས་རྒྱུ་ཆ་ཉོ་བསྡུ། ཐོན་སྐྱེད་བརྒྱུད་རིམ་ཚོད་འཛིན། ཐོན་རྫས་ཞིབ་བཤེར་ཚད་ལེན། ཟས་རིགས་བདེ་འཇགས་རང་རྟོག་ཞིབ་བཤེར་སོགས་ཕྱོགས་མི་འདྲ་བ་ལྔ་ཡི་ནང་དོན་ཐད་ཤ་རིགས་ཐོན་རྫས་ཀྱི“ཚད་བརྒལ་གཉིས་དང་མིན་པ་གཅིག”གི་ཁྲིམས་འགལ་བེད་སྤྱོད་ཐད་ཀྱི་སྦྱོར་རྟའི་གནད་དོན་དང་བེད་སྤྱོད་རྫུན་བཟོའི་ཞན་ཆ་དང་སྤྱོད་ངན། ནད་ཀྱིས་མནར་པ་སོགས་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས་མ་བཅོས་རྒྱུ་ཆའི་ལས་སྣོན་ཐད་ཀྱི་ཤ་རིགས་ཐོན་རྫས་ཐོན་སྐྱེད་མཁན་གྱི་ཁྲིམས་འགལ་བྱ་སྤྱོད་ལ་ལྟ་རྟོག་ཞིབ་བཤེར་ནན་མོ་དང་དུས་ངེས་མེད་དུ་ལྟ་རྟོག་ཞིབ་བཤེར་སྒོས་ལྟ་རྟོག་ཞིབ་བཤེར་བྱེད་ཐབས་ཡང་ལག་བསྟར་བྱས།

ལྟ་སྐུལ་ཞིབ་བཤེར་གཞིར་བཟུང་སྟེ་ཟས་རིགས་ཐོན་སྐྱེད་ཁེ་ལས་ཐད་ཀྱི་ཟས་རིགས་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོའི“ལམ་ལུགས་ལྔ་དང་སྙན་ཞུ་གཅིག”མུ་མཐུད་དུ་ལག་བསྟར་དངོས་འབེབས་བྱས་ཤིང་། ཤ་རིགས་ཐོན་རྫས་ཀྱི་བདེ་འཇགས་ཉེན་ཁ་དང་ཚོད་འཛིན་བྱེད་ནུས་ཆེས་ཆེར་བཏང་སྟེ། ལས་སྣོན་སྒྲིག་ཆས་དང་ལས་སྣོན་མུར་འཕེལ་བཅོས་སྒྱུར་ལ་སྐུལ་འདེད་སྒོས་ཐོན་སྐྱེད་བྱེད་སྒོས་ཆོག་མཆན་ཆ་རྐྱེན་མུ་མཐུད་དུ་སྤེལ། ཟས་རིགས་བདེ་འཇགས་བཅའ་ཁྲིམས་ཁྲིམས་སྲོལ་དང་ཟས་རིགས་བདེ་འཇགས་ཚད་ལྡན་གྱི་རྩ་འཛུགས་ཐོན་སྐྱེད་ལག་བསྟར་ནན་མོ་བྱས་ཏེ། ཤ་རིགས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་། ཤ་རིགས་ཐོན་སྐྱེད་ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་ཟས་རིགས་བདེ་འཇགས་བདག་དོམ་མི་སྣར་དཔྱད་ཞིབ་རྒྱུགས་ལེན་ཚད་གཞི100%ལ་བུད་པ་དང་ཤ་རིགས་ཐོན་རྫས་ཐོན་སྐྱེད་ཁེ་ལས་ཀྱི་མ་བཅོས་རྒྱུ་ཆའི་ཞིབ་བཤེར་ཚད་གཞི100%ལ་སླེབས། ཟས་རིགས་བདེ་འཇགས་ཀྱི་རང་རྟོག་གསར་རྙེད་ཉེན་ཁའི་སྙན་ཞུའི་ཚད་གཞིའི་དམིགས་འབེན་ཡང100%ཡོངས་འགྲུབ་བྱུང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།