ན་གོར་མོའི་འཕང་འབྲས་ལ“ཤེས་རབ་གཞིས་ཀ”ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། ཀྲུང་གོའི་དར་རྒྱས་ཆེ་བའི་ཞིང་གྲོང་དུ་བསྐྱོད་པ་ལས་ན་གོར་མོ་དང་ན་གོར་མོའི་འཕང་འབྲས་ཉོ་ཚོང་ལྟེ་གནས་ཀྱི་སྒོ་འབྱེད་མཛད་སྒོ་སྤེལ་པའི་སྨྱན་སྦྱོར་ཆེན་མོའི་སྤྱི་ཕན་ཐད་གཏོང་བྱ་འགུལ་དེ་ན་གོར་མོ་གྲོང་ཁྱེར་ཁུ་ནུ་གསར་སྤེལ་ཆུས་འཕང་འབྲས་ཉོ་འཚོང་ལྟེ་གནས་སུ་གཟབ་རྒྱས་ངང་སྤེལ་པ་རེད།

ན་གོར་མོ་ནི་མཚོ་སྔོན་གྱི་འཕང་འབྲས་དམར་པོ་དང་སྔོན་པོ་གཉིས་ཀྱི་ཐོན་སྐྱེད་བྱེད་ཡུལ་གཙོ་བོ་ཡིན། ཉེ་ལམ་ན་གོར་མོ་གྲོང་ཁྱེར་གྱི་འཕང་འབྲས་འདེབས་འཛུགས་རྒྱ་ཁྱོན་དེ་སྤྱི་ཆིངས6800ལ་བུད་པ་དང་ཚད་ལྡན་ཅན་གྱི་འཕང་འབྲས་ཐོན་སྐྱེད་དཔེར་མཚོན་རྟེན་གཞི་སྤྱི་ཆིངས2000། སྐྱེ་ལྡན་འཕང་འབྲས་ཀྱི་ངོས་ལེན་དེ་སྤྱི་ཆིངས1667 མཚོ་སྔོན་ཞིང་ཆེན་གྱི་སྐད་གྲགས་ཆོད་པའི་འཕང་འབྲས་ཚོང་རྟགས2སྐྱེད་བསྲིངས་བྱས་ཤིང་། འཕང་འབྲས་ལས་སྣོན་ཁེ་ལས་ཀྱི་ལོ་རེའི་ལས་སྣོན་བྱེད་ནུས་ཏུན5000ལ་བུད་ཡོད། 2019ལོར་སྐྱེ་ལྡན་འཕང་འབྲས་ཕྱིར་གཏོང་ཚད་གཞི་ཏུན51.8དང་ཕན་འབྲས་སྨིན་པའི་ཁེ་ཕན་ཨ་སྒོར་ཁྲི262.1ཡིན་པས། འཕང་འབྲས་ཐོན་ལས་དེ་ས་གནས་ཀྱི་ཞིང་ཕྱུགས་ལས་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད།

ན་གོར་མོ་གྲོང་ཁྱེར་འཕང་འབྲས་ཉོ་ཚོང་ལྟེ་གནས་ཀྱི་རྒྱ་ཁྱོན་ལ་སྤྱི་ཆིངས10དང་དེས་སྤྱིའི་རྒྱ་ཁྱོན་རྨིད་གྲུ་བཞི་མ་ཁྲི3ཡིན། ཚོད་ལྟའི་ལས་གཉེར་བྱས་ཏེ་ཟླ1ལྷག་འགོར་མེད་མོད། གཏན་སྡོད་ཚོང་ཁང100ལྷག་ཡོད་པ་དང་ཉོ་འཚོང་མ་དངུལ་སྒོར་ཁྲི3000ཡོངས་འགྲུབ་བྱུང་ཡོད། ལས་གཞི་ཧྲིལ་བོར་ཚོང་བ་ཁྱིམ་ཚང200དང་ཉོ་འཚོང་རིན་དངུལ་སྒོར་དུང་ཕྱུར10ལ་བུད་པ་དང་། 2025ལོར་སླེབས་དུས་ཉོ་འཚོང་རིན་དངུལ་སྒོར་དུང་ཕྱུར30ལ་འབུད་པ་མངོན་འགྱུར་བྱུང་སྲིད།

བྱ་འགུལ་ཡུལ་དངོས་སུ་སིང་ཀ་ཕོར་དང་ཀོང་ཀྲུའུ། ཞ་མོན་སོགས་འཕང་འབྲས་ཐོན་ལས་ཐད་ཀྱི་འཐུས་ཚབ་ཁེ་ལས་དང་ན་གོར་མོ་ས་གནས་ཀྱི་འཕང་འབྲས་ཉོ་ཚོང་ལྟེ་གནས་སུ་སྡོད་པའི་འཐུས་ཚབ་ཁེ་ལས་བཅས་ཀྱིས་འཕྲོ་རིམ་འཕྲོར་ཉོ་བསྡུའི་མཉམ་ལས་གྲོས་མཐུན་གན་རྒྱ་ལ་མིང་རྟགས་བཀོད་ནས། འདེབས་འཛུགས་རྟེན་གཞིའི་མ་དངུལ་གྱི་གནད་དོན་ཐག་གཅོད་བྱེད་པའི་དངུལ་རྩའི་ཐོན་རྫས་ཀྱི་འཕང་འབྲས་ཐད་ལ་དངུལ་བུན་གཏོང་བའི་ཡུལ་དངོས་ཡིད་རྟོན་བྱེད་སྒོ་ཡང་སྤེལ།

ན་གོར་མོའི་འཕང་འབྲས་ཉོ་ཚོང་ལྟེ་གནས་ཀྱིས་པུའུ་དང་ཞིང་ཆེན་གྱིས་མཚོ་སྔོན་གྱི་འཚེ་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེར་སྟོན་ཞིང་ཆེན་གསར་སྐྲུན་བྱས་ནས། གོ་ལ་ཧྲིལ་པོར་འཚེ་མེད་སྐྱེ་ལྡན་གྱི་ཐོན་ལས་སྒེའུ་ཁུང་དང་འཁོར་ལྟེ་ཞིག་གསར་སྐྲུན་བྱས། ལས་གཞིའི་ཡོངས་ཁྱབ་འཆར་འགོད་ཀྱིས་འཚོལ་ཞིབ་གར་སྟེགས་ཞིབ་བཤེར་དང་ཉོ་འཚོང་ལྟེ་གནས། ལས་སྣོན་གྲོང་ཁྱེར། གཅིག་བསྡུས་མཛོད་ཁང་ལྟེ་གནས་སོགས་སྒྲོམ་གཞི་ཆེན་པོ་བཞི་ཡིས་གསར་སྐྲུན་སྐུད་ལམ་གྱིས་ཕན་ཚུན་མཉམ་འབྲེལ་སྒོས་ཤེས་ནུས་ཤེས་འཇོན་ངང་འཚེ་མེད་ཀྱི་སྐྱེ་ལྡན་ཐོན་ལས་ཀྱི་སྐྱེ་ཁམས་གསར་པ་མཉམ་སྤྱོད་བྱས་ཡོད།

ཐེངས་འདིའི་བྱ་འགུལ་གྱིས“ཆུས་གསུམ་ཁུལ་གསུམ”གྱི་རྒྱལ་ཁབ་དབུལ་ཕོངས་ས་ཁུལ་ཀྱིས་དབུལ་སྐྱོར་མཁྲེགས་གཏོར་རོགས་འདེགས་ནུས་པར་བརྟེན་ནས། དབུལ་ཐར་སྒྲིག་གཞི་ཡུན་རིང་དུ་སྤེལ་ཏེ་ཞིང་ལས་ཞིང་སྡེའི་ཕུལ་བྱུང་འཕེལ་རྒྱས་ལ་སྐུལ་འདེད་ངང་ཞིང་སྡེའི་ཁྱོན་ཡོངས་ནས་དར་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།