ལས་ཤོར་མི་སྣ་དང་འཇོན་ཐང་ཅན་གྱི་ཞིང་བར་ཁ་ཕྱོགས་ཏེ་རང་ཞིང་གི་ལས་རིགས་ལག་རྩལ་སློབ་ཆེན8ཀྱིས་སློབ་མ་བསྡུ་ཚད་རྒྱ་བསྐྱེད་བཏང་འདུག

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་སློབ་གསོ་ཐིན་ནས་འབྱོར་བའི་གནས་ཚུལ། ཞིང་ཆེན་ཧྲིལ་བོའི་ངལ་རྩོལ་པ་མང་པོ་ཞིག་གི་རྩལ་ནུས་དང་ལས་ཞུགས་བཟང་པོ་སྤེལ་ཆེད། རང་ཞིང་གི་སྡེ་ཁག་དྲུག་གིས་མཚོ་སྔོན་ཞིང་ཆེན་གྱི《མཐོ་རིམ་སློབ་གླིང་གི་སློབ་མ་བསྡུ་བའི་བྱ་བ་ལག་བསྟར་བྱེད་པའི་ཇུས་གཞི》ཞེས་པ་པར་སྐྲུན་བྱས་ཤིང་། ལག་རྩལ་མཐོ་རིམ་སློབ་གླིང8ཀྱིས་ལས་ཤོར་མི་སྣ་དང་འཇོན་ཐང་ཅན་གྱི་ཞིང་བ་སོགས་ལག་རྩལ་སློབ་པར་སློབ་གྲྭ་རུ་བསྡུ་རྒྱུ་རེད།

སློབ་བསྡུ་བྱ་ཡུལ་ནི། 2020ལོའི་རང་ཞིང་གི་མཐོ་རིམ་སློབ་གླིང་གིས་སློབ་བསྡུ་དེ་ལོ་སྔོན་མའི་རིང་གི་སྤྱིར་བཏང་མཐོ་འབྲིང་དང་ཆེད་འབྲིང་སློབ་གྲྭའི་མཐར་ཕྱིན་སློབ་མ། དེ་མིན་དམག་ཁོངས་ནས་ཐོན་པའི་དམག་མི། ལས་ཤོར་མི་སྣ། ཞིང་བ་དང་ལས་བཟོ་པ། འཇོན་ཐང་ཅན་གྱི་ཞིང་བ། ཁེ་ལས་ཀྱི་ལས་བཟོ་པ། གཞི་རིམ་ཞིང་ལས་ལག་རྩལ་མི་སྣ་སོགས་ཚོགས་སྤྱི་ལ་ཁ་ཕྱོགས་ཏེ་སློབ་མ་བསྡུ་རྒྱུ་རེད།

སློབ་བསྡུ་བྱེད་མཁན་སློབ་གླིང་དང་ཆེད་ལས། ཐེངས་འདིའི་སློབ་བསྡུ་རྒྱ་སྐྱེད་དང་གསབ་སྦྱོང་འགན་འཁྲི་དང་ལེན་བྱེད་པའི་སློབ་གྲྭ་ནི་སོ་སོར་མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་མཚོ་སྔོན་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གྲྭ། མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གྲྭ། མཚོ་སྔོན་ཕྱུགས་སྨན་ལས་རིགས་ལག་རྩལ་སློབ་གྲྭ། མཚོ་སྔོན་ཉེན་རྟོག་ལས་རིགས་ལག་རྩལ་སློབ་གྲྭ། མཐོ་སྔོན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭ། ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ། མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གྲྭ་བཅས་མཐོ་རིམ་སློབ་གླིང8ཡིན་ལ། ཆེད་ལས་ཀྱང་མངའ་ཁོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་སྐབས་བསྟུན་ལ་ཁ་ཕྱོགས་པ་དང་སྤྱི་ཚོགས་ཀྱི་དམངས་ཚིས་ཁྱབ་ཁོངས་ཀྱི་ཞན་ཆ། ལས་ཞུགས་དགོས་མཁོ་བཅས་ཀྱི་ཆེད་ལས་ཀྱི་རྩ་དོན་ལྟར་ཐོག་མར་རྒན་གསོ་ལ་བསམ་གཞིག་བཏང་ནས་བདག་སྐྱོང་དང་གྲ་སྒྲིག་སློབ་གསོ། ཁྱིམ་སྲིད། གཡོས་སྦྱོར། གློག་རྡུལ་ཚོང་དོན། དངོས་ཟོང་བདག་དོམ། དེང་རབས་ཞིང་ལས། ཚྭ་ལ། ཆང་བསྙལ་པ། དམངས་ཁྲོད་སྲོལ་རྒྱུན་རྩལ་ནུས། རླངས་འཁོར་ཞིག་གསོ་སོགས་ས་གནས་ཀྱི་ལས་ཞུགས་ཚོང་རའི་དགོས་མཁོ་ཆེ་བ་དང་གོང་གསལ་གྱི་སློབ་བསྡུ་ཆ་རྐྱེན་དང་མཐུན་པའི་ཆེད་ལས་ལ་སློབ་མ་བསྡུ་རྒྱུ་རེད།

མིང་ཐོ་འགོད་པའི་དུས་ཡུན། མིང་ཐོ་འགོད་པ་དང་སློབ་ཞུགས་སློབ་མ་དག་གིས་དྲ་ལམ་ནས་མི་སྒེར་བརྡ་འཕྲིན་འཐུས་ཚང་ཅན་དུ་གཏང་བའི་དུས་ཚོད་ནི2020ལོའི་ཟླ10ཚེས19ཉིན་ནས་ཟླ10ཚེས25ཉིན་བར་ཡིན་ལ། རྒྱུགས་ཁུལ་རྒྱུགས་ལེན་སློབ་མའི་བརྡ་འཕྲིན་ལ་ཞིབ་བཤེར་བྱེད་པའི་དུས་ཡུན་ནི2020ལོའི་ཟླ10ཚེས30ཉིན་བར་ཡིན། 2020ལོའི་མཐོ་རིམ་མཐོ་རྒྱུགས་ལ་ཞུགས་སྟེ་སློབ་བསྡུ་བྱས་མེད་པའི་སློབ་མ་དག་གིས་མིང་ཐོ་ཐོ་འགོད་རེའུ་མིག་སློབ་མ་བསྡུ་མཁན་སློབ་གྲྭར་ཁྱེར་ནས་མིང་ཐོ་དགོད་དགོས།

ལས་རིགས་ལག་རྩལ་གྱི་སློབ་གྲྭ་དེ་དག་ལ་ཞུགས་ན་རྒྱུགས་ལེན་དགོས་སམ་ཞེ་ན། མཐོ་རིམ་སློབ་གྲྭ་དེ8ཀྱིས་ཆེད་ལས་སློབ་མ་བསྡུ་བའི་ཐད་ལ་ཆེད་ལས་རྒྱུགས་ལེན་ལས་བསྡུ་སྤྱོད་པ་དང་མཐོ་རིམ་སློབ་གྲྭ་དག་གིས་རང་སྟེང་ནས་རྒྱུགས་ལེན་རྣམ་པ་སྤྱོད་དགོས། དེའི་ཁྲོད་མཐོ་འབྲིང་མཐར་ཕྱིན་པའི་སློབ་མ་དང་འབྲིང་རིམ་ལས་རིགས་ལག་རྩལ་མཐར་ཕྱིན་སློབ་མ་དག་ལ་རིག་གནས་བྱང་ཚད+ལས་རིགས་རྩལ་ནུས་ཀྱི་རྒྱུགས་ལེན་བྱེད་ཐབས་སྤྱད་ནས། སློབ་བསྡུ་སློབ་གྲྭ་དག་གིས་རང་སྟེང་ནས་རྒྱུགས་ལེན་བྱ་རྒྱུ་རྩ་འཛུགས་བྱེད་དགོས། དམག་ཁོངས་ནས་བུད་པའི་དམག་མི་དང་ལས་ཞོར་བྱུང་བའི་མི་སྣ། ཞིང་བ་ལས་བཟོ་པ། བྱང་ཚད་མཐོ་པའི་རོང་འབྲོག་མང་ཚོགས། ཁེ་ལས་ལས་བཟོ་པ་དང་གཞི་རིམ་རྩལ་ནུས་མི་སྣ་བཅས་ལ་རིག་གནས་བྱང་ཚད་ཀྱི་རྒྱུགས་ལེན་རྒྱུ་མེད་པར་བཟོས་པ་དང་སློབ་བསྡུ་སློབ་གྲྭ་དག་གིས་སློབ་གྲྭའི་གཞི་རྩའི་གསབ་སྦྱོང་བླང་བྱ་རྩ་འཛུགས་དང་རྒྱུགས་ཞུགས་ཆེད་ལས་ཀྱི་འབྲེལ་ཡོད་ལས་རིགས་ལ་འཚམ་པའི་ཚོད་ལྟའི་རྒྱུགས་གཞི་དང་ལས་རིགས་རྩལ་ནུས་ཚོད་རྒྱུགས་ཀྱི་སྦྱང་འབྲས་གཞིར་བཟུང་སྟེ་སློབ་བསྡུ་བྱེད་རྒྱུ་རེད། རྒྱུགས་ལེན་ལ་ཞུགས་མི་དགོས་པའི་ཆ་རྐྱེན་དང་མཐུན་པའི་ཤེས་འཇོན་མི་སྣ་དག་ལ་སློབ་བསྡུ་རིན་མེད་སྤེལ་རྒྱུ་རེད། འབྲེལ་ཡོད་ལས་རིགས་རྩལ་ནུས་ཀྱི་གོ་མིང་དཔང་ཡིག་བླངས་ཟིན་པའི་རྒྱུགས་ཞུགས་པ་དག་གིས་རྒྱུགས་ལེན་འབྲེལ་ཡོད་ཆེད་ལས་ལྟར་ལས་རིགས་རྩལ་ནུས་ཚོད་རྒྱུགས་ལེན་མི་དགོས། བྱེ་བྲག་ནི་སློབ་གྲྭ་སོ་སོའི་མཐོ་རིམ་ཆེད་ལས་ལས་བསྡུའི་སློབ་བསྡུ་སྒྲིག་སྲོལ་ལག་བསྟར་བྱེད་རྒྱུ་ཡིན།

སློབ་མཐར་ཕྱིན་རྗེས་བསླབ་གནས་དཔང་ཡིག་ཅི་ཞིག་འཐོབ་སྲིད་དམ་ཞེ་ན། ཞིང་ཆེན་སློབ་གསོ་ཐིན་གྱི་འབྲེལ་ཡོད་ལས་བྱེད་མི་སྣ་དག་གིས་ངོ་སྤྲོད་བྱེད་རྒྱུར། མཐོ་རིམ་ལས་རིགས་སློབ་བསྡུ་ཆེད་ལས་ཀྱི་རྒྱུགས་ལེན་སློབ་བསྡུ་སློབ་མ་དང་སློབ་གྲྭའི་བདག་དོམ་བྱ་བ། གཅིག་གྱུར་མཐོ་རྒྱུགས། མཐོ་སློབ་རིགས་བཀར་རྒྱུགས་ལེན་སློབ་བསྡུ་མཐའ་དག་གཅིག་མཚུངས་ཡིན། སྦྱངས་འབྲས་ཚད་ལྡན་དང་སློབ་གྲྭའི་མཐར་ཕྱིན་རེ་འདུན་དང་མཐུན་པ་དེ་སློབ་གྲྭའི་བསླབ་གནས་ཀྱི་གློག་རྡུལ་ཐོ་འགོད་ངང་སྤྱིར་བཏང་གི་ཆེད་སྦྱོང་མཐར་ཕྱིན་དཔང་ཡིག་སྤྲོད་རྒྱུ་ཡིན་ལ། སྤྱིར་བཏང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་དམིགས་གསལ་ལོངས་སྤྱོད་མཉམ་རོལ་བྱས་ཆོག

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།