མགོ་ལོག་ཁུལ་གྱི་གེ་སར་ཟློས་གར་ཆེན་མོ《རྟ་རྒྱུག་རྒྱལ་འཇོག》ཁོན་ཧྲན་ནས་འཁྲབ་སྟོན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།ཉེ་སྔོན།2020ལོའི་ཟློས་གར་འཁྲབ་ཚན་བརྒྱའི་ཁོན་ཧྲན་མཛད་སྒོའི་སྟེང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གེ་སར་ཟློས་གར་ཆེན་མོ《རྟ་རྒྱུག་རྒྱལ་འཇོག》གཟབ་རྒྱས་ངང་འཁྲབ་སྟོན་བྱས་འདུག དེ་ཡང་མགོ་ལོག་ཁུལ་གྱི་འཁྲབ་སྟོན་པ60ཡིས་གླིང་དཀར་སྟོད་ཀྱི་དཔའ་བོའི་ཁྲབ་རྨོག་གསོལ་ཞིང་གོ་མཚོན་ཐོགས་ཏེ་བརྗིད་རྔམ་ལྡན་པའི་སྟངས་སྟབས་བསྒྱུར་ཞིང་། བོད་ཀྱི་སྒྲུང་གླུའི་འགྱུར་ཁུགས་ཀྱིས་འཁྲབ་སྟོན་ར་བ་ཡོངས་སུ་ཁྱབ་པར་བྱས།

མགོ་ལོག་ཁུལ་གྱི་གེ་སར་ཟློས་གར་ཆེན་མོ《རྟ་རྒྱུག་རྒྱལ་འཇོག》གིས་གེ་སར་གྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་གཞིར་བཟུང་ཞིང་། དེའི་སྟེང་འཁྲབ་སྟོན་པ་ཚོས་རྩེར་སོན་གྱི་སྒྱུ་རྩལ་མཚོན་ཐབས་ལ་བརྟེན་ནས་གཏམ་རྒྱུད་ཀྱི་བྱུང་རིམ་དང་། སྙན་འཇེབས་ལྡན་པའི་སྒྲུང་གླུའི་འགྱུར་ཁུགས་དང་རོལ་དབྱངས། མི་རིགས་ཀྱི་ཐུན་མིན་གཞས་གདངས་སོགས་གང་ལེགས་ངང་མངོན་པར་བྱས་པས་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ།

གེ་སར་ཟློས་གར་ཆེན་མོ《རྟ་རྒྱུག་རྒྱལ་འཇོག》ནི་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས་འོས་སྦྱོར་བྱས་པ་བརྒྱུད་ཐེངས་འདིའི་རྒྱལ་ཁབ་རིག་གནས་ཡུལ་སྐོར་པུའུ་ཡིས་གཙོ་གཉེར་བྱས་པའི2020ལོའི“ཟློས་གར་འཁྲབ་ཚན་བརྒྱའི”ཁོན་ཧྲན་འགྲེམས་ཚོགས་ནང་བདམས་པ་རེད། ཐེངས་འདིའི་འཁྲབ་སྟོན་གྱི་ཆེད་དུ་མགོ་ལོག་ཁུལ་མི་རིགས་གླུ་གར་ཚོགས་པས་རྩོམ་སྒྲིག་ཚོགས་པ་བཙུགས་ཤིང་། འཁྲབ་སྟོན་མི་སྣ60བསྐོངས་ཏེ་ཟླ་གཉིས་རིང་གེ་སར་ཟློས་གར་ཆེན་མོ《རྟ་རྒྱུག་རྒྱལ་འཇོག》གསར་རྩོམ་བྱེད་དོན་ཡང་། གེ་སར་ཟློས་གར་ཆེན་མོའི་ཁྲོད་ཀྱི《རྟ་རྒྱུག་རྒྱལ་འཇོག》ཕུན་སུམ་ཚོགས་པའི་ངང་འཁྲབ་སྟོན་བྱ་ཆེད་རེད།

ཤ་མོ་འཚོས་བསྒྱུར།