རང་ཞིང་གིས2020ལོའི་རྒྱལ་ཁབ་གཅིག་གྱུར་ཁྲིམས་ཞུགས་ལས་གནས་ཐོབ་ཐང་རྒྱུགས་ལེན་དེ་ཟླ་འདིའི་ཟླ་མཇུག་ཏུ་སྤེལ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལས། གསར་འགོད་པས2020ལོའི་རྒྱལ་ཁབ་གཅིག་གྱུར་ཁྲིམས་ལུགས་ལས་གནས་ཐོབ་ཐང་རྒྱུགས་ལེན་གྱི་མཚོ་སྔོན་རྒྱུགས་ཁུལ་བྱ་བའི་མཐུན་སྦྱོར་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི2020ལོའི་རྒྱལ་ཁབ་གཅིག་གྱུར་ཁྲིམས་ལུགས་ལས་གནས་ཐོབ་ཐང་རྒྱུགས་ལེན་དེ་ཟླ10པའི་ཚེས31ཉིན་ནས་ཟླ11པའི་ཚེས1ཉིན་ཐེངས་གཉིས་ལ་སྤེལ་རྒྱུ་ཡིན་ཞིང་། ད་ལོར། མཚོ་སྔོན་གྱི་རྒྱུགས་ལེན་ཁྲོད་ཞུགས་པའི་སློབ་མ4754ཡོད་ཅིང་། ཉེ་བའི་ལོ་འདི་དག་རིང་རྒྱུགས་ལེན་མི་གྲངས་ཆེས་མང་ལ། སྐོར་ཐེངས་རེར་རྒྱུགས་ལེན་སློབ་མ2377བཀོད་སྒྲིག་བྱས་ཡོད་པ་རེད།

བསྡོམས་རྩིས་བྱས་པ་བརྒྱུད། ད་ལོར་མཚོ་སྔོན་གྱི་དྲ་ཐོག་ཐོ་འགོད་མི་གྲངས4829ཡོད་པ་དང་། དངོས་སུ་འགྲོ་གྲོན་སྤྲད་པའི་མི་གྲངས4754ཡོད་ལ། ན་ནིང་ལོ་ལས་མི980མང་དུ་ཕྱིན་ཡོད་པ་དང་། འཕར་ཚད་རྒྱལ་ཡོངས་ཆེས་མང་བའི་ཞིང་ཆེན་གྲས་ཀྱི་གཅིག་ཡིན། ད་ལོར་མཚོ་སྔོན་རྒྱུགས་ཁུལ་དུ་མཚོ་སྔོན་དགེ་འོས་སློབ་ཆེན་དང་། མཚོ་སྔོན་འགྲིམ་འགྲུལ་ཆེད་ལས་ལག་རྩལ་སློབ་གླིང་། ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་། ཟི་ལིང་ལས་རིགས་ལག་རྩལ་སློབ་གླིང་དང་པོ་བཅས་རྒྱུགས་ལེན་ཁུལ4ཡོད་ལ་བསྡོམས་པའི་རྒྱུགས་ར64ཡོད་པ་རེད།

ཤ་མོ་འཚོས་བསྒྱུར།