ན་གོར་མོ་གྲོང་ཁྱེར་ཝུའུ་ཐུའུ་མེ་རེན་གྱི་སྟོང་ཝ་ཁྲི20ཟིན་པའི་འོད་ཤུགས་ལས་གཞིའི་དྲ་སྦྲེལ་གློག་གཏོང་འགོ་ཚུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།ཉེ་སྔོན། མཚོ་སྔོན་ནུས་རྒྱུ་གསར་པའི་ཀུང་སིས་སྐྲུན་འགན་འཁུར་བའི་ཝུའུ་ཐུའུ་མེ་རེན་འོད་ཤུགས་ཚ་ནུས་གླིང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་དང་། གོར་མོ་གྲོང་ཁྱེར་ཏ་ཀེ་ལེ་སྟོང་ཧྥུ330ཅན་གྱི་ཕྱོགས་བསྡུས་ས་ཚིགས་ཀྱི་དུས་ཐེངས་གསུམ་པའི་འཕོ་འགྱུར་དང་རྒྱས་སྐྲུན་རྣམ་གྲངས་དང་དེ་བཞིན་ཝུའུ་ཐུའུ་མེ་རེན་སྟོང་ཝ་ཁྲི་20ཟིན་པའི་འོད་ཤུགས་རྣམ་གྲངས་དྲ་སྦྲེལ་བྱས་ནས་གློག་གཏོང་འགོ་ཚུགས་པ་རེད།

ན་གོར་མོ་གྲོང་ཁྱེར་ཝུའུ་ཐུའུ་མེ་རེན་གྱི་སྟོང་ཝ་ཁྲི20ཟིན་པའི་འོད་ཤུགས་རྣམ་གྲངས་དང་། ཝུའུ་ཐུའུ་མེ་རེན་འོད་ཤུགས་ཚ་ནུས་གླིང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས། གོར་མོ་གྲོང་ཁྱེར་ཏ་ཀེ་ལེ་སྟོང་ཧྥུ330ཡོད་པའི་ཕྱོགས་བསྡུས་ས་ཚིགས་ཀྱི་དུས་ཐེངས་གསུམ་པའི་འགྱུར་ལྡོག་གཙོ་བོ་རྒྱས་སྐྲུན་རྣམ་གྲངས་ནི། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆེས་མཐོའི་གློག་གནོན་ཕྱིར་གཏོང་ལེ་ལག་ཚང་བའི་གློག་ཁུངས་རྣམ་གྲངས་དང་ལེ་ལག་ཚང་བའི་གློག་ཁུངས་ཀྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཡིན་པ་རེད། གསར་དུ་བསྐྲུན་པའི་ཝུའུ་ཐུའུ་མེ་རེན་གླིང་ཁུལ་གྱི་ཚད་ལྡན་དུམ་བུ་དང་པོའི་སྟོང་ཝ་ཁྲི10དང་། ཚད་ལྡན་དུམ་བུ་ལྔ་པའི་སྟོང་ཝ་ཁྲི10ཡི་འོད་ཤུགས་རྣམ་གྲངས(དྲ་ཞུགས་གློག་རིན་ཚང་མ་སྟོང་ཝ་ཆུ་ཚོད་རེར་སྒོར0.3སྟོང་ཧྥུ110ཡི་གློག་གནོན་འཕར་སའི་ས་ཚིགས་གླིང་ཁུལ་གྱི་འགྲོ་ལམ་རྨང་གཞིའི་སྒྲིག་བཀོད་དང་དེ་བཞིན་སྟོང་ཧྥུ330ཡི་བར་ཐག་ཆེན་པོ1རྒྱས་སྐྲུན་བྱ་རྒྱུ་བཅས་ཚུད་ཡོད་པ་རེད།

རྣམ་གྲངས་དེ2020ལོའི་ཟླ4པའི་ཚེས29ཉིན་ནས་བཟུང“ཤར་གཏོང་བཞི་དང་ངོས་སྙོམས་གཅིག”གི་ལས་དོན་སྤེལ་འགོ་ཚུགས་པ་དང་། ཟླ6པར་དངོས་སུ་ལས་འགོ་བཙུགས་པ་རེད།

ཤ་མོ་འཚོས་བསྒྱུར།