གསར་འགྱུར་གསར་ཤོས། དོ་དགོང་ནས་རིན་གོང་འཕར་རྒྱུ་རེད།

རེས་འཁོར་འདིར(ཟླ10པའི་ཚེས9ཉིན་ནས་བཟུང)། ཕྱི་རྒྱལ་གྱི་རིམས་ནད་མཐོ་རུ་ཕྱིན་པ་དེས་རྡོ་སྣུམ་གྱི་དགོས་མཁོའི་སྔོན་དཔག་ལ་སླར་ཡང་གདོས་ཤུགས་ཐེབས་ཤིངOPEC+ཐོན་འབབ་ཉུང་དུ་བཏང་ནས་ཁྲོམ་ར་བདེ་ལ་འབབ་རྒྱུ་མུ་མཐུད་ནན་བཤད་བྱས་ཤིང་། ཕན་ཚུན་གདོང་ཐུག་བྱུང་བའི་འོག་གི་ཚོང་རའི་ཕྱོགས་འགལ་ཅུང་ཆེ་ན་ཡང་། སྣུམ་གྱི་རིན་གོང་བརྟན་པོར་བཟོ་རྒྱུ་གཙོ་བོར་འཛིན་དགོས།

ཞིན་ཧྭ་གསར་འགྱུར་ཁང་རྡོ་སྣུམ་རིན་གོང་ཁོངས་གཏོགས་ཀྱིས་ཟླ10པའི་ཚེས21ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ཟླ10པའི་ཚེས20ཉིན་མ་བཅོས་རྡོ་སྣུམ་གྱི་ཆ་སྙོམས་རིན་གོང་ལ་འགྱུར་ལྡོག་ཕྱིན་ཚད4.39%ཟིན་པ་དང་། སྔོན་དཔག་བྱས་ན་ཟླ10པའི་ཚེས22ཉིན་གྱི་ཆུ་ཚོད24ནས། རྒྱལ་ནང་གི་རླངས་སྣུམ་ས་སྣུམ་གྱི་རིན་གོང་ཇེ་མཐོར་འགྲོ་རྒྱུ་ཡིན་ཞིང་། ཏུན་རེར་སྒོར90ཡས་མས་ཀྱིས་ཇེ་མཐོར་སྤར་རྒྱུ་དང་། རླངས་སྣུམ་དང་ས་སྣུམ་ཧྲེང་རེར་སྒོར0.07དང་སྒོར0.08སོ་སོར་ཇེ་མཐོར་སྤར་རྒྱུ་རེད། སྣུམ་སྒམ་ཧྲེང50ཡི་ཐོག་ནས་རྩིས་བརྒྱབ་ན་རླངས་སྣུམ92ཅན་སྒམ་གང་བླུགས་ན་སྒོར3.5ཡིས་ཇེ་མཐོར་འགྲོ་རྒྱུ་རེད།

ད་ལྟའི་བར། 2020ལོའི་རྒྱལ་ནང་གི་སྣུམ་གྲུབ་མའི་སིལ་ཚོང་རིན་གོང་དེ་སྙོམས་སྒྲིག་རིན་གོང་གི་སྐར་ཁུང19བརྒྱུད་པ་དང་། རིན་གོང་སྤོར་ཐེངས3དང་། རིན་གོང་ཐེངས4ལ་མར་ཆགས་པ་དང་ཐེངས12ལ་འགལ་རྐྱེན་ཐུག་པ། ད་ལོའི་ཚུན་དུ་རྒྱལ་ནང་གི་རླངས་སྣུམ་དང་ས་སྣུམ་སིལ་ཚོང་གི་ཚོད་འཛིན་རིན་གོང་རིམ་རྩིས་བྱས་ན་ཏུན་རེར་སྒོར1860དང་སྒོར1790སོ་སོར་བཅག་ཡོད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།