ཞིང་ཆེན་སྲིད་གཞུང་གིས་དུས་ཚིགས་གསུམ་པའི་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་གནས་བབ་ལ་དབྱེ་ཞིབ་བྱེད་པའི་གྲོས་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་སྲིད་གཞུང་གིས་དུས་ཚིགས་གསུམ་པའི་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་གནས་བབ་ལ་དབྱེ་ཞིབ་བྱེད་པའི་ཚོགས་འདུ་འཚོགས། ཧྲིན་ཀྲང་གཞོན་པ་ཝང་ལིས་མིང་གིས་ཚོགས་འདུར་གཙོ་སྐྱོང་བྱས་ཤིང་གཏམ་བཤད་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རིམས་ནད་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག“བརྟན་པོ་དྲུག”གི་བྱ་བ་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས་ལ། “འགན་ལེན་དྲུག”གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། རིམས་ནད་གནས་ཚུལ་ལ་ཤུགས་རྐྱེན་ངན་པ་ཐེབས་པར་ཤུགས་བསྣན་ཏེ། དམིགས་ཚད་གཙོ་བོ་དུས་ཚིགས་རེ་རེ་བཞིན་བསྐྱར་འཕར་དང་ཟླ་རེ་བཞིན་འཕར་སྣོན་བྱུང་སྟེ། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་ཐད“དཀའ་བའི་ཁྲོད་བརྟན་པོ་དང་། བརྟན་པོའི་ཁྲོད་ཡར་ཐོན། མདུན་སྐྱོད་ཁྲོད་ཕུལ་བྱུང་ཡོད་པའི”འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད།

གྲོས་ཚོགས་ཀྱིས་བསྟན་དོན། དུས་ཚིགས་བཞི་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ལེན་པ་དང“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”མཇུག་བསྡུའི་དུས་སྐབས་གལ་ཆེན་ཞིག་ཡིན་པས། ས་ཁུལ་ཁག་དང་སྡེ་ཁག་སོ་སོས་ཡིད་ཆེས་བརྟན་པོ་དང་བྱས་རྗེས་ཧུར་ཐག་བཞག་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་པ”འགོ་འཛུགས་པར་མཐུན་རྐྱེན་བཟང་པོ་བསྐྲུན་དགོས་ལ། དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་དོན་འཁྱོལ་དམ་འཛིན་བྱ་དགོས། མྱུར་ཚད་དོན་གཉེར་དང་། ཞན་ཆ་ཁ་གསབ། མི་མངོན་པའི་སྟོབས་ཤུགས་སྔོག་འདོན། འཕར་ཚད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྒོ་ནས་དམིགས་ཚད་ལས་འགན་དོན་ཐོག་ཏུ་འཁྱོལ་བའི་འགན་སྲུང་བྱེད་པ་དང་། བཟོ་ལས་འཁོར་སྐྱོད་བརྟན་པོའི་ངང་འཕར་སྣོན་ཡོང་བར་འགན་སྲུང་གང་ཐུབ་བྱ་དགོས། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་རིམ་སྤེལ་དཀའ་ངལ་ཁྱད་བསད་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཧུར་ཐག་བྱས་ནས་བྱེད་ཐབས་སྣ་མང་སྤྱད་དེ་ཁེ་ལས་ཀྱི་ཐོན་སྐྱེད་བརྟན་པོ་དང་ཕན་འབྲས་ཆེ་རུ་གཏང་རྒྱུར་རྒྱབ་སྐྱོར་བྱེད་པ། ལས་གཞིའི་མ་དངུས་གཏོང་འཇོག་གི་སྒུལ་ཤུགས་ཆེ་རུ་གཏང་རྒྱུར་དམ་འཛིན་ནན་པོ་བྱས་ཏེ། ལས་གཞིའི་མ་དངུལ་གཏོང་འཇོག་གི་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་སྐབས་དེའི་ལས་གཞིའི་ཕན་འབྲས་འདོན་སྤེལ་ཡག་པོ་བྱེད་པ་དང་། དངུལ་རྩའི་ཉེན་ཁ་འགོག་ཟོན་རྒྱུན་མཐུད་བརྟན་ལྷིང་ཡོང་བ་བྱས་ཏེ་ཉེན་ཁ་ཚོད་འཛིན་ལུགས་མཐུན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གསོན་ཤུགས་འཕེལ་བར་བྱས་ཏེ། རང་ཞིང་གི་གཞུང་ཁོངས་ཁེ་ལས་བཅོས་སྒྱུར་གྱི་ལོ་གསུམ་གྱི་ལག་བསྟར་ཇུས་གཞི་གང་མགྱོགས་བཟོས་ནས་འདོན་དགོས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”བཟོ་ལས་དང་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་འཆར་འགོད་ཇེ་མགྱོགས་སུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་དང་། རྒྱལ་དབང་རྒྱུ་ནོར་དང་གཞུང་རྒྱལ་དབང་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་ཆེད་བློས་འགེལ་ཆོག་པའི་འདེགས་སྐྱོར་མཁོ་འདོན་བྱ་དགོས་པ་བསྟན།

གཡང་སྐྱིད་ཀྱིས་བསྒྱུར།