མཚོ་སྔོན་གྱི་མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་རྒན་གསོའི་ཉེན་སྲུང་ཡང་བསྐྱར་ཇེ་མཐོར་བཏང་བ།

རང་རེའི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་གསལ་ལྟར་ན། མཚོ་སྔོན་གྱིས་མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་རྒན་གསོའི་ཉེན་སྲུང་ཚད་གཞི་ཡང་བསྐྱར་ཇེ་མཐོར་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་འགན་སྲུང་ཁྲོད་ཞུགས་པའི་སྡོད་དམངས་ཁྲི48ལ་ཕན་ཁེ་སྐྲུན་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཉེ་སྔོན། ཞིང་ཆེན་ནོར་སྲིད་ཐིན་གྱིས《2020ལོའི་མཚོ་སྔོན་གྱི་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོའི་ཉེན་སྲུང་ཚད་གཞི་ཇེ་མཐོར་གཏོང་བའི་ཐད་ཀྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཤིང་། 2020ལོའི་ཟླ7པའི་ཚེས1ཉིན་ནས་བཟུང་། མཚོ་སྔོན་གྱི་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོའི་ཉེན་སྲུང་ཚད་གཞི་མི་རེར་སྒོར5ཡིས་ཇེ་མཐོར་བཏང་བ་རེད། སྙོམས་སྒྲིག་བྱས་རྗེས། མཚོ་སྔོན་གྱི་སྡོད་དམངས་ལོ་ན60ནས64བར་དང་། ལོ་ན65ནས69། 70ཡན་གྱི་འགན་སྲུང་ཁྲོད་ཞུགས་མཁན་གྱི་མ་མཐའི་རྒན་གསོའི་ཉེན་སྲུང་ཚད་གཞི་དེ་སྔའི་གཏན་འབེབས(སྒོར93)ལས་སོ་སོར་སྒོར87དང92། སྒོར97བཅས་ཀྱི་ཇེ་མཐོར་སོང་ཡོད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།