མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས་ཀྱི་བློ་འདྲི་ཞབས་ཞུའི་ཁ་པར་ཨང་གྲངས་གསར་པར་བརྗེས་པའི་བརྡ་སྦྱོར།

རང་རེའི་དྲ་བའི་འཕྲིན། དོ་དམ་སྔར་ལས་ཚད་ལྡན་དང་རྒྱུགས་ཞུགས་སློབ་མར་སྔར་ལས་ལེགས་པའི་ཞབས་ཞུ་འདོན་སྤྲོད། འབྲེལ་ཡོད་ཆ་འཕྲིན་ལ་དུས་ལྟར་མཉན་ཐུབ་པ་དང་དུས་ལྟར་ཕྱིར་ལན་བསྐྱོན་ཆེད། མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས་ཀྱིས་ལས་སྒྲུབ་སྒེའུ་ཁུང་གི་བློ་འདྲི་ཞབས་ཞུའི་ཁ་པར་ཨང་གྲངས་གསར་པ0971-8258589དང0971-8258591ལ་བརྗེས་ཡོད་པ་རེད། དེ་དོན་ཟླ10པའི་ཚེས20ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞིང་། སྔོན་ཆད་སྤྱི་བསྒྲགས་བྱས་པའི་བློ་འདྲི་ཁ་པར་ཨང་གྲངས་ཡོངས་སུ་རྩིས་མེད་བཟོས་པ་རེད།

དེ་ལས་ཁ་པར0971-8258589ཡིས་གཞུང་ཞབས་པའི་ལས་བྱེད་པ་བསྡུ་བའི་རྒྱུགས་གཞི་དང་དོན་ལས་ལས་ཁུངས་ཀྱིས་ལས་མི་བསྡུ་བའི་རྒྱུགས་གཞི། ཆེད་ལས་ལག་རྩལ་མི་སྣའི་དཔང་ཡིག་ལེན་པའི་རྒྱུགས་གཞི། དེ་མིན་རྒྱུགས་གཞི་གཞན་དག་གི་མིང་ཐོ་འགོད་པ་དང་རྒྱུགས་ལེན་འཛིན་ཡིག་ལེན་པ། རྒྱུགས་ར་དང་རྒྱུགས་འབྲས་སོགས་ཀྱི་འབྲེལ་ཡོད་གནད་དོན་གསལ་འགྲེལ་བྱེད་པའི་འགན་འཁུར་ཡོད།

ཁ་པར0971-8258591གིས་ཆེད་ལས་ལག་རྩལ་མི་སྣའི་དཔང་ཡིག་གཤམ་སྤྲོད་དང་གསབ་སྒྲུབ་སོགས་ཀྱི་འབྲེལ་ཡོད་གནད་དོན་གསལ་འགྲེལ་བྱེད་པའི་འགན་འཁུར་ཡོད།

མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས།

2020ལོའི་ཟླ10པའི་ཚེས20ཉིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།