མདོ་ལ་རིང་མོའི་སྣོད་བཅུད་སྲུང་སྐྱོང་ལས་གཞིའི་རང་བཤེར་དཔྱད་དཔོག་ལེགས་འགྲུབ་བྱུང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། འབྲེལ་ཡོད་སྡེ་ཚན་གྱིས་ལས་གཞིའི་ཡུལ་དངོས་སུ་ལྟ་ཞིབ་དང་། ཡིག་ཚགས་དཔྱད་གཞི་ལྟ་ཞིབ། ལས་གཞི་ཁུལ་གྱི་མང་ཚོགས་ལ་བརྟག་དཔྱད་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། 2013ལོ་ནས2020ལོ་བར་མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཕྱོགས་བསྡུས་བཅོས་སྐྱོང་འཆར་འགོད་ཀྱི་ས་ཆུ་སྲུང་འཛིན་ལས་གཞིའི་ལག་བསྟར་བྱས་ཚུལ་དང་ཕན་འབྲས་ཀྱི་གནས་ཚུལ་ལ་ཆེད་དོན་དཔྱད་དཔོག་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། 2013ལོ་ནས་2020ལོ་བར། མདོ་ལ་རིང་མོའི་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཕྱོགས་བསྡུས་བཅོས་སྐྱོང་གི་ས་ཆུ་སྲུང་འཛིན་ལས་གཞིར་མ་དངུལ་སྒོར་ཁྲི33998.2བཏང་བ་དང་། དེ་ཟི་ལིང་གྲོང་ཁྱེར་རྟ་ཐུང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དང་འབྲེལ་ལ། མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་དང་། ལུང་མདོ་ཆུས། གཞོང་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མདོ་ལ་རྫོང་དང་། མིན་ཡོན་ཧའེ་རིགས་རང་སྐྱོང་རྫོང་། རྐང་ཚ་རྫོང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་དང་གཏེར་ལེན་ཁ་གྲོང་ཁྱེར་གྱིས་ནགས་བཟོ་སྤྱི་ཆིང7600དང་། རྩྭ་འདེབས་སྤྱི་ཆིང1400བཀག་སྡོམ་བཅོས་སྐྱོང་སྤྱི་ཆིང་ཁྲི་3.83། འབྲུ་ཁང2247།རོང་མགོ་འགོག་སྲུང་ཁག45། ཁ་ཐུར་ཐེམ་སྐས་ལ་སྤྱི་ཆིང་ཁྲི1.02རུ་བསྒྱུར་བ་སོགས་འཛུགས་སྐྲུན་གྱི་ནང་དོན་ལེགས་སྒྲུབ་བྱས་པ་རེད། ལས་གཞི་དེ་ལག་བསྟར་བྱས་པ་དེས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཚེ་མེད་མི་འཚོ་སྡོད་ཁོར་ཡུག་གཏོད་པ། ཞིང་ཕྱུགས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་འཚོ་བའི་ཆུ་ཚད་མཐོ་རུ་བཏང་སྟེ། མི་དང་རང་བྱུང་ཁམས་ཞི་མཐུན་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་བའི་ཐད་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་བཞིན་ཡོད།

ཆེད་དམིགས་དཔྱད་དཔོག་གཞིར་བཟུང་སྟེ། མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཕྱོགས་བསྡུས་བཅོས་སྐྱོང་འཆར་འགོད་ཀྱི་ས་ཆུ་སྲུང་འཛིན་ལས་གཞི་ལག་བསྟར་བྱས་ཚུན། ས་ཁུལ་གྱི་སྐྱེ་ཁམས་རང་བཞིན་གྱི་དམིགས་ཚད་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་ཡོད། ཆུ་སྙོམས་སྐས་ཞིང་བསྐྲུན་པ་དེས་ལས་གཞི་ཁུལ་གྱི་ས་ཆུ་ཤོར་ཚུལ་བཅོས་སྒྲིག་ནུས་ལྡན་ཐུབ་ནས་ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ཇེ་ལེགས་སུ་ནུས་ལྡན་ཕྱིན་པ། ནགས་བཟོ་དང་བཀག་སྡོམ་བཅོས་སྐྱོང་སོགས་ཀྱི་བྱ་ཐབས་སྤྱད་དེ་ས་ཁོངས་ཀྱི་ཆུ་རྩ་གསོ་བར་རྒྱུན་འཁྱོངས་དང་། ནགས་རྩྭ་སྔོ་ཁེབས་ཁྱབ་པ། སྐྱེ་དངོས་སྣ་མང་རང་བཞིན་སོགས་ཀྱི་དམིགས་ཚད་བརྟན་པོ་ཡོང་རྒྱུར་ཕན་ཐོགས་ཡོད་པ་དང་། འབྲུ་ཁང་དང་ལུང་ཤུར་གྱི་འགོག་སྲུང་བྱེད་ཐབས་ལག་བསྟར་བྱས་ཤིང་། ས་རྒྱུ་ཤོར་ཚད་ཏུན་དུང་ཕྱུར1.40ཇེ་ཉུང་དུ་བཏང་བ། ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི1142སྲུང་སྐྱོང་བྱས་པས་ནགས་རྩྭ་སྔོ་ཁེབས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་སྐུལ་མ་ཐེབས་པ་དང་། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་ཕྱིན་པ་དང་ཆུ་རྩ་གསོ་འཁྱོངས་ཀྱི་ནུས་པ་ཆེ་རུ་ཕྱིན་ཡོད།

གཡང་སྐྱིད་ཀྱིས་བསྒྱུར།