མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ་མང་ལ་བརྟེན་ནས་དཀའ་ཁག་ཆེ་བའི་མང་ཚོགས་དགུན་ཁ་དྲོད་ཀྱིས་སྐྱེལ་རྒྱུར་འགན་སྲུང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10ཚེས14ཉིན་གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་ནས་རྒྱུས་ལོན་བྱུང་པ་ལྟར་ན། མཚོ་ནུབ་ཁུལ་གྱིས་དམངས་ཚིས་འགན་སྲུང་དང་དམངས་ཚིས་བཅོས་སྒྱུར་དེ་གཙོ་གནད་དུ་བཟུང་སྟེ། ཁྱོན་ཡོངས་ནས་རིགས་མི་འདྲ་པའི་རོགས་སྒྲུབ་སྲིད་ཇུས་ལག་བསྟར་དངོས་འབེབས་ངང་དུས་ལྟར་རོགས་སྒྲུབ་མ་དངུལ་བྱིན་པ་དང་དཀའ་ཁག་ཆེ་བའི་མང་ཚོགས་ཀྱིས་དགུན་ཁ་དྲོད་ཀྱིས་སྐྱེལ་རྒྱུར་འགན་སྲུང་བྱས།

སྔར་ལས་ལྷག་པའི་སྒོ་ནས་མཚོ་ནུབ་ཁུལ་གྱི་མཁར་གྲོང་གི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པ་དང་། དཀའ་ཁག་ཆེ་བའི་མང་ཚོགས་ཀྱིས་དགུན་ཁ་དྲོད་ཀྱིས་སྐྱེལ་རྒྱུར་ཁག་ཐེག་བྱ་ཆེད། ཟླ9པའི་བར་ཁྱོན་བསྡོམས་གནས་སྐབས་ཁ་གསབ་རོགས་དངུལ་སྒོར་ཁྲི573མར་བཀྲམ་པ་དང་དྲོད་སྐྱེལ་ཁ་གསབ་རོགས་དངུལ་སྟེར་རྒྱུ་གནད་ལ་ཁེལ་པས། ཁུལ་ཡོངས་ཀྱི་མཁར་གྲོང་གི་འགན་སྲུང་དམའ་བ་དང་དབུལ་ཕོངས་མང་ཚོགས་ཀྱི་མཁོ་སྤྲོད་མི་སྣ་བཅས་ཁྱོན་བསྡོམས་དུད་ཁྱིམ3731ལྷག་ལ་དྲོད་སྐྱེལ་ཁ་གསབ་རོགས་སྒྲུབ་མ་དངུལ་སྒོར་ཁྲི336.86གནང་བ་རེད།

དེ་དང་ཆབས་ཅིག མཁར་གྲོང་གི་འགན་སྲུང་དམའ་ཤོས་དག་ལ་འགན་སྲུང་སྤྲོད་ཐུབ་པ་དང་མུ་མཐུད་དུ་མཁར་གྲོང་གི་འགན་སྲུང་དམའ་ཤོས་ཀྱི་ཚད་གཞི་མུ་མཐུད་དུ་མཐོར་འདེགས་སྒོས་ཞིང་སྡེའི་འགན་སྲུང་དམའ་པའི་ལམ་ལུགས་དང་དབུལ་སྐྱོར་སྲིད་ཇུས་ཀྱི་ནུས་ལྡན་མཐུད་སྦྲེལ་ལ་ཤུགས་སྣོན་བྱས། ཟླ9པའི་བར་ཁུལ་ཡོངས་ཀྱིས་མཁར་གྲོང་གི་འགན་སྲུང་དམའ་བའི་ཁྱིམ་ཚང1825ཡི་མི་གྲངས2943ལ་འགན་སྲུང་ངང་ཁྱོན་བསྡོམས་པས་འགན་སྲུང་མ་དངུལ་སྒོར་ཁྲི3224.13མར་གནང་། ཁྱོན་ཡོངས་ནས་ཆེས་དབུལ་པའི་མི་སྣ་དག་གི་གཞི་རྩའི་འཚོ་བའི་ཁ་གསབ་རོགས་དངུལ་དང་བདག་སྐྱོང་རོགས་སྒྲུབ་སྲིད་ཇུས་ལག་བསྟར་དངོས་འབེབས་བྱས་པ་མ་ཟད། ཆེས་དབུལ་པའི་ས་ཁུལ་གྱི་མཁོ་འདོན་ཚད་གཞི་མཐོར་འདེགས་སུ་བཏང་། ཟླ9པའི་བར་ཁུལ་ཡོངས་ཀྱི་ཆེས་དབུལ་པའི་དུད་ཁྱིམ413གྱི་མི་གྲངས422ལ་མཁོ་སྤྲོད་འགན་སྲུང་བྱས་ཤིང་། ཆེས་དབུལ་པའི་མཁོ་སྤྲོད་མ་དངུལ་སྒོར་ཁྲི631.87མར་གནང་། གནད་འཁེལ་མ་དངུལ་འདང་ངེས་ཤིག་མར་བཀྲམ་སྟེ་རོགས་སྒྲུབ་མ་དངུལ་གནང་པས། རིམས་ནད་སྐབས་སུ་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ལ་དོན་དངོས་མངོན་འགྱུར་བྱུང་ཡོད། ཟླ9པའི་ཟླ་མཇུག་བར་ཁྱོན་བསྡོམས་དཀའ་ཁག་ཆེ་བའི་མང་ཚོགས་མི་གྲངས2391ལྷག་ལ་གནས་སྐབས་རོགས་སྒྲུབ་མ་དངུལ་སྒོར་ཁྲི699གནང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།