ལུང་མདོ་རྫོང་གིས་སྡེ་བ་དང་ཁེ་ལས། ཏང་རྩ་འཛུགས་མཐུད་སྦྲེལ་ངང་འཕེལ་རྒྱས་མཉམ་སྐྲུན་ལ་སྐུལ་འདེད་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། “ཐེངས་འདིའི་གསབ་སྦྱོང་གིས་དུས་ཐོག་ཆར་བ་ནང་བཞིན་ཤེས་བྱར་ཁ་སྣོན་བཏང་བ་མ་ཟད། མཐོང་རྒྱ་ཡང་བསྐྱེད་པས། ཏང་དོན་ཤེས་བྱ་ཕུན་སུམ་ཚོགས་པར་བཏང་པས། ང་ཚོས་རྗེས་ཕྱོགས་ཀྱི་ཏང་འཛུགས་བྱ་བའི་ཐད་ལ་རྨང་གཞི་བརྟན་པོ་ཞིག་ཡོད”ཟེར། སྐད་ཆ་འདི་ནི་ཉེ་ལམ་མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་ཀྲུང་པ་བོད་རིགས་ཡུལ་ཚོའི་ཆོན་ནོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲའོ་ཧོང་ཝེ་ཀྲུང་གོ་ཞིན་ཏ2020ལོའི་ཏང་ཡོན་བྱ་བ་སྒྲུབ་མཁན་གྱི་གསབ་སྦྱོང་འཛིན་གྲྭ་ལ་ཞུགས་དུས་བཤད་པ་རེད།

2002ལོ་ནས་བཟུང་། ཀྲུང་གོ་ཞིན་ཏ་ཐོན་རྫས་བདག་དོམ་མ་རྐང་ཚད་ཡོད་ཀུང་ཟི་(བསྡུས་མིང་ལ་ཀྲུང་གོ་ཞིན་ཏ་ཟེར། དེ་ལུང་མདོ་ཆུས་ཀྱི་གཏན་འབེབས་བྱས་པའི་རོགས་སྒྲུབ་ལས་ཁུངས་སུ་གཏན་འབེབས་བྱས་པ་དང་། ལོ་ངོ18གྱི་རིང་ལ་སྡེ་བའི་ཁེ་ལས་ཏང་རྩ་འཛུགས་ཀྱིས་མཐུད་སྦྲེལ་མཉམ་སྐྲུན་བྱ་འགུལ་འཚོལ་ཞིབ་བརྒྱུད། ཏང་རྩ་འཛུགས་དང་རོགས་སྒྲུབ་བྱ་བ་དེ་འགོ་འཛུགས་ས་དང་གནད་འཁེལ་བྱེད་ཡུལ་དུ་གྱུར་པས། གཞི་རིམ་རྨང་གཞི་མུ་མཐུད་དུ་མཐོར་འདེགས་སུ་བཏང་ཡོད། ད་ལོའི་ཟླ8པར་ཁྱོན་ཡོངས་ནས་མཐུད་སྦྲེལ་མཉམ་སྐྲུན་བརྒྱུད་ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ12གྱི་ཏང་ཀྲི་པུའུ34ཡིས་གཞི་རིམ་ཏང་ཀྲི་པུའུ་ཧྲུའུ་ཅི40དང་སློབ་གྲྭ་གཅིག་གི་ཏང་ཀྲི་པུའུ། ཀྲུང་གོ་ཞིན་ཏ་ཀུང་ཟིའི་སྤྱི་ཁྱབ་ལས་ཁུངས། པེ་ཅིན་ཡན་ལག་ཀུང་ཟི། ཞིན་ཏ་དངུལ་འཛིན་སོགས་ཡན་ལག་ཀུང་ཟི13དང་ཁོངས་གཏོགས་ཀུང་ཟི27གྱི་ཏང་ཀྲི་པུའུ་ཡིས་ཏང་ཀྲི་པུའུ་ཡི་མཐུད་སྦྲེལ་མཉམ་སྐྲུན་བྱ་བའི་གྲོས་ཆོད་ལ་གན་རྒྱ་བཞག་པ་དང་ཕྱོགས་གཉིས་ཀའི་ཏང་ཀྲི་པུའུ་ཡིས་གྲོས་མཐུན་གཞིར་བཟུང་སྟེ་འཛུགས་སྐྲུན་ལ་ཕན་ཚུན་སྐུལ་འདེད་དང་ཏང་ཡོན་ལས་བྱེད་པའི་མཐུད་སྦྲེལ་གྱི་ཕན་ཚུན་རོགས་སྒྲུབ་སོགས་ཀྱི་བྱ་འགུལ་སྤེལ་ཡོད།

མཐུད་སྦྲེལ་མཉམ་སྐྲུན་ཐད་ལ་ཕན་འབྲས་མངོན་ཆེད། ཀྲུང་གོ་ཞིན་ཏ་ཀུང་ཟིས་ལུང་མདོ་ཆུས་ཏང་ཨུའི་སྲིད་གཞུང་གིས《ཀྲུང་གོ་ཞིན་ཏ་ཀུང་ཟིའི2020ལོའི་ཏང་དོན་བྱ་བ་སྒྲུབ་མཁན་གྱི་གསབ་སྦྱོང་ཇུས་གཞི》གཏན་འབེབས་བྱས་ཤིང་། ལུང་མདོ་ཆུས་ཀྱིས་བདམས་མངགས་བྱས་པའི་མཐུད་སྦྲེལ་གྱིས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ཚབ་བྱས་ཏེ་ཀྲུང་གོ་ཞིན་ཏ་ཀུང་ཟིའི་ཏང་དོན་བྱ་བ་སྒྲུབ་མཁན་གྱི་གསབ་སྦྱོང་འཛིན་གྲྭ་ལ་ཞུགས་ནས། མ་ལག་རང་བཞིན་གྱི་ངང་ནས“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན། ཏང་ཀྲི་པུའུ་ཡི་ཚད་ལྡན་ཅན་གྱི་སྒྲིག་སྲོལ་རང་བཞིན་འཛུགས་སྐྲུན་བྱེད་པ”ཞེས་པར་སློབ་སྦྱོང་བྱས། དེ་དང་ཆབས་ཅིག་ཡུལ་དངོས་སུ“ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཚོགས་ཀྱི་སྐབས་བརྗེ་འདེམས་བསྐོ་དང་ཏང་ཀྲི་པུའུ་རྩ་འཛུགས་ཀྱི་འཚོ་བའི་གྲོས་ཚོགས། དམངས་གཙོའི་ངང་ནས་ཏང་ཡོན་ལ་དཔྱད་འཇོག་བྱས་པ”སོགས་ཀྱི་རྣམ་པ་ལ་ལད་མོའི་སྒོ་ནས་སྦྱོང་བརྡར་བྱས།

ཀྲུང་ལེན་ཡུལ་ཚོའི་ཆོན་ཀུའུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཚུན་ཧའེ་ཡིས་གསབ་སྦྱོང་བྱས་པ་བརྒྱུད། སེམས་འགུལ་ཐེབས་པའི་ངང་ནས་བཤད་རྒྱུར། “ཐེངས་འདིའི་གསབ་སྦྱོང་འཛིན་གྲྭའི་སློབ་ཚན་དོན་དངོས་ཡིན་ལ། རྩ་འཛུགས་ཚགས་དམ་པ། སློབ་ཁྲིད་བསླབ་ཚན་གྱི་ནང་དོན་གཏིང་ཟབ་པ། ནང་དོན་གོ་སླ་བ། ཡུལ་དངོས་སུ་ལྟ་སྐོར་བྱས་ཏེ་མཐོང་རྒྱ་བསྐྱེད་ཐུབ་པ། ཧེ་བག་རྙེད་ཐུབ་པ། ཁ་ཕྱོགས་གསལ་པོ་ཡིན་པ་བཅས་ཀྱིས་ང་ཚོ་གཞི་རིམ་ལས་བྱེད་དག་གི་སྐོམ་གདུང་སེལ་ཐུབ་པས། འདི་ལྟ་བུའི་གསབ་སྦྱོང་རྗེས་ཕྱོགས་ཡང་མུ་མཐུད་དུ་མང་པོ་ཞིག་སྤེལ་རྒྱུའི་རེ་བ་ཡོད”ཟེར།

ཀྲུང་གོ་ཞིན་ཏ་ཡིས་མུ་མཐུད་དུ་ཏང་འཛུགས་ཕྱོགས་ཀྱི་ཆབ་སྲིད་དང་ཐོན་ཁུངས། བརྡ་འཕྲིན་སོགས་ཀྱི་ལེགས་ཆ་ལ་བརྟེན་ནས་ལུང་མདོ་ཆུས་ཀྱི་ཏང་རྩ་འཛུགས་ཀྱི་ཐབས་ཇུས་འདོན་སྤེལ་དང་སྣེ་ཁྲིད་རོགས་འདེགས་ལ་རོགས་རམ་ངང་ཏང་འཛུགས་སྣེ་ཁྲིད་ལ་སྤུས་ཚད་མཐོ་པའི་འཕེལ་རྒྱས་མངོན་འགྱུར་བྱེད་རྒྱུ་ཡིན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།