【འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ།】 གུར་ཀུམ་ལ་མེ་ཏོག་བཞད་པ་དང་བསྟུན་ཡོང་སྒོ་འཕར་སྣོན་བྱུང་པ།

མེ་ཏོག་འཐུ་སྒྲུག་མི་སྣས་མེ་ཏོག་ཁྲོད་ཀྱི་གུར་ཀུམ་ཟེའུ་འབྲུ་ལེན་བཞིན་པ།

མེ་ཏོག་གི་ཟེའུ་འབྲུ་ལེན་པའི་དུས་ཀྱི་གུར་ཀུམ།

ཟེའུ་འབྲུ་བླངས་ནས་སྐམ་ཐག་ཆོད་པའི་གུར་ཀུམ་གྱི་ཟེའུ་འབྲུ།

ཟླ10པའི་ཟླ་དཀྱིལ་ལ། མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ནན་ཐན་པད་མའི་སྐྱེད་ཚལ་ཁྲོད་འདེབས་འཛུགས་བྱས་པའི་གུར་ཀུམ་ལ་མེ་ཏོག་བཞད་པས་ཟེའུ་འབྲུ་ལེན་པའི་སྐབས་ལ་སླེབས། ད་ལོ་ནས་བཟུང་། གཞོང་ཐང་རྫོང་གི་ལེ་ཧི་སྐྱེད་ཚལ་ལྗང་སྒྱུར་ཚན་རྩལ་ཚད་ཡོད་ཀུང་ཟིས་ནན་ཐན་པད་མའི་སྐྱེད་ཚལ་དུ་མ་དངུལ་བཏང་སྟེ་གུར་ཀུམ་གྱི་ས་བོན་སྤྱི་རྒྱ2500ཚོད་ལྟའི་འདེབས་འཛུགས་བྱེད་པ་ལེགས་འགྲུབ་བྱུང་པས། ཟླ10པའི་ཟླ་དཀྱིལ་ལ་མེ་ཏོག་གི་ཟེའུ་འབྲུ་ལེན་པའི་དུས་སྐབས་ལ་སླེབས། ཀུང་ཟིའི་འགན་ཁུར་མི་སྣའི་ངོ་སྤྲོད་བྱས་པ་ལྟར་ན། སྤྱི་རྒྱ2500ལྷག་ཡོད་པའི་གུར་གུམ་གྱི་ས་བོན་དེ་ལས་གུར་ཀུམ་གྱི་ཟེའུ་འབྲུ་སྐམ་པོ་སྤྱི་རྒྱ7.5འཚོལ་བསྡུ་ཐུབ་པ་དང་། ཚོང་རའི་རིན་གོང་ལྟར་ན་ཁེ་རེར་སྒོར30ལྟར་རྩིས་བརྒྱབ་ན་ཕལ་ཆེར་ཡོང་འབབ་སྒོར་ཁྲི20ལྷག་ཡོད་ངེས་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།