ཚལ་རྔ་འགག་གི་ཆུ་མཛོད་ནང་ཡང་བསྐྱར་ཆུ་བསྐྱིལ་ཏེ་གང་བར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་པ་ལྟར་ན། ད་ལོ་རྨ་ཆུའི་སྟོད་རྒྱུད་ལ་ཆར་ཆུ་འབབ་ཚད་མོད་པོའི་ཤུགས་རྐྱེན་འོག ཟླ10ཚེས15ཉིན་གྱི་དུས་ཚོད8དང་སྐར་མ40ཡི་སྟེང་། རྨ་ཆུའི་ཆུ་རགས་དང་པོ་ཚལ་རྔ་འགག་ཆུ་གློག་ས་ཚིགས་དེ་ཡང་བསྐྱར་རྒྱུན་ལྡན་གྱི་ཆུ་གསོག་ཚད་རྨིད2600ལ་བུད་པ་དང་། འདི་ནི་ཆུ་གློག་ས་ཚིགས་དེར1987ལོར་གློག་འདོན་འཕྲུལ་ཆས་ཐོག་མར་གསར་འཛུགས་དང་འཁོར་སྐྱོད་བྱས་རྗེས་རྒྱུན་ལྡན་གྱི་ཆུའི་གནས་ཚད་ཀྱི་ཡན་ལ་སླེབས་ཚད་གསུམ་པ་ཡང་ཡིན།

ད་ལོ་རྨ་ཆུའི་འབབ་རྒྱུད་སྟོད་རྒྱུད་ལ་ཆར་ཆུ་འབབ་ཚད་མོད་པ་དང་ཟླ10ཚེས14ཉིན་བར། ཚལ་རྔ་འགག་ཆུ་མཛོད་ལ་ཆུ་གསོག་ཚད་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར285.38ཡིན་ལ། ལོ་སྔོན་མ་དང་བསྡུར་ན་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར277.88གྱི2.7%ལ་འཕར། ལོ་མང་པོ་ཞིག་ལ་རྒྱ་དཔངས་གྲུ་བཞི་མ171.36ལས66.5%འཕར།

རྒྱུས་ལོན་བྱུང་པ་ལྟར་ན། ཚལ་རྔ་འགག་གི་ཆུ་མཛོད་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་འགོ་ཁུངས་ཆུ་མཛོད་ཡིན་ལ། བྱེད་ནུས་གཙོ་བོ་ནི་གློག་འདོན་པ་དང་དེར་མ་ཟད་ཆུ་ལོག་སྔོན་འགོག ཡུར་འདྲེན་སོགས་ཕྱོགས་བསྡུས་ཕན་ནུས་ལྡན་པས། ལོ་མང་པོའི་རིང་ལ་སྙོམས་སྒྲིག་གི་བྱེད་ནུས་དང་འབབ་རྒྱུད་རྒྱ་ཁྱོན་ཚོད་འཛིན་གྱིས་རྨ་ཆུའི་འབབ་རྒྱུད་ཀྱི་སྤྱིའི་རྒྱ་ཁྱོན་གྱི18%ཟིན། ཆུའི་ཤོང་ཚད་ཚོད་འཛིན་གྱི་རྨ་ཆུ་རྒྱ་མཚོར་འབབ་ཚད་ཀྱི42%ཡིན། རྨ་ཆུ་སྔོན་འགོག་དང་ཆུའི་ཐོན་ཁུངས་བེད་སྤྱོད་ཁྲོད་བྱེ་བྲག་གི་གོ་གནས་གལ་ཆེན་ལྡན་པས། ཆུ་མཛོད་ཀྱིས་ཆུ་གསོག་གནས་ཚུལ་དེ་ཆུ་བོའི་འབབ་རྒྱུད་ཀྱི་ཞིང་ཆེན་སོ་སོའི་ས་ཁུལ་གྱི་ཆུ་མཁོ་འདོན་དང་ཆུ་ལོག་སྔོན་འགོག་གི་ཉེན་ཁ་དང་འབྲེལ་བ་དམ་པོ་ཡོད།

ཞིང་ཆེན་ཆུ་བེད་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཐོན་ཁུངས་རང་བཞིན་གྱི་ཆུ་ཆད་པའི་རྨ་ཆུའི་འབབ་རྒྱུད་དང་ཚལ་རྔ་འགག་གི་ཆུ་མཛོད་ཀྱི་ཆུ་གསོག་ཚད་བཅས་ཀྱིས། རྗེས་ཕྱོགས་ཀྱི་ནུབ་བྱང་རྒྱུད་ཀྱི་གློག་དྲ་མཁོ་འདོན་ཚད་གཞི་ཆེས་ཆེར་བཏང་བ་དང་འབབ་རྒྱུན་སྨད་རྒྱུད་ཀྱི་ཐན་སྐམ་ས་ཁུལ་ལ་ཡུར་ཆུ་འདྲེན་པ། ད་ལོའི་དགུན་ཚིགས་ཀྱི་དཔྱིད་རྨོའི་ཐད་ལ་ཆུ་ཁུངས་གསོག་འཇོག་བྱེད་པར་གྲ་སྒྲིག་འཐུས་ཚང་ལྡན་པས། ས་སེར་ས་ཁུལ་གྱི་དཔལ་འབྱོར་མུར་འཕེལ་འཕེལ་རྒྱས་དང་སྐྱེ་ཁམས་བསྐྱར་གསོའི་ཐད་ལ་བཅོས་སྒྱུར་རང་བཞིན་གྱི་འགན་སྲུང་གལ་ཆེན་ཐོབ་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།